པཎ་གྲུབ་བཅུ་བདུན་གྱི་སྣུམ་ཚོན་ལྡེབས་བྲིས། གཉིས་པ།

དབུ་མའི་ཤིང་རྟའི་སྲོལ་འབྱེད་ཀླུ་སྒྲུབ་དང་། །

དེ་ཡི་སྲོལ་འཛིན་སྲས་མཆོག་འཕགས་པ་ལྷ། །

ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་སངས་རྒྱས་བསྐྱངས། །

རང་རྒྱུད་ཤིང་རྟའི་སྲོལ་འབྱེད་ལེགས་ལྡན་ཞབས། །

ཐལ་འགྱུར་ཤིང་རྟའི་སྲོལ་འབྱེད་ཟླ་གྲགས་དང་། །

ཐལ་འགྱུར་ཤིང་རྟའི་སྲོལ་འཛིན་ཞི་བ་ལྷ། །

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི། །

སྲོལ་འབྱེད་ཞི་འཚོ་སྲོལ་འཛིན་ཀ་ཤིའི་ཞབས། །

སེམས་ཙམ་ཤིང་རྟའི་སྲོལ་འབྱེད་ཐོགས་མེད་དང་། །

དེ་ཡི་སྲོལ་འཛིན་སློབ་དཔོན་དབྱིག་གི་གཉེན། །

ཚད་མའི་ཤིང་རྟའི་སྲོལ་འབྱེད་ཕྱོགས་གླང་དང་། །

དེ་ཡི་སྲོལ་འཛིན་ཆོས་ཀྱི་གྲགས་པའི་ཞབས། །

མདོ་རྒྱན་སྦྱར་བའི་སྲོལ་འབྱེད་འཕགས་གྲོལ་དང་། །

དེ་ཡི་སྲོལ་འཛིན་རྒྱལ་སྲས་སེངྒེ་བཟང་། །

འདུལ་བ་རྒྱ་མཚོའི་འགྲེལ་མཛད་ཡོན་ཏན་འོད། །

འདུལ་འཛིན་བྱེ་བའི་ཁྱུ་མཆོག་ཤཱཀྱ་འོད། །

ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད་པའི་བརྒྱུད། །

བརྒྱུད་པའི་ཆུ་བོ་གཅིག་ཏུ་འདུས་པའི་བཀའ། །

བཀའ་གདམས་བསྟན་པའི་སྲོལ་འབྱེད་ཨ་ཏི་ཤ །

ཤཱཀྱའི་རྗེས་འཇུག་པཎ་གྲུབ་རྣམས་ལ་འདུད། །

 

ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༡༠ ཚེས་ ༡༧ ཉིན་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་པས་བྲིས་པའོ།།

Leave a Reply

Your email address will not be published. Required fields are marked *