༄༅། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆར་འབེབས་ཤིན་ཏུ་ཟ་བའི་ལུགས་རྒྱ་ནག་ཆུ་འཁོར་བཞུགས་སོ།།[1]
༄༅། །བཛྲ་པཱ་ཎི་ལ་ན་མོ། ཀླུ་སྒྲུབ་ཀྱིས་མཛད་པའི་རྒྱ་ནག་ཆུ་འཁོར་ལོ་འདི་ལ་མུ་ཁྱུད་རིམ་པ་བཅུ་གཉིས་བསྐོར་བའི་དབུས་སུ་ལྟེ་བ་ཟླུམ་པོ་སོར་གང་ཙམ་སྲོག་ཤིང་གཟེར་བ། དེའི་ཕྱི་རིམ་མུ་ཁྱུད་སོར་ཕྱེད་ཙམ་དུ་མེ་རིས། དེའི་ཕྱི་རིམ་མུ་ཁྱུད་ལ་ཡིག་མགོ་ཕྱིར་བསྟན་ཏེ། ༈ ཨོཾ་མུ་ནི་མུ་ནི་མཧཱ་མུ་ནི་སྭཱཧཱ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ནི་ཡེ་ཏ་ཐཱ་ག་ཏ་ཡ། ཏདྱ་ཐཱ། ཨོཾ་པུ་ཙེ་པུ་ཙེ། ས་མ་ཡ་པུ་ཙེ་ད་ཧ་པུ་ཙེ་བྲ་བྷ་ར་པུ་ཙེ་པུ་རུ་དུ་རུ་སྭཱཧཱ།
ནཱ་ག་ས་པཉྩ་དི་ནི་སྭཱཧཱ། ཨོཾ་མཎི་པདྨེ་ཧཱུཾ། ཨོཾ་པཱ་གི་ཤཱ་རི་མུཾ། ཨོཾ་བཛྲ་པཱ་ཎི་ཧཱུཾ། སོག་མ་མེད་ལ་སོགས་པ་ཀླུའི་རྒྱལ་པོས་ཆར་ཕོབ་ཅིག །བྲིས། དེའི་ཕྱི་རིམ་མུ་ཁྱུད་ལ་ཙཀྲ་རྩིབས་བརྒྱད་ལ་ཕུ་རེ་རེ་བྲིས། དེའི་ཕྱི་རིམ་མུ་ཁྱུད་ལ་རྩིབས་བརྒྱད་ཀྱི་ནང་དུ་ཁྲོཾ་རེ་རེ་བྲིས། དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་བཛྲ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ཧ་རི་ཎི་ས་ར་ཙ་ཧྲི་ཡ་ཙིཏྟ་ཧྲིཾ་ཧྲིཾ་ཛ། ཨོཾ་ཨོཾ་ཧཱུཾ་ཧཱུཾ་ཏྲཱཾ་ཏྲཱཾ་ཧྲཱི་ཧྲཱིཿ ཨ་ཨ་ཕཊ་ཕཊ་སྭཱཧཱ། ཨོཾ་ཨུ་ཙ་ཙཱཏྱ་ཡཀྵ་སེ་ན་ཨོཾ་ཀུ་ཤ་ཛཿཛཿ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྱ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ་ཧཱུཾ་བཛྲ་ཕཊ། ཀླུའི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཆར་ཆེན་པོ་ད་ལྟ་ཉིད་དུ་ཕབ་ཅིག །བྲིས།
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཀླུ་ཆེན་པོ་བརྒྱད་ཀྱིས་ཆར་ཆེན་པོ་ད་ལྟ་ཉིད་དུ་ཕོབ་ཅིག །གཉན་ཆེན་པོ་བརྒྱད་ཀྱིས་ཆར་x གཟའ་ཆེན་པོ་བརྒྱད་x ཅིག །ཨོཾ་བཛྲ་ཀྲོདྷ་ནཱི་ལཾ་བྷ་ར་དྷ་ར་བཛྲ་པ་ཡ་ཏི་སྭཱཧཱ། ཡཀྵ་བཛྲ་པཱ་ཎི་ཧྲི་དྷ་ཡ་ཕཊ་སྭཱཧཱ་ས་མ་ཡ་བྲིས།
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ཨཱཿཧཱུཾ། དཀོན་མཆོག་གསུམ་གྱི་བཀའ་དང་དམ་ལས་མ་འདའ་བ་ཀླུའི་རྒྱལ་པོ་རྣམས་ཀྱིས་ཆར་ཆེན་པོ་ད་ལྟ་ཉིད་དུ་ཕོབ་ཅིག།།ཨོཾ་ཤྲཱི་མཧཱ་ཀཱ་ལ་ཡེ་ཧཱུཾ་ཕཊ་སྭཱཧཱ། དཔལ་ནག་པོ་ཆེན་པོའི་བཀའ་དང་དམ་ལས་མ་འདའ་བར་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་རྣམས་ཀྱིས་ཆར་ཆེན་པོ་ད་ལྟ་ཉིད་དུ་ཕོབ་ཅིག །ཤིང་རྟའི་འཕང་ལོ་ཙམ་ཕོབ་ཅིག །ཞེས་བྲིས།
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཕུད་ཀྱ་ཕུད་ཀྱ་བིདྱ་ཡེ། དཏྱ་ཐཱ། ཨོཾ་ཕུད་ཀྱ་ཕུད་ཀྱ་ཧཱུཾ་ཕཊ་སྭཱཧཱ། ན་མོ་བྷ་ག་ཝ་ཏེ་ཕུད་ཀྱ་ཕུད་ཀྱ་བིདྱ་ཡེ། ཏདྱ་ཐཱ། ཨོཾ་ཨོད་ཁཾ། ཨོཾ་ཨོད་ཁཾ། དེ་ཁྱུང་དཀར་དེ་ཁྱུང་དཀར་ཤ་མ་ར་དབྱིབས་འདུས། ཨོཾ་བཛྲ་མཧཱ་ཀྲོདྷ་ཧཱུཾ་ཕཊ་སྭཱཧཱ། ནཱ་ག་རཱ་ཛཱ་ས་མཱ་ཡ་ནན། སྲོག་ལ་ཐུན་ཐུན་ཕྲིལ་ཕྲིལ་ཤར་ཤར་ཕོབ། ནཱ་ག་བི་སྭཱཧཱ། ར་དུ་ཛཿཛཿ ཏྲི་དུ་ཛཿཛཿ དུ་ཛཿར་དུ་ཤོག །དྲི་དུ་ཤོག་ཤོག །དུ་ཤོག །ར་དུ་ནན་སྭཱཧཱ། ན་གཱ་རཱ་ཛཱ་ས་མཱ་ཡ་ནན། སྲོག་ལ་ཐུན་ཐུན་ནན། རུ་དུ་ནན། ཏྲི་དུ་ནན། དུ་ནན། ནཱ་ག་རཱ་ཛ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་ཕོབ་ཕོབ་ནཱ་ག་རཱ་ཛ་ཨ་ཡ་ན་མ་ར་དུ་ཡ་ནཱ་ག་རཱ་ཛ། ར་དུ་ཛཿ ཏྲི་དུ་ཛཿ དུ་ཛཿ བྷ་རི་ཤ་མ་ཕྲོཾ་བྷ་རི་ཤ་ཡ་ཕྲོཾ་བྷ་རི་ཤ་ཡ་ནཱ་ག་ཏྲི་དུ་ནན། ནཱ་ག་སྲོག་དུ་ནན་ནཱ་ག་ཏྲི་ལི་དུ་ཡ་ཕྲོཾ་ཕྲོཾ་སྭཱཧཱ། ན་ག་རཱ་ཛ་ཏྲི་པ་ལ་ཛཿཧཱུཾ་བཾ་ཧོཿ ཨོཾ་ཕུ་ཏ་ཕུ་ཏ་མཧཱ་ཀྲོདྷ་སིངྷ་སིངྷ་ཕོ་ཊ་ཡ་ཧཱུཾ་ཕཊ་སྭཱཧཱ། བྷ་རི་ཤ་ཡ་ནཱ་ག་རཱ་ཛ་ས་མ་ཡ། བྷ་རི་ཤ་ཡ་ནཱ་ག་རཱ་ཛ་པྲ་མ་ནི་སྭཱཧཱ། ཨོཾ་ཕུཿནཱ་ག་ཤག་ཤག་ཕོབ། ཨོཾ་ཕེ་ནཱ་ག་ཤུ་ཤུ་ཕོབ། ཨོཾ་ཕོ་ནཱ་ག་ཧྲིཾ་ཧྲིཾ་ཕོབ། བྷ་རི་ཤ་ཡ་དྷ་ར་ནི་སྭཱཧཱ། ནཱ་ག་རཱ་ཛ་ཏྲི་པ་ལ་ཛཿཧཱུཾཿབཾ་ཧོཿ སོགས་གོང་མ་འདྲ། བྷ་རི་ཤ་ཡ་དྷ་ར་ནི་སྭཱཧཱ། ཀླུ་རིགས་རྣམ་པ་ལྔ་ལས་ཡུལ་ཕྱོགས་འདིར་ཆར་ཆེན་པོ་མྱུར་དུ་ཕོབ། དྲག་ཏུ་ཕོབ། ད་ལྟ་ཉིད་དུ་ཕོབ་ཅིག །
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ནཱ་ག་རཱ་ཛ་ས་མ་ཡ་ཛཿཛཿ ཕྲོཾ་ཕྲོཾ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་པྲ་ཏ་ཡ་པྲ་ཏ་ཡ་ནཱ་ག་རཱ་ཛ་ཕྲོཾ་ཕྲོཾ་ཕོབ་ཕོབ་ཏྲི་ཙ་ཕོབ་ཕོབ་ཏྲི་ཙ་རྦད་རྦད། ནཱ་ག་རཱ་ཛ་ཏྲི་ཙ་རྦུད་རྦུད་ནཱ་ག་རཱ་ཛ་ཏྲི་ཙ་བསྐུལ་ལ། ནཱ་ག་ཤར་ཤར་བེམ་བེམ་སུ་སུ་རྦད་རྦད་ཤར་ཤར་སིབ་སིབ་ཛཿཛཿཕྲོཾ་ཕྲོཾ་ཕོབ་ཕོབ་ཆར་པ་ཆུར་ཕོབ། མ་མ་རཀྵ་ཕོབ་རཀྵ་ཕོབ་ཨ་ཀ་ནི་ཕོབ། སིབ་སིབ་ཕོབ་ཕོབ་ཕྲོཾ་ཕྲོཾ་ཤར་ཤར་སུར་ཤག་ཤག་ཏྲི་ནག་ནག་མྱགས་མྱགས་ཤར་ཤར་སིབ་སིབ་རིལ་རིལ་སིལ་སིལ་བྷྱོ་ཡ་མ་མ་རུ་ལུ་ཕྲོཾ་ཕྲོཾ་ཤར་ཤར་སིབ་སིབ་བྷ་རི་ཤ་ཡ་ཕོབ་ཕོབ་ཆུར་པ་ཆུར་ཕོབ། ཨོཾ་ནཱ་ག་ཤུ་ནཱ་ག་དུ་དྲག་སོར་ཕོབ། གྲོལ་ཐུན་གྲོལ་ཐུན་ཆར་པ་ཕོབ། པྲ་ཏ་ཡ་པྲ་ཏ་ཡ། ཨ་བེ་ཤ་ཡ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་ཨུ་བི་ཤ་ཡ་ནཱ་ག་རཱ་ཛ་ཆར་མྱུར་དུ་ཕོབ། ཀླུ་མཐའ་ཡས་པ་དང་། འཇོག་པོ་དང་། སྟོབས་རྒྱུ་དང་། རིགས་ལྡན་དང་། ནོར་རྒྱས་དང་། དུང་སྐྱོང་དང་། པདྨ་དང་། ཆུ་ལྷ་སྟེ་ཀླུ་ཆེན་བརྒྱད་ཀྱིས་ཡུལ་ཕྱོགས་འདིར་ཆར་ཆེན་པོ་ཕོབ་ཅིག །དྲག་ཏུ་ཕོབ་ཅིག །ད་ལྟ་ཉིད་དུ་ཕོབ་ཅིག །ཤིང་རྟའི་འཕང་ལོ་ཙམ་དུ་ཕོབ་ཅིག །སིབ་བི་སིབ་བི་ཆིལ་ལི་ཆིལ་ལི་ཕོབ་ཅིག །
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་བྷ་ཡུ་བྷེ་རཾ་བྷ་ཡུ་རཾ་སྟམ་བྷ་ཡ་ལཾ་ནན། ཨོཾ་ཨསྟཾ་ཨི་སྟཾ་བྷ་ཡུ་སྟཾ་བྷ་ཡ་ནན། ཨོཾ་ཏི་ཏི་རིལ་ནན། ཆར་ཡ་ཆུར་ཡ་བྷ་ཡུ་སྟཾ་བྷ་ཡ་ནན། ཆལ་ལེ་ཆིལ་ལེ་ནན། འ་ཏེ་ཏུ་རེ་ནན་ཤག་ལེ་ཤིག་ལེ་ནན། གཙང་རིགས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔས་ཆར་ཆེན་པོ་ཕོབ། ཡུལ་ཕྱོགས་འདི་ཉིད་ཀྱི་ལྷ་ཀླུ་བཙན་བདུད་གཞི་བདག་རྣམས་ཀྱིས་ཆར་ཕོབ། སྤྲིན་བསྡུས་ས་གཞི་ལ་དྲོ་ཕོབ། ལོ་འབྲས་ལེགས་པའི་འཕྲིན་ལས་མཛོད།
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨཱ་ཨཱཿ སོགས་བྲིས། ཀ་ཁ་ག་གྷ་ང་སོགས། ཡེ་དྷརྨ་བྲིས། ༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཕྱོགས་བཞིར་ཁྱུང་གཤོག་པ་ཅན་བརྐྱངས་ཤིང་སྦྲུལ་ཐ་བ་བཞི་དང་། མཚམས་བཞིར་རྡོ་རྗེ་ཕྱེད་པ་བཞི་བཞི་འབྲིའོ། །སྟེང་འཁོར་འདིའི་ཡིག་མགོ་ཐམས་ཅད་ཕྱིར་བསྟན་ཡོད་དོ།།
༈ གཅིག་ཤོས་ཀྱི་ཡིག་མགོ་ཐམས་ཅད་ནང་དུའོ། །འོག་འཁོར་འདི་ལ་མུ་ཁྱུད་རིམ་པ་བཅུ་གཉིས་སུ་བསྐོར་བའི་དབུས་ཀྱི་ལྟེ་བ་ཟླུམ་པོ་སོར་གང་ཙམ། དེའི་ཕྱི་རིམ་མུ་ཁྱུད་སོར་ཕྱེད་ལ་ཆུ་རིས། དེའི་ཕྱི་རིམ་མུ་ཁྱུད་རྩིབས་བརྒྱད་ནང་དུ་བུ་ཡིག་བྲིས། དེའི་ཕྱི་རིམ་མུ་ཁྱུད་ལ་རྩིབས་བརྒྱད་དུ་ཁྲོཾ་རེ་རེ་བྲིས། ༈ དེའི་ཕྱི་རིམ་མུ་ཁྱུད་ལ་ཡིག་མགོ་ནང་དུ་བསྟན་ཏེ། ཨོཾ་བཛྲ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། དཔལ་ཕྱག་ན་རྡོ་རྗེས་ཀླུའི་རྒྱལ་པོ་རྣམས་ཀྱི་སྙིང་ལ་གཟིར་གཟིར་སྲོག་ཐུན་ཐུན་ཕྲིལ་ཕྲིལ་ད་ལྟ་ཉིད་དུ་ཆར་ཆེན་པོ་ཕོབ་ཅིག །ར་དུ་ཛཿཛཿཏྲི་ཏུ་ཛཿཛཿདུ་ཛཿཛཿ ར་དུ་ཤོག་ཤོག །དྲི་དུ་ཤོག་ཤོག །ར་དུ་ནན་སྭཱཧཱ། ནཱ་ག་རཱ་ཛ་སཾ་ཡ་ནན་སྲོག་ལ་ཐུན་ཐུན་ནན། ར་དུ་ནན། དྲི་དུ་ནན། དུ་ནན། ནཱ་ག་རཱ་ཛ་བྷ་རི་ཤ་ཡ་བྷ་རི་ཤ་ཡ་ཕོབ། ནཱ་ག་རཱ་ཛ་ཨེ་ཡེ་ན་མ་ར་དུ་ཡ། ནཱ་ག་རཱ་ཛ། ར་དུ་ཛཿཏྲི་དུ་ཛཿ དུ་ཛཿ བྷ་རི་ཤ་ཡ་ཕྲོཾ་ཕྲོཾ། བྷ་རི་ཤ་ཡ་ནཱ་ག་ཏྲི་དུ་ནན། ནཱ་ག་སྲོག་ཏུ་ནན། ནཱ་ག་ཏྲི་ལིང་དུ་ཡ་ཕྲོཾ་ཕྲོཾ་སྭཱཧཱ། དཔལ་ཕྱག་ན་རྡོ་རྗེའི་བཀའ་དང་དམ་ལས་མ་འདའ་བར་ཆར་དྲག་ཏུ་ཕོབ། མྱུར་དུ་ཕོབ། ད་ལྟ་ཉིད་དུ་ཕོབ་ཅིག །
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ནཱ་ག་ར་ཛ་ཏྲི་པ་ལ་ཛཿཧཱུཾ་བཾ་ཧོཿ ཨོཾ་ཕུ་ཏ་ཕུ་ཏ་མཧཱ་ཀྲོདྷ་ཧཱུཾ་སིངྷ་སིངྷ་སྤོ་ཊ་ཡ་ཧཱུཾ་ཕཊ་སྭཱཧཱ། བྷ་རི་ཤ་ཡ། ནཱ་ག་རཱ་ཛ་ས་མ་ཡ་བྷ་རི་ཤ་ཡ་ནཱི་ག་པྲ་མ་ནི་སྭཱཧཱ། ཨོཾ་ཕུ་ནཱ་ག་ཤག་ཤག་ཕོབ། ཨོཾ་ཕེ་ནཱ་ག་ཤུ་ཤུ་ཕོབ། ཨོཾ་ཕོ་ནཱ་ག་ཧྲིཾ་ཧྲིཾ་ཕོབ། བྷ་རི་ཤ་ཡ་དྷ་ར་ནི་སྭཱཧཱ། ཆར་ཆེན་པོ་ཕོབ། ད་ལྟ་ཉིད་དུ་ཕབ། དྲག་ཏུ་ཕོབ།
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུཾ་ཕཊ་སྭཱཧཱ། དཔལ་ནག་པོ་ཆེན་པོས་ཀླུའི་རྒྱལ་པོ་རྣམས་ཀྱི་སྙིང་ལ་གཟིར་གཟིར་སྲོག་ལ་ཐུན་ཐུན་ཕྲོཾ་ཕྲོཾ་དེ་བས་ད་ལྟ་ཉིད་དུ་ཆར་ཆེན་པོ་ཆུར་ཕོབ་ཕོབ། ཕྲོཾ་ཕྲོཾ་ཤར་ཤར་སིབ་སིབ་ཕོབ། མྱུར་དུ་ཕོབ། དཔལ་ནག་པོ་ཆེན་པོའི་བཀའ་དང་དམ་ལས་མ་འདའ་བར་ཆར་ཆེན་པོ་ད་ལྟ་ཉིད་དུ་ཕོབ་ཅིག །ཨོཾ་བཛྲ་ཙཎྜ་སོགས་ནས་གོང་འདྲ། དཔལ་ཕྱག་ན་རྡོ་རྗེ་དང་ཁྱུང་ག་རུ་ཊའི་བཀའ་དང་དམ་ལས་མ་འདའ་བར་ཆར་ཆེན་པོ་ཕོབ་ཅིག །
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ན་མོ་བྷ་ཝ་ག་ཏེ་ཕུད་ཀྱ་ཕུད་བིཏྱ་ཡེ། ཏདྱ་ཐཱ། ཨོཾ་ཕུད་ཀྱ་ཕུད་ཀྱ་ཧཱུཾ་ཕཊ་སྭཱཧཱ། ན་མོ་བྷ་ག་ཝ་ཏེ་ཕུད་ཀྱང་ཕུད་ཀྱ་བིཏྱ་ཡེ། ཏདྱ་ཐཱ། ཨོཾ་ཨོད་ཁཾ་ཨོཾ་ཨོད་ཁཾ་དེ་ཁྱུང་དཀར་དེ་ཁྱུང་དཀར་དེ་ལྟར་དཀར་ཤ་མ་ར་དབྱིབས་འདུས། ཨོཾ་བཛྲ་མཧཱ་ཀྲོདྷ་ཧཱུཾ་ཕཊ་སྭཱཧཱ། ནཱ་ག་རཱ་ཛ་ས་མ་ཡ་ནན་ནན་སྙིང་ལ་གཟིར་གཟིར་སྲོག་ལ་ཐུན་ཐུན་ཕྲིལ་ཕྲིལ་ཤར་ཤར་ཕོབ་ཕོབ། ནཱ་ག་ནི་སྭཱཧཱ་ཆར་མྱུར་དུ་ཕོབ་ཅིག །རྒྱལ་བ་སྲས་དང་བཅས་ཀྱི་བཀའ་དང་དམ་ལས་མ་འདའ་བར་ཆར་ཆེན་པོ་ཕོབ་ཅིག །
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་ནཱ་ག་རཱ་ཛ་ཆར་པ་མྱུར་དུ་ཕོབ་ཅིག །ད་ལྟ་ཉིད་དུ་ཆར་ཆེན་པོ་མ་བབས་ན་དཔལ་ཕྱག་ན་རྡོ་རྗེའི་འཇིགས་པ་འོང་ངོ་། །དཔལ་ནག་པོ་ཆེན་པོའི་འཇིགས་པ་x ཡེ་ཤེས་ཀྱི་ཁྲོ་བོ་བཅུའི་འཇིགས་x ཁྱུང་ག་རུ་ཌའི་འཇིགས་x ཕག་གི་འཇིགས་x མེ་ཚན་གྱི་འཇིགས་x ཆུ་ཚན་འཇིགས་x བྱེ་ཚན་གྱི་འཇིགས་x ཐུན་གྱི་འཇིགས་པ་འོང་ངོ་། །ཕྱི་མར་རྡོ་རྗེའི་དམྱལ་བར་སྐྱེ་བར་འགྱུར་རོ། །དེ་བས་རྒྱལ་བའི་བཀའ་དང་དམ་ལས་མི་འགལ་བར་ད་ལྟ་ཉིད་དུ་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག །
༈ ཨོཾ་བཛྲ་ཀྲོདྷ་བྷི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོདྷ་ནི་ལ་དཎྜ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་x ཀྲོདྷ་ཨརྱ་ཨ་ཙ་ལ་x ཀྲོདྷ་ཧྱ་གྷྲི་བ་x དྷ་ཨ་པ་ཙ་ཙིཏྟ་x ཨ་མྲྀ་ཏ་ཀུཎྜ་ལི་x ཏྲཻ་ལོ་ཀྱ་བི་ཛ་ཡེ་x ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀ་ར་ཧཱུཾ་ཕཊ། དེ་རྣམས་བཅུག་རྗེས། ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་དང་དམ་པའི་ཆོས་འཕགས་པའི་དགེ་འདུན་ཡེ་ཤེས་ཀྱི་ཁྲོ་བོ་བཅུའི་བཀའ་དང་དམ་ལས་མི་འདའ་བར་ཆར་ཆེན་པོ་ད་ལྟ་ཉིད་དུ་ཕོབ་ཅིག །མྱུར་དུ་ཕོབ་ཅིག །དྲག་ཏུ་ཕོབ་ཅིག །ཡུན་དུ་ཕོབ་ཅིག །
༈ དེའི་ཕྱི་རིམ་མུ་ཁྱུད་ལ། ཨོཾ་བྷ་ཡུ་བྷེ་རཾ་བྷ་ཡུ་སྟཾ་བྷ་ཡ་ལཾ་ནན། ཨོཾ་ཨ་སྟཾ་ལི་སྟཾ་བྷ་ཡུ་སྟཾ་བྷ་ཡ་ནན། ཨོཾ་ཏི་ཏི་ཏི་ལ་ནན་ཆར་ཡ་ཆུར་ཡ་བྷ་ཡུ་སྟཾ་བྷ་ཡ་ནན། ཆལ་ལེ་ཆིལ་ལེ་ནན་འ་རེ་འུ་རེ་ནན་ཤག་སེ་ཤིག་སེ་ནན། ཨོཾ་བྷ་ཡུ་བྷེ་རཾ་ ནས་ ཤིག་སེ་ནན། ཡེ་དྷརྨཱཿགཉིས་བྲིས་ལ་ཆར་ཆེན་པོ་མྱུར་དུ་ཕོབ་ཅིག །
༈ དེའི་ཕྱི་རིམ་མུ་ཁྱུད་ཀྱི་ཕྱོགས་བཞིར་རྡོ་རྗེ་ཕྱེད་པ་རྭ་ཟླུམ་པད་འདབ་ཡན་ཆད་པ་བཞི་དང་། མཚམས་བཞིར་ཁྱུང་གཤོག་བརྐྱངས་ཤིང་ཕྱག་གཉིས་སྦྲུལ་བརྐྱངས་ཏེ་སྐེད་པ་ཞལ་དུ་གསོལ་བ་བཞི་བྲིས། སྟེང་འོག་གཉིས་ཀྱི་རྩིབས་དང་མུ་ཁྱུད་སྔགས་རྣམས་མི་གཅིག་པར་འདུག་པས་མུ་ཁྱུད་ཕྱི་མ་དང་། ནང་གི་མུ་ཁྱུད་ཀྱི་ཆུ་རིས་དང་། ཡིག་མགོའི་ཕྲད་མཚམས་མིན་པ་ཐམས་ཅད་ཕན་ཚུན་འཕྲོད་དགོས་པའི་ངེས་པ་མི་འདུག་གོ །སྐོར་ཕྱོགས་ནི་གཡས་སྐོར་རོ། །འདི་ལ་གནམ་ལྟ་དྲག་པོའི་འཁོར་ལོ་བཤད་འདུག །གཅིག་ཤོས་ལ་ས་ལྟ་ཞི་བའི་ཙཀྲ་ཟེར་སྣང་།
༈ འཁོར་ལོ་འདིའི་རྫས་ནི། བཙོང་ཁྲག །ཕག་ཁྲག །པདྨ་རཀྵ། མཛེ་ཁྲག །གུ་གུལ། ཤུ་དག །མུ་ཟི་ནག་པོ། ཁྱི་ནག་བྲུན། གླ་རྩི། རྟ་བོན། མི་ཚིལ། གླང་ར། དྲི་ཆེན། དྲི་ཆུ། བཙན་དུག །བོང་དུག །ར་དུག །སྤྱང་དུག །ཐང་ཁྲོམ། ལྡུམ་བུ་ཁྱུང་སྡེར། །ར་འབྲུག་གི་ཏྭོ་སྤུ་རྣམས་འཁོར་ལོའི་སྲོག་ཤིང་གི་དབུས་སུ་བཅུག །སྤྲ་ཚིལ་གྱིས་བསྡམས། གཡག་ནག་གི་སྙིང་རྩེ་དཔར་ཐུག་གི་རྦོ་སྤུ་བསྲེས་པས་ཕྱིར་དྲིལ་བྱས་ལ་བཅིངས། ཀླུ་སྨན་གྱིས་བྱུག་སྟེ་ཀླུ་གནས་ངེས་ཀྱི་ཆུ་བསྐོར། བཅའ་གཞི་སོགས་གཞུང་བཞིན་ནམ། ཡང་ན་སྒྲུབ་པ་པོས་ཡི་དམ་གྱི་གཞུང་སྲང་ལ་བསྙེན་བཤམས་སུ། ན་མོ་བྷ་ག་ཝ་ཏེ་ཕུད་ཀྱ་ཕུད་ཀྱ། ཏདྱ་ཐཱ། ཨོཾ་ཕུད་ཀྱ་ཕུད་ཀྱ་ཧཱུཾ་ཕཊ་སྭཱཧཱ། བསྙེན་ཏེ་སྔ་དྲོ། ན་མོ་བྷ་ག་ཝ་ཏེ་ཕུད་ཀྱ་ཕུད་ཀྱ་བིཏྱ་ཡེ། ཏདྱ་ཐཱ། ཨོད་ཁང་། ཨོཾད་ཁང་། དེ་ཁྱུང་དཀར་དེ་ཁྱུང་དཀར་ཤ་མ་ར་དབྱིབས་འདུས་ཨོཾ་བཛྲ་མཧཱ་ཀྲོ་དྷ་ཧཱུཾ་ཕག་སྭཱཧཱ། དབབ་སྔགས་དེ་ཉིད་ཕྱེད། ནཱ་ག་རཱ་ཛ་ས་མ་ཡ་ནཾ་ནཾ། སྙིང་ལ་གཟིར་གཟིར། སྲོག་ལ་ཐུན་ཐུན། ནཾ་ནཾ། ཕྲིལ་ཕྲིལ། ཤར་ཤར། ཕོབ་ཕོབ་ནཱ་ག་ནི་སྭཱཧཱ། གནད་སྔགས་ཏེ་ཉི་ཐལ་བཟླའོ། །གཞན་ཡང་སྐྱབས་གནས་དང་དཀར་ཕྱོགས་སྐྱོང་བ་རྣམས་ལ་ཆར་མྱུར་དུ་ཕོབ་ཅིག་པའི་སྨྲེང་གསོལ་ལོ། །སད་དང་ཐན་པའི་འཇིགས་པ་ལས་སྐྱོབ་བྱེད་འཁོར་ལོ་འདི་ཡི། གནམ་ཚེར་ཁར་བསྒྲུབ་དགེ་བའི་མཐུས་འགྲོ་ལ་བདེ་ལེགས་འབྱུང་གྱུར་ཅིག །རྫས་སྔགས་གདམས་པ་འདི་ཡང་།
༈ ཆུ་འཁོར་རབ་གནས་ནི། སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་སོང་ནས། རང་ཡི་དམ་གྱི་ལྷར་བསྒོམ། དེའི་སྤྱི་བོར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས། ཕྱག་གཡས་ས་གནོན། གཡོན་མཉམ་གཞག་ཞབས་རྡོ་རྗེ་དཀྱིལ་ཀྲུང་སྤྲུལ་སྐུའི་རྣམ་པ་ཅན་གཅིག་བསྐྱེད། དེ་ནས། མདུན་གྱི་འཁོར་ལོ་སྟོང་པར་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་འཁོར་ལོ་སེར་པོ་ཡི་གེ་རྣམས་ལངས་པའི་ཚུལ་དུ་གནས་པར་སྐད་ཅིག་གིས་བསྐྱེད། རང་ཉིད་སྙིང་ཁའི་ས་བོན་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིིན་གཤེགས་པ་རྣམས་ཀྱི་ཐུགས་ཁ་ནས་ཡེ་ཤེས་ལྔ་ལས་གྲུབ་པའི་འཁོར་ལོ་སྤྱན་དྲངས་ཏེ་འཁོར་ལོ་ཐིམ་པར་བསམ། གཞན་ཡང་རང་བཞིན་གྱི་གནས་ནས་ཤཱཀྱ་ཐུབ་པ་དང་ཕྱག་རྡོར་སངས་རྒྱས་བྱང་སེམས་ཁྲོ་བོ་བཅུ། ཆོས་སྐྱོང་དང་ཁྱུང་ཀླུའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་ལ་བསྟིམ།
༈ ཡེ་དྷརྨ་བརྗོད། མཆོད་པ་ཕུལ་ནས་གསོལ་བ་གདབ། དེ་ནས། པདྨ་སྟོང་པའི་ངང་ལས་བཾ་ལས་རྒྱ་མཚོ་ཆེན་པོའི་དབུས་སུ་པདྨ་སེར་པོའི་འདབ་མ་བརྒྱད་པའི་ལྟེ་བར་ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་སྐུ་མདོག་སེར་པོ་སྦྲུལ་མགོ་དགུའི་གདེངས་ཀ་ཅན་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་སྨད་སྦྲུལ་དུ་འཁྱིལ་བ་སྐུ་ཤ་རྒྱས་པ་འཛུམ་པའི་མདངས་དང་ལྡན་པ་གཅིག་བསྐྱེད། འདབ་མ་བརྒྱད་དུ་ཀླུ་ཆེན་པོ་བརྒྱད་སྐུ་མདོག་སེར་པོ་སྦྲུལ་མགོའི་གདེངས་ཀ་བདུན་ལྡན་རེ་བསྐྱེད། དེ་རྣམས་ལ་ས་འོག་ས་སྟེང་ས་བླའི་ཀླུ་ཐམས་ཅད་ཀྱིས་བསྐོར་བར་བསམས་ཏེ། ལྕགས་ཀྱུའི་ཕྱག་རྒྱ་བཅས་ལ། འཁོར་ལོ་དང་རང་གི་སྙིང་གའི་ས་བོན་དང་ཀླུ་རྣམས་ཀྱི་སྙིང་གའི་ས་བོན་ཕུཿལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཀླུའི་ཕོ་བྲང་དང་བཅས་པ་བཀུག་ནས་གཟུགས་ལ་བསྟིམ་པར་བསམ་ཞིང་། ངག་ཏུ། ན་ག་རཱ་ཛ་ཏྲི་སྤ་ལ་ཛཿཧཱུཾ་བཾ་ཧོཿ ཅེས་ཅི་རིགས་བཟླས། དེ་ནས་གཏོར་མ་བསྔོ། འཁོར་ལོ་གཡས་སུ་བསྐོར་ལ་འཁོར་ལོའི་ཡིག་འབྲུ་དང་ལྷ་དབྱེར་མེད་པ་རྣམས་ཀྱི་འོད་ཟེར་དང་སྤྲུལ་པའི་ཕོ་ཉ་དང་སྔགས་ཀྱི་སྒྲས་ཀྱང་ཀླུ་དང་ས་བདག་ཐམས་ཅད་བསྐུལ་ནས་དེ་རྣམས་ཀྱིས་སྤྲིན་ཆེན་པོས་བསྡུས་ཤིང་། འཛམ་བུའི་གླིང་གཡོ་ནུས་པ་ཙམ་གྱིས་ཆར་རྒྱུན་ཆེན་པོ་བབ་པར་བསམ་ཞིང་། ངག་ཏུ། ཨོཾ་མུ་ནེ་མུ་ནེ་མཧཱ་མུ་ནེ་ཧཱུཾ། ནཱ་ག་རཱ་ཛ་ཏྲི་པ་ལ་ཛཿཧཱུཾ་བཾ་ཧོཿ སྤུ་ཏ་སྤུ་ཏ་མཧཱ་ཀྲོདྷ་ཧཱུཾ། སིངྷ་སིངྷ་སྤོ་ཏ་ཧཱུཾ་ཕག་སྭཱཧཱ། བྷ་རི་ཤ་ཡ་ནཱ་ག་རཱ་ཛ་ས་མ་བྷི་རི་ཤ་ཡ་ནཱ་ག་རཱ་ཛ་པྲ་མ་ནི་སྭཱཧཱ། ཨོཾ་ཕུ་ནཱ་ཤ་ཤ་ཕོབ། ཨོཾ་ཕེ་ནཱ་ག་ཤུ་ཤུ་ཕོབ། ཨོཾ་ཕོ་ནཱ་ག་ཧྲིང་ཧྲིང་ཕོབ། བྷ་རི་ཤ་ཡ་སྭཱཧཱ། ཞེས་པ་ལ་སོགས་པ་བཟླའོ། །ཆུ་མིག་གང་རྙེད་ཆབ་གཏོང་བཏང་། ཆར་ཁ་སྙིན་རྫས་གཅིག་པུས་ཀྱང་ཕེབ་བོ། །
༈ སྤྲིན་སྡུད་སྔགས་ནི། ཨོཾ་མུ་ལུ་མུ་ལུཿ ཙ་ཏ་ཙ་ཏ། པ་ཏ་པ་ཏ། ཀུ་རུ་ཀུ་རུ། མུ་རུ་མུ་རུ། ཧི་ཧི་ཧི་ཧི། ཙུད་ཏ་ཙུད་ཏ། མཧཱ་ཀ་ན་ཀ།།ཨ་ཀ་ཏ་ཨ་ཀ་ཏ། པན་ཙ་ཏ་ཡེ་ཤི་ཀ་ཤི་དང་ཡེ་སྭཱཧཱ། རྒྱ་མཚོ་ཆེན་པོའི་སྤྲིན་གྱི་ནམ་མཁའ་ཐམས་ཅད་ཁེབས་པར་གྱུར་ཅིག།།ཡང་སྤྲིན་སྡུད་མི་གཅིག་པ་འདི་ལ་དམིགས་པ་ནི། རང་ཉིད་ཁ་རླངས་སྤྲིན་དུ་བསམ་ལ། ཧཱུཾ་སབ་སབ། ཧཱུཾ་སོབ་སོབ། ཅེས་བཟླའོ། །ཆར་འབེབས་ཡིད་བཞིན་ནོར་བུའི་སྤྲིན་སྡུད་སྔགས་ནི་འདིའོ། །ནཱ་ག་རཱ་ཛ་ཙིཏྟ་ཕུཿ ཏྲིང་པུ་རུ་ཏྲིང་། ཧྲིངཾ་ཛཿཛཿ སྤྲིན་ཧྲིལ་བསྡུས་ཧཱུཾ་ཛཿ འདི་ཡང་ཉིན་རེ་སྟོང་རེ་བཟླ་ཞེས་གསུངས་སོ།།
༈ ཨོཾ་དྲ་ཞི་ཞིམ་གྱི་ཆི་བ་ར་ན་ལོ་བི་ཤ་ཡ་ཚ་ཕ་ཚ་ཧཱུཾ་ཕཊ། འབྲུག་བསྐུལ་སྔགས། ཨོཾ་བཛྲ་ཏུནྟེ་མི་ལི་མི་ལི་སྭཱཧཱ། སྤྲིན་འཛིན་པའི་སྔགས། ༈ ཡང་ཀླུ་སྒྲུབ་ལུགས་སུ་གྲགས་པའི་ཆར་འབེབས་ཀྱི་གདམས་པ་ནི་ཆུ་མིག་སོགས་ཀྱི་འགྲམ་བླ་འགབ་མེད་པའི་གནས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ་ཀླུ་གཟུགས་ཀྱི་སྙིང་ཁར་འོག་གི་སྔགས་གསུམ་སྒྲིལ་བྲིས་ཏེ་བཅུག་པའམ། མ་གཟུགས་མ་འགྲུབ་ན་ས་བོན་ཕུཿཡིག་རེ་བྲིས་པའི་མདུན་མཆོད་གཏོར་བཤམས། རང་ཉིད་ཤཱཀྱ་ཐུབ་པའམ་རྟ་ཕྱག་ཁྱུང་གསུམ་སོགས་ཀྱི་སྒྲུབ་ཐབས་བསྒོམ། མཎྜལ་བསངས་སྦྱངས། སྟོང་པའི་ངང་ལས་རྒྱ་མཚོ་ཆེན་པོའི་དབུས་སུ་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཕུཿ་ཡིག་ཡོངས་སུ་གྱུར་པ་ལས་ཀླུའི་རྒྱལ་པོ་བྱིས་པ་བཅུ་དྲུག་ལོན་པའི་ན་ཚོད་ཅན། སྐུ་མདོག་སེར་པོ། ལང་ཚོ་རྒྱས་པ། ལག་པ་ཐལ་མོ་སྦྱར། སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། སྦྲུལ་མགོ་དགུའི་གདེངས་ཀ་ཅན། འཛུམ་པའི་མདངས་དང་ལྡན་པ། འདབ་མ་བརྒྱད་ལ་ཕུཿབརྒྱད་ལས་ཀླུ་ཆེན་བརྒྱད། སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་པ་ཁ་དོག་སྣ་ཚོགས་པ། ཆ་ལུགས་གཞན་གཙོ་བོ་དང་མཚུངས་པ། མཐའ་སྐོར་དུ་ཀླུ་རིགས་ཐམས་ཅད་བཀུགས་ཏེ་བསྟིམ་པར་གྱུར། ནཱ་ག་རཱ་ཛ་ཧྲི་པ་ལ་ཛཿཧཱུཾ་བཾ་ཧོཿ ཞེས་པ་འགུགས་སྔགས་མང་དུ་བརྗོད། མཆོད་གཏོར་བྱིན་གྱིས་བརླབས། ཧི་ལི་ཧི་ལི་དང་། ཨོཾ་བྷཀྵ་xx ཚར་གསུམ་རེས་བསྔོ། ཆར་དབབ་པའི་འཕྲིན་ལས་བཅོལ། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་ཀླུ་རྣམས་བསྐུལ་བས། དེ་རྣམས་ཀྱིས་སྤྲིན་གྱི་ཚོགས་བསྡུས་ཤིང་འཛམ་གླིང་གཡོ་བ་ཙམ་གྱི་ཆར་གྱི་རྒྱུན་ཆེན་པོ་ཕབ་པར་བསམ་ལ། ཨོཾ་སྤུ་ཏ་སྤུ་ཏེ་མཧཱ་ཀྲོ་དྷ་ཧཱུཾ། སིདྡྷི་སིདྡྷི། སྤོ་ཏ་ཡ་སྤོ་ཊ་ཡ་ཧཱུཾ་ཕཊ་སྭཱཧཱ། བྷ་རི་ཤ་ཡ། ནཱ་ག་རཱ་ཛ་ས་མ་ཡ། བྷ་རི་ཤ་ཡ། ནཱ་ག་རཱ་ཛ་པྲ་མ་ནི་སྭཱཧཱ། ཞེས་ཆར་འབེབས་ཀྱི་སྔགས་བཟླ། དེས་མ་བབས་ན། གོང་གི་འགུགས་སྔགས་དང་། སྔགས་འདི་གཉིས་འབྲེལ་བའི་མཐར། ཨོཾ་ཕུ་ནཱ་ག་ཤ་ཤ་ཕོབ། ཨོཾ་ཕེ་ནཱ་ག་ཤ་ཤ་ཕོབ། ཨོཾ་ཕོ་ནཱ་ག་ཧྲིང་ཧྲིང་ཕབ། བྷ་རི་ཤ་ཡ་དྷ་ར་ནི་སྭཱཧཱ། ཞེས་དྲག་སྔགས་ཡིག་འབྲུ་སུམ་ཅུ་པ་བཏགས་ལ་བཟླའོ། །ཆོ་ག་གཞན་རྣམས་རིགས་འདྲའོ། །འདི་ལའང་འཁོར་ལོ་ཞི་དྲག་གཉིས་དང་སྙུག་ཚིགས་དང་རླུང་གནོན་གྱི་གདམས་པ་སོགས་སྣང་ལ་རྣོ་ཞིང་མྱུར་བར་ཡང་མཐོང་ངོ་།།
༈ ཡང་རླུང་གནོན་ནི། བག་ཟན་ལ་ཤ་བའི་གཟུགས་རྭ་བཅུ་པ་ཞིག་བཟོས། ཤོག་བུར། སྤྲིན་བསྡུས་རླུང་ཐམས་ཅད་ནོན། ཞེས་པའི་ཡི་གེ་དབུ་ཅན་བྲིས་ལ་ཁོག་པར་བཅུག །དགུག་གཞུག་བགྱིས་ཏེ་རླུང་ལྷ་ངོས་སུ་བབས་སམ། བྱང་ཤར་མཚམས་སུ་དོ་གྲུ་གསུམ་བྲུས་པའི་ནང་དུ་བཅུག་ལ། གཡམ་པ་འོག་ལ་ཡཾ་སྟེང་དུ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀག །སྤྲིན་ཐམས་ཅད་བསྡུས། རླུང་ཐམས་ཅད་ནོན། ཞེས་བཟླས་ལ་བྲོ་བརྡུང་ངོ་། །ཡང་ན་ཤོག་བུར་རླུང་ལྷའི་གཟུགས་ས་བོན་དང་བཅས་པའམ། ཡཾ་གྱི་མཐའ་སྐོར་དུ་ཨོཾ་མ་མ་ཡཾ་ཡཾ་ཡེ་སྭཱཧཱ། ཞེས་བྲི། རླུང་ལྷ་དགུགས་བསྟིམ་བགྱིས་ཏེ་ལྷམ་གྱི་ནང་དུ་བཅུག །རང་གི་རྐང་པས་མནན་ཏེ་རླུང་ལྷ་འཁོར་བཅས་ལྡང་མི་ནུས་པར་བསམས་ལ། ཨོཾ་ཆར་ཡང་ཆུར་ཡ་རླུང་གི་སྟོབས་སྟཾ་བྷ་ཡ་ནན། ཞེས་དྲག་ཏུ་བཟླའོ། །
ཡང་གཅིག་ལ། རང་ཡི་དམ་དུ་གསལ་བའི་སྙིང་ཁར་པདྨ་འདབ་པ་དྲུག་པའི་ལྟེ་བ་དང་འདབ་མ་རྣམས་ཀྱི་སྟེང་དུ། རླུང་ལྷ་སྔར་གྱི་གཟུགས་བྲིས་པ་ལྟ་བུ་རེ་བསམ། དེ་རྣམས་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་བྱང་ནས་དར་འདྲ་སྤྱན་དྲངས་ལ་བསྟིམ། དེ་ནས་པདྨ་ཁ་འུབ་ཀྱིས་འདུས་པའི་སྟེང་དུ་ཤཱཀྱ་ཐུབ་པ་ཉན་ཐོས་ཆེན་པོ་བརྒྱད་ཀྱིས་བསྐོར་བ་བཞུགས་པར་བསམ་ལ། རླུང་བུམ་པ་ཅན་བཟུང་། ཨོཾ་ཨ་སྟཾ། ཨི་སྟཾ། བ་ཡུ་སྟཾ་བྷ་ཡ་ནན། ཞེས་བཟླས་སོ། །རླུང་གནོན་འདི་དག་ནི་ཆར་འབེབས་ཙམ་དུ་མ་ཟད་བྱ་བ་གལ་ཅན་བྱེད་པའི་དུས་སུའང་ཉེ་བར་མཁོ་བ་ཡིན་ནོ། །ཨོཾ་ཨཱཿཧཱུཾ་ནཱ་ག་ཕུ་རཱ་ཛ་པུ་ཏྲི་ཏྲག་རཱ་ཛ་ནཱ་ག་ཆར་ཕོབ་ཧཱུཾ་ཧཱུཾ་ནཱ་ག་རཱ་ཛ་ཙིཏྟ་ཕུཿ སྤྲིན་ས་རོ་ཏྲི་ད་ཧྲི་ཛ་ཛཿ སྤྲིན་ཧྲིལ་བསྡུས་ཧཱུཾ་ཛ་ཛཿ སྤྲིན་སྡུད་སྔགས་ནི། ཨ་དྲག་རེ་ཕེཾ་ག་རེ་ཨུ་ཏྲ་ག་རེ་ཙནྡྲ་ལི་གླེ་ཧཱུཾ་བྷ་ལི་དྷེ་ཧུ་སིངྷི་ཨ་ཀྲ་སིངྷི་མཧཱ་ས་ཧཱུཾ་ཧཱུཾ། ཡང་སྤྲིན་ཆར་འབེབས་སྔགས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་རཱ་ཛ་ཡ་ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱ་ཀ་སཾ་བུད་དྷ་ཡ། ཏདྱ་ཐཱ། ཨོ་ཙ་ར་ཙ་ར། ཚིནྡྷ་ཚིནྡྷ་བཛྲ་ལི་ཤ་ཏིང་ཡེ་སྭཱཧཱ། ཡར་སྤྲིན་སྡུད་སྔགས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ལྷག་པའི་ལྷ་གང་ཡང་རུང་བའི་སྒོ་ནས་རང་གཞན་དང་དགོན་གྲོང་ལ་བྱབས་ཁྲུས་རྒྱུན་འཁྱེར་དུ་བྱ་ཚུལ་ཉེར་འཚེ་སྤྱི་དང་བྱེ་བྲག་ལ་བྱ་བའི་དམིགས་བསལ་བཅས་ཁ་གསལ་བཀོད་པ་ཟླ་བའི་རྒྱུན་ཞེས་བྱ་བ་རྣམ་འཇོམས་རྡོར་སེམས་ཀླུ་དབང་རྒྱལ་པོ་སོགས་ལྷ་ཁག་ལ་ཁ་བསྒྱུར་བྱ་ཚུལ་བཅས་སོགས། པོད། ༼༡༽ ཤོག་ ༡༧༧ ནས་ ༡༩༠ བར་བཞུགས་པའི་དབུ་ཅན་བྲིས་མ་དཔེ་ཐུང་ཤོག་གྲངས་བདུན་ཅན་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།