ང) ཇོ་བོའི་གསུང་ཐོར་བུ་ལས་མདོ་ཕྱོགས་ལྟ་སྤྱོད་ཟུང་འབྲེལ་སྐོར།
༡༽ བྱང་ཆུབ་ལམ་རིམ། རྒྱ་གར་སྐད་དུ། བོ་དྷི་པ་ཐ་དྲ་མ། བོད་སྐད་དུ། བྱང་ཆུབ་ལམ་གྱི་རིམ་པ། མཚན་རྒྱས་པར། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཞེས་བྱ་བ་བཞུགས་སོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༤༢༨ ནས་ ༤༦༤ བར་བཞུགས་སོ།།
༢༽ ལམ་རིམ་མདོར་བསྡུས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༤༦༤ ནས་ ༤༦༧ བར་ཚིགས་སུ་བཅད་པ་ཚིགས་རྐང་བཅུ་བདུན་ཏེ་ཚིགས་སུ་བཅད་པ་བཞི་དང་རྐང་པ་གཅིག་བཞུགས་སོ།།
༣༽ བྱང་ཆུབ་ལམ་གྱི་རིམ་པའི་བསྡུས་དོན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༤༦༧ ནས་ ༤༧༠ བར་བཞུགས་སོ།།
༤༽ བྱང་ཆུབ་ལམ་གྱི་རིམ་པའི་དཀའ་བའི་གནད་ཆེ་ལོང་ཞིག་བཤད་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༤༧༡ ནས་ ༤༩༨ བར་བཞུགས་སོ།།
༥༽ སྙིང་པོའི་སྐོར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༤༩༨ ནས་ ༤༩༩ བར་བཞུགས་སོ།།
༦༽ ལྐོག་ཆོས་བཞུགས་སོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༤༩༩ ནས་ ༥༢༦ བར་བཞུགས་སོ།།
༧༽ སྤྱོད་མཆོག་གི་གདམས་ངག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༢༦ ནས་ ༥༢༧ བར་བཞུགས་སོ།།
༨༽ ངོ་སྤྲོད་ལྔ་ཚོམས་བཞུགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༢༧ ནས་ ༥༥༢ བར་བཞུགས་སོ།།
༩༽ རྨི་ལམ་ངན་པ་བཟློག་པའི་སྔགས་དང་། ལྟས་ངན་བཟློག་པའི་སྔགས། ནད་རིམས་སྲུང་བའི་སྔགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༥༢ ནས་ ༥༥༢ བར་བཞུགས་སོ།།
༡༠༽ བྱང་ཆུབ་ལམ་གྱི་རིམ་པའི་མན་ངག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༥༣ ནས་ ༥༧༤ བར་བཞུགས་སོ།།
༡༡༽ སྟོང་ཉིད་ཀྱི་ལྟ་བར་ཞེན་པ་ཟློག་ཕྱིར་དཀོན་བརྩེགས་ལས་དྲངས་པའི་ལུང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༥༢ ནས་ ༥༥༣ བར་བཞུགས་སོ།།
༡༢༽ ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པའི་སངས་རྒྱས་རྣམ་པ་བཅུ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༥༣ ནས་ ༥༥༣ བར་བཞུགས་སོ།།
༡༣༽ ལམ་རིམ་གེགས་སེལ་གྱི་སྲུང་འཁོར་གཉིས། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ། བྲིས་མ་དཔེ་རིང་། ཤོག་གྲངས་ ༦༥ རྒྱབ་ངོས་སུ་བཞུགས་ཀྱང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོར་པར་སྐྲུན་གནང་བའི་དེབ་གཟུགས་སུ་སྲུང་འཁོར་མི་བཞུགས་སོ།།
༡༤༽ བྱང་ཆུབ་ལམ་གྱི་རིམ་པའི་མན་ངག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༥༣ ནས་ ༥༧༤ བར་བཞུགས་སོ།།
༡༥༽ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཆོ་ག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༧༤ ནས་ ༥༩༡ བར་བཞུགས་སོ།།
༡༦༽ སྨོན་པའི་རྩ་ལྟུང་ལྔ་ལ་ཁྱད་པར་གྱི་ཡན་ལག་བཞི་བཞི་སོགས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༩༡ ནས་ ༥༩༢ བར་བཞུགས་སོ།།
༡༧༽ སྐྱབས་འགྲོ་ཐུན་མོང་བའི་ཆོ་ག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༩༢ ནས་ ༥༩༣ བར་བཞུགས་སོ།།
༡༨༽ བསྙེན་གནས་ཀྱི་ཆོ་ག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༩༣ ནས་ ༥༩༤ བར་བཞུགས་སོ།།
༡༩༽ དགེ་བསྙེན་དུ་ཉེ་བར་སྒྲུབ་པའི་ཆོ་ག །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༩༤ ནས་ ༥༩༥ བར་བཞུགས་སོ།།
༢༠༽ བྱང་ཆུབ་སེམས་དཔའི་སྡོམ་པའི་སྙིང་པོ་ལྔ་བཅུ་པ། རྒྱ་གར་སྐད་དུ། བོ་དྷི་སཏྭ་ས་བྷ་ར་ཧྲི་ད་ཡ། བོད་སྐད་དུ། བྱང་ཆུབ་སེམས་དཔའི་སྡོམ་པའི་སྙིང་པོ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༥༩༥ ནས་ ༦༠༡ བར་བཞུགས་སོ།།
༢༡༽ ཆོས་འཛིན་པའི་ཕན་ཡོན་བློ་གྲོས་རྒྱ་མཚོའི་མདོ་ལས་དྲངས་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༦༠༠ ནས་ ༦༠༠ བར་བཞུགས་སོ།།
༢༢༽ སྡོམ་པའི་སྙིང་པོའི་བསྡུས་དོན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༦༠༠ ནས་ ༦༠༡ བར་བཞུགས་སོ།།
༢༣༽ ལྟུང་བ་ཕྱིར་བཅོས་པའི་ཐབས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༦༠༡ ནས་ ༦༠༢ བར་བཞུགས་སོ།།
༢༤༽ ཆོས་ལ་བཟང་ངན་དུ་རྩི་བ་ལ་རྣམ་ཐར་བསྡུས་པའི་མདོའི་ལུང་དྲངས་ནས་དགག་པ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྨད་ཆ། ༢༠༡༢ ལོ། ཤོག་གྲངས་ ༦༠༢ ནས་ ༦༠༢ བར་བཞུགས་སོ།།
གོང་གསལ་ལམ་རིམ་དང་འབྲེལ་བའི་ཆོས་ཚན་ ༢༤ རྣམས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༠༦ ལོར་དཔར་འགྲེམས་གནང་བའི་གླེགས་བམ་གཅིག་ཅན་ནང་མི་གསལ་ཞིང་། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པ་ཞེས་བྱ་བ་བཞུགས་སོ། །ཞེས་པའི་དཔེ་རིང་བྲིས་པ་ཤོག་གྲངས་ ༩༡ ཅན་བཞུགས་པ་ལྟར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ཕྱི་ལོ་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༤༢༨ ནས་ ༦༠༢ བར་ཕྱོགས་བསྒྲིགས་གནང་འདུག་པ་གཞིར་བཞག་གོ།
༢༥༽ གཉིས་སུ་མེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གདམས་པ་དོན་བརྒྱད་དུ་བསྡུས་ནས་རྒྱས་པར་བཤད་པ། རྒྱ་གར་སྐད་མི་གསལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༦༠༣ ནས་ ༧༠༠ བར་བཞུགས་ཤིང་། མཇུག་ཏུ། འདིར་བླ་མ་གོང་མའི་གསུང་ཚད་ཡི་གེར་བྲིས་པའོ། །རྫོགས་སོ། །ཞེས་པ་ལས་མཛད་བྱང་འགྱུར་བྱང་གཉིས་ཀ་མི་གསལ་ལོ།།
༢༦༽ སྤྱོད་འཇུག་འཁོར་ལོ་ལྟ་བུའི་ལམ་རྒྱུད་ལ་ཇི་ལྟར་སྐྱེ་བའི་རིམ་པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༧༠༡ ནས་ ༧༤༢ བར་བཞུགས་ལ། བསྟན་བཅོས་ཀྱི་མཇུག་ཏུ[1]། སྤྱོད་འཇུག་སྤྱི་རྟ་ཆེན་མོ་འདི། །ཞོན་པ་མང་སྟེ་ཆགས་པ་ཉུང་། །ལ་ལས་རྣར་སྙན་སྒྲུང་དུ་བཤད། །ལ་ལས་གཞུང་བཤད་ཁྲལ་བོར་ཙམ། །ལ་ལས་དཀར་ཆད་ནག་གིས་བཤད། །ཤནྟ་དེ་བའི་དགོངས་པ་འཁྲུགས། །དགོས་པ་ཆུང་ལ་བཤད་པ་མང་། །འགྲོ་བ་ཀུན་ལ་ཕན་པ་ཆུང་། །འཇམ་མགོན་བྱམས་པའི་ཐུགས་དགོངས་དེ། །ཤནྟ་དེ་བས་རྒྱས་བཏབ་འདྲ། །དགེ་སློང་ཨེ་ལ་དྷ་རི་དང་། །དེ་བཞིན་དཔའ་བོ་རྡོ་རྗེ་དང་། །ཚེ་གྲུབ་མ་ཧཱ་རཏྣ་དང་། །གསེར་གླིང་གུ་རུ་ཕ་ལ་དང་། །མར་མེ་མཛད་དཔལ་ཆེན་པོ་དང་། །གུང་ཐང་ནག་ཚོ་ལོ་ཙཱ་དང་། །དྲང་སྲོང་ཤེས་རབ་ཆེན་པོའི་བར། །བརྒྱུད་པའི་ལྷ་སྤྱོད་རྣམ་དག་ལ། །དེང་སང་བདག་ཀྱང་མོས་པས་སྤྱོད། །རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ལོ།།
༢༧༽ བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པའི་བཤད་པ། སྣ་ཚོགས་ ༼ཉོ༽ པ་ལ། དེ་ཡང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ (1697-1774) གྱིས་མཛད་པའི་སྡེ་དགེ་བསྟན་འགྱུར་གྱི་དཀར་ཆག་ལས[2]། གསར་བཅུག་མདོ་དང་རིག་གནས་ལ་སོགས་པའི་བསྟན་བཅོས་སྣ་ཚོགས་པའི་སྐོར་ལ། ༡༽ བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ། ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། ༢༽ ཤེར་ཕྱིན་དོན་བསྡུས་སྒྲོན་མེ་དང༌། ༣༽ སྨན་བླའི་སྒྲུབ་ཐབས་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཞེས་གསུངས་པ་ལྟར་གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[3]། གསར་བཅུག་གི་བསྟན་བཅོས། ༼ཉོ༽ བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པའི་བཤད་པ། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༥༢༡ན། ༥༣༤བ། བར་བཞུགས་པར་གསལ་བ་ལྟར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ་ཇོ་བོས་མཛད་པ། མཇུག་བྱང་ལས། བླ་མ་གསེར་གླིང་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་བཀོད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྨད་ཆའི་ཤོག་གྲངས་ ༧༤༢ ནས་ ༧༥༨ བར་བཞུགས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༧༤༡
[2] སྡེ་དགེ་བསྟན་འགྱུར་དཀར་ཆག ༼ཤྲཱི༽ རྒྱལ་ཡོངས་ས་ཆེན། ༢༠༠༥ ལོ། དཔེ་རིང་། ཤོག་གྲངས་ ༡༧༧ན༢
[3] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༥༤
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༧ ནས་ ༢༠༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།