གསར་འཇུག

གཞལ་ཡས་ཁང་སྦྱིན་པ།

༄༅༅། །རྒྱ་གར་སྐད་དུ། སྲ་ད་ཏ་ཏ། བོད་སྐད་དུ། དམ་ཚིག་དང་ལྡན་པ་དེས་ལྷ་མཉེས་པར་བྱེད་དགོས་པས་ལྷ་དང་བླ་མ་ལ་གཞལ་ཡས་ཁང་སྦྱིན་པ་སྟོན། གཞལ་ཡས་ཁང་སྤྱིན་པ།རྗེ་བཙུན་མ་སྒྲོལ་མ་ལ༌ཕྱག་འཚལ་ལོ། །སྟོང་ཉིད་བསྒོམ་པའི་དང་པོ་ཁོ་ནར་འདོད་ལྷ་སྐྱེད་པའོ་རྣལ་འབྱོར་པས། །དོན་དམ་པར་ན་འདི་ལྟར་ཡིན་པ་ལ་དེ་ལྟར་འདྲི་བས། མ་རྟོགས་པས། འཁོར་བའི་དུ་ཁ་གསུང་ཡིག་འབྲུ་ལ་སོགས་པ་ལས་སྙིང་རྗེ་ཆེན་པོས་འགྲོ་བ་མ་ལུས༌པ་ཡུལ་དུ་བྱས་ལ། ཆོ་ག་གསུམ་ལས་ངེས་པ

མུ་མཐུད་ཀློགས།

དམ་ཚིག་སྦས་པ།

༄༅༅། །རྒྱ་གར་སྐད་དུ། ས་མ་གྷ་པ་ཏ། བོད་སྐད་དུ། དབང་བསྐུར་ནས་དམ་ཚིག་སྲུངས༌དགོས་པས་དམ་ཚིག་བསྟན། དམ་ཚིག་སྦས་པ།རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དམ་ཚིག་ཉམས་མདོར་བསྟན་པ༌སྒྲུབ་ཐབས་བཅུ་གསུམ་གྱི་སྒོ་ནས་རྒྱས་པར་བཤད་པ་རང་གི་ཆོས་ཉིད་པས་དམ་ཚིག་ཉམས་པས་དཀྱིལ་འཁོར་དུ། །དབང་བསྐུར་གྱི་དམ་ཚིག་སྲུངས་ན་དངོས་གྲུབ་ཐོབ་པར་མི་འགྱུར། །དེ་བས་ཤེས་རབ་དང་ལྡན་པ་ཡིན་རྣལ་འབྱོར་བློ་ལྡན་པས། །དམ་ཚིག་སྐྱོན་ཡོན་ཤེས་པར་བྱས་པའོ། །རྟག་ཏུ་

མུ་མཐུད་ཀློགས།

དབང་གི་མན་ངག

༄༅། །རྒྱ་གར་སྐད་དུ། ཤེ་ཀ་ཨུ་པ་དྷེ་ཤ །བོད་སྐད་དུ། དབང་གི་མན་ངག །རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པའི་ལམ་འགྱུར་བ། །དབང་གི་རྣམ་པ་གཉིས་ཡིན་ཏེ། །ཆུ་དང་རྡོ་རྗེ་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ཡན་ཆོད༌བུམ་པ་ལ་རྟེན་དབང་དང་ནི། །གསང་བ་ནས་ཤེས་རབ་ཡེ་ཤེས་སྣང་བ་ཡན་ཆད་དེ་བཞིན་ཤེས་རབ་མ་བསྟེན་པའོ། །རྒྱས་པར་བཤད་པས་བུམ་པའི་དབང་ལ་ཆུ་ནས་ཕྱིར་མི་ལྡོག་པའི་བར་རོ་རྣམ་པ་གཉིས། །སྒྲུབ་པའི་དབང་དང་སློབ་དཔོན་གྱི་ལྷའི་དེ་ཉི

མུ་མཐུད་ཀློགས།

སྔགས་ཀྱི་དོན་འཇུག་པ།

༄༅༅། རྒྱལ་པོ་ཟ་ཞེས་བྱ་བ་ཞིག་གསང་སྔགས་ཀྱི་ཐེག་པ་བཀའ་མ་ཡིན་ཟེར་བས། དེའི་ལོག་རྟོགས་དགག་པའི་ཆེད་དུ་མཛད་པའོ། །ཏི་པཾ་ཀ་རའི་སྔགས་ལུགས་བཅུ་གསུམ་བཞུགས་པ་ལགས༌སྷོ། །༄༅༅། །གླིང་གསུམ་དུ་ས་ཁྱད་པར་དུ་གྱུར་པ་འཛམ་བུ་གླིང་། འགྲོ་བ་རིགས་དྲུག་ལས་ཁྱད་པར་དུ་གྱུར་པ་དལ་འབྱོར་དང་ལྡན་པ། སྒྲུབ་པ་ཁྱད་པར་དུ་གྱུར་པ་མུ་སྟེགས་པ་མ་ཡིན་པ། བུདྡྷའི་ཐེག་པ་ལ་ཞུགས་པ། བུདྡྷའི་ཐེག་པ་ལས་ཉན་ཐོས་དང་རང་སངས་རྒྱས་ལས་ཁྱད་པར་དུ་གྱུར་པ་འཕགས་པའི་ཐ

མུ་མཐུད་ཀློགས།

གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་བསྒྲུབ་ཐབས་ཞེས་བྱ་བ།

༄༅༅། །རྒྱ་གར་སྐད་དུ། དམ་པའི་དྷརྨ་ཁུངས་བཙུན་པ་དང་སྐད་གཉིས་པ་དྲིན་ཆེ་བ་སྒྲ་དོན་དུ་ཅུང་ཟད་རིག་པའོ། །མ་ཧཱ་ཡཀྴ་སེ་ན་པ་ཏི། ནི་ལཾ་བ་ར་དྷ་ར་བཛྲ་པ་ཎི་ས་དྷ་ན་ན་མ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་བསྒྲུབ་ཐབས་ཞེས་བྱ་བ། དཀོན་མཆོག་གསུམ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་མོ། །ལ་ཕྱག་འཚལ་ལོ། །ཀླད་ཀྱི་དོན་ལ་གཉིས་ལས། དང་པོ་མཆོད་པར་བརྗོད་པ་ནས་སྐུ་འགྱིང་བག་དང་བཅས་པའི་ཟླ་བའི་གདན་

མུ་མཐུད་ཀློགས།

འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས།༄། ཇོ་བོའི་གཞུང།

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཥ་ཊཱ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས།འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་གདོང་བཀྲུས་ནས་སྟན་བདེ་བ་ལ་འདུག་སྟེ། སངས་རྒྱས་ལ་སོགས་པར་བསམས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །བདག་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཞེས་མོས་པར་བྱས་ནས། སེམས་ཅན་ཇི་སྙེད་སེམས་ཅན་དུ་བསྡུ་བས་ཡང་དང་དག་བར་ཡང་དག་པར་བསྡུས་པ་སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱ

མུ་མཐུད་ཀློགས།

རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས།༄། མཁའ་སྤྱོད་མ་དཀར་མོ་བཞུགས་སྷོ།

༄༅༅། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནི་ས་ད་ན་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས།རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ངལ་བ་དོན་མེད་བདག་ལ་ལུས་ངག་ཡིད་གསུམ་ལ་བྱ་བའི་གནོད་པ་རྣམས་སྤང་ཏེ། །སེམས་བསྐྱེད་སྔོན་དུ་སོང་བས་མདུན་གྱི་ནམ་མཁའ་དབྱིངས་དག་ནས་ཧྲིཿཡིག་འཕྲོ་འདུ་ལས། །མཁའ་སྤྱོད་མ་གར་གྱི་ཉམས་དགུ་དང་ལྡན་པ་གཡས་རྡོ་རྗེ་གྲི་གུག་གཡོན་ཐོད་པ་བསྣམས། །ཟླ་བའི་མདོག་འདྲ་བ་ལང་ཚོ་དར་ལ་བབ་འོད་ཟེར་སྣ་ཚོགས་འཕྲོ་བ་ལ་དམི

མུ་མཐུད་ཀློགས།

གཏོར་མ་ཚོགས་མཆོད་ཀྱི་དབུ་ལགས་སོ།

༄༅༅། །བཅོམ་ལྡན་འདས་བདེ་མཆོག་ལ་ཕྱག་འཚལ་ལོ། །ཕྱི་རོལ་གྱི་མཆོད་པ་ལ། ཆང་བྱིན་གྱིས་བརླབ་པ་དང་། ཆང་གིས་མཆོད་པ་དང་། ལག་པ་བྱིན་གྱིས་བརླབ་པ་དང་། ལག་པ་མཆོད་པ་དང་། མཎྜལ་བྱིན་གྱིས་བརླབ་པ་དང་། མཎྜལ་གྱིས་མཆོད་པ་དང་། དཀྱིལ་འཁོར་བྱིན་གྱིས་བརླབ་པ་དང་། དཀྱིལ་འཁོར་གྱིས་མཆོད་པ་དང་། གཏོར་མ་བྱིན་གྱིས་བརླབ་པ་དང་། གཏོར་མས་མཆོད་པ་དང་། ཚོགས་བྱིན་གྱིས་བརླབ་པ་དང་། ཚོགས་ཀྱིས་མཆོད་པའོ། །དེ་ལ་དང་པོ་ཆང་བྱིན་གྱིས་བརླབ་པ་ནི། ཐོད་པ

མུ་མཐུད་ཀློགས།

ཀླུ་གཏོར་གྱི་ཆོ་ག

༄༅༅། །རྒྱ་གར་སྐད་དུ། ནཱ་ག་བ་ལིཾ་བི་བྷིཿ། བོད་སྐད་དུ། ཀླུ་གཏོར་གྱི་ཆོ་ག །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རང་ཉིད་ལྷ་ཡི་ང་རྒྱལ་གྱིས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །ཡང་དང་ཡང་དུ་བསྒོམས༌བྱས་ལ། །མདུན་དུ་པཾ་ལས་པདྨ་ནི། །ཁ་དོག་དམར་པོ་འདབ་བརྒྱད་སྟེང་། །ཕུཿབརྒྱད་ལས་ནི་ཀླུ་བརྒྱད་བསྐྱེད། །དེ་ནས་སྙིང་གའི་འོད་ཟེར་དང་། །ཨོཾ་ཕེ་ཕུ་ཞེས་པས་ཀླུ་ཆེན་བརྒྱད། །འཁོར་དང་བཅས་པ་བཀུག་ལ་བསྟིམ། །དཀར་གསུམ་མངར་གསུམ་བདུད

མུ་མཐུད་ཀློགས།

ཆུ་གཏོར་གྱི་ཆོ་ག

༄༅༅། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཆུ་གཏོར་གྱི་ཡོ་བྱད་རྣམས་མདུན་དུ་སྟ་གོན་བྱས་ལ་རང་དང་པོར་སྒྲུབ་ཐབས་བཞིན་ལྷའི་རྣལ་འབྱོར་དུ་བྱས་ལ། ལུས་དང་ངག་དང་ཡིད་གསུམ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་དོ། །རང་མ་གཏོགས་པའི་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་བསམས་ཏེ། དེ་ནས་སྟོང་པ་ཉིད་ཀྱི་ངང་ལས་མདུན་དུ་སྣོད་དུ་ཡོད༌ཀྱི་ཐད་ཀར་པཾ་ལྗང་གུ་རེ་བསམས་ལ། དེ་དག་ཡོངས་སུ་གྱུར་

མུ་མཐུད་ཀློགས།