༄༅། །(ཡང་) ནག་པོ་ཆེན་པོའི་སྒྲུབ་ཐབས།
༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། ནག་པོ་ཆེན་པོའི་སྒྲུབ༌[1]ཐབས། ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ནི་མྠི་ཤི་ལ་ནག་པོ་བྱ་སྟེ་གྲི་གུག་དང་ཐོད་པ་བསྣམས་པ༌[2]སྐྲ་གྱེན་དུ་ལངས་པ། ཐོད་པའི་ཅོད་པན་ཅན། སྦྲུལ་གྱིས་བརྒྱན་པ། སྤྱན་དམར་བ། མཆེ་བ་གཙིགས་པའི་ཞལ། སྟག་གི་པགས་པའི་ཤམ་ཐབས་ཅན་མི་མགོའི་ཕྲེང་བའི་དོ་ཤལ་དང་ལྡན་པ། ཡི་དྭགས་ཀྱི་གདན་ལ་བཞེངས་པར་གནས། མུན་པ་མི་བཟད་པར་རང་བཞིན་དུ་བསྒོམས་ལ་ནག་པོའི་ཚེས་ནས་སྒྲུབ་པ་བཅས༌[3]ཏེ།
དེའི་ཞལ་ལྷོར་བསྟན་ལ་གཞག །ཁ་ཤར་དུ་བསྟན་ལ་གཞག །ཁ་ཤར༌[4]སྔགས་སྟོང་ཕྲག་བཅུ་བཟླས་པར་བྱའོ། །དམ་ཚིག་གི་རྫས་ཀྱི༌[5]གཏོར་མ་ཕུལ་ལ། གུ་གུལ་གྱི༌[6]བདུག་སྤོས་དབུལ་བར་བྱའོ། །མེ་ཏོག་སྣ་ཚོགས་པ་གཏོར་ནས། ཨོཾ་ཨཱ་སི་མུ་ས་ལ་ཏྲི་ཤཱུ༌[7]ལ། ཨེ་ཧྱ་ཧི་མ་ཧཱ་ཀཱ་ལ་སརྦ་ཤ་ཏྲཱུཾ་ནིརྒ་ཏ་ཡ་ནིརྒ་ཏ༌[8]ཡ། ཛྭ་ར་ཎ། གྲྀཧྞཱ་པ་ཡ་གྲྀཧྞ་པ་ཡ་ཧཱུཾ་ཕཊ། བཟའ་བ་སྤངས་ལ་བཟླས་པ་བྱའོ། །ཚངས་པར་བྱས་ལ་མངོན་དུ་ཕྱོགས་པས་སྔགས་བཟླས་པར་བྱའོ། །སྔར་བཞིན་གཏོར་མ་དབུལ་ལོ། །ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ཎ་སྭཱ་ཧཱ་ཞེས་བྱ་བ་འབུམ་ཕྲག་གཅིག་བཟླས་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་ཎ་ཨེ་ཏ་ཏ༌[9]པྲེ་ཥ་ཡཱ་མི་ཀ་ར་ཥེ་ཐཱ་སྭཱ་ཧཱ་ཞེས་འབུམ་ཕྲག་གསུམ་བཟླས་པར་བྱའོ། །ཨོཾ་མ་ཧཱ་ཀཱ་ལ་ཧི་ཧ༌[10]ན་ཧ་ན་རཀྵ་རཀྵ་བྷ་གྲྀཧྞ་ཀརྱཾ་ཀུ་རུ་ཛ་ཛ་ཞེས་བྱ་བ་གཏོར་མའི་སྔགས་སོ། །[11]རྣལ་འབྱོར་མ་དང་སྒྲུབ་པ་བྱས་ལ་ནག་པོ་ཆེན་པོ་བསྒྲུབ༌[12]པར་བྱའོ། །ནག་པོ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། །།
བསྡུར་མཆན།
[1]སྒྲུབ་ ༼པེ།༽ སྒྲུབས།
[2]བསྣམས་ ༼པེ༽ རྣམས།
[3]སྒྲུབ་པ་བཅས་ ༼པེ།༽ བསྒྲུབ་པ་བརྩམས། ༼སྣར།༽ སྒྲུབ་པ་བརྩམས།
[4]ལ་གཞག །ཁ་ཤར། ༼པེ། སྣར།༽ ལ་
[5] རྫས་ཀྱི། ༼པེ། སྣར།༽ རྫས་ཀྱིས།
[6] གུ་གུལ་གྱི། ༼པེ། སྣར།༽ གུ་གུལ་ཀྱིས།
[7] ཏྲི་ཤཱུ་ལ། ༼པེ། སྣར།༽ སཱ་མུ་ས་ཤ་ལ་ཏྲི་ཤུ།
[8]ཏྲཱུཾ་ནིརྒ་ཏ་ཡ་ནིརྒ་ཏ་ ༼པེ། སྣར།༽ཏྲུཾ་ནརྒྷ་ད་ཡ་ནརྒྷ་ད།
[9] ཏ་ཏ། ༼པེ། སྣར།༽ དད།
[10] ཧི་ཧ། ༼པེ། སྣར།༽ ཧ།
[11]སོ། ། ༼པེ། སྣར།༽ རྡོ་རྗེ།
[12] བསྒྲུབ། ༼པེ། སྣར།༽ སྒྲུབ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།