ནཱ་ལེནྡྲའི་ལུགས་སྲོལ་དང་། དཔྱད་ཞིབ་ཀྱི་གལ་གནད།
ཤེས་ཡོན་ཞེས་པ་ནི། དེབ་ནང་ཡོད་པ་དེ་རང་ཡིན་པ་རེད་སྙམ་ནས་བསྡད་པ་ལྟ་བུ་མིན་པར། རང་ཉིད་ཀྱིས་བསམ་བློ་བཏང་སྟེ་དཔྱད་པ་བྱས་ནས་གནས་ཚུལ་མང་པོ་བསྡུར་ནས་རང་ཉིད་ཀྱིས་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག །རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་དེ་དག་གིས་གཞུང་མང་པོ་གཟིགས་ནས་དཔྱད་པ་གནང་སྟེ་ཕེབས་པ་ལས།
དཔེ་ཆ་གཅིག་གི་ནང་དུ་ཡོད་པ་དེར་ཡིད་ཆེས་བྱས་ནས་འགྲོ་སྲོལ་མེད། ལམ་སྲོལ་དེ་ནི་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །དེ་ནི་རྒྱ་གར་གྱི་གནའ་རབས་ལུགས་སྲོལ་ཡིན་པར་མ་ཟད། བོད་ལའང་རིག་གཞུང་རྙིང་པ་དེ་ཉིད་ཀྱི་གནས་ཚུལ་མང་པོ་ཞིག་ལ་ཞིབ་འཇུག་བྱས་ཏེ་བསམ་བློ་གཏོང་རྒྱུ་ནི་ཧ་ཅང་གལ་གནད་ཆེན་པོ་རེད། དཔེར་ན། ངོས་རང་ལ་ཆ་བཞག་ནའང་། དཔྱད་པ་བྱ་རྒྱུར་ཧ་ཅང་གལ་འགངས་ཆེན་པོ་བརྩི་བཞིན་ཡོད། དེང་སྐབས་དཔྱད་པ་བྱས་ནས་ཚན་རིག་པ་དང་མཉམ་དུ་འབྲེལ་བ་བྱེད་བཞིན་ཡོད་ལ། ཆོས་པ་འདྲ་མིན་དང་མཉམ་དུའང་འབྲེལ་བ་བྱེད་བཞིན་ཡོད། མདོར་ན། བསམ་བློ་བཏང་ནས་དཔྱད་པ་བྱ་རྒྱུ་དེ་ཧ་ཅང་གལ་གནད་ཆེན་པོ་རེད་འདུག །ཅེས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡༠ ཚེས་ ༢༣ ཉིན་བལ་ཡུལ་རྣམ་རྒྱལ་མཐོ་སློབ་ཀྱི་སློབ་མ་བཞུགས་སྒར་དུ་གཟིམ་ཆུང་མཇལ་ཁའི་སྐབས་བཀའ་སྩལ་ཏོ།། །།

དཔལ་ནཱ་ལེནྡྲ། བྱོན་པ་ལེགས།