ང༽ བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་ལོ་པཎ།
༡༽ སློབ་དཔོན་འདི་ཉིད་ཀྱི་གསུང་རྣམས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་བསྒྱུར་ཞུས་གཏན་འབེབས་གནང་མཁན་རྣམས་ནི། དང་པོ། རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ནི། རྒྱ་གར་གྱི་མཁན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ན་དང་། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དྷརྨ་པཱ་ལ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤཱནྟི། མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ།
རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ། རྒྱ་གར་གྱི་མཁན་པོ་ཛྙཱ་ན་གརྦྷ། པཎྜི་ཏ་རབ་འབྱོར་ཞི་བ། རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སིངྷ་། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཛ་ནཱར་དྷ་ན་བཅས་ཞལ་གྲངས་ ༡༡ གི་མཚན་གསལ་ཞིང་། ད་དུང་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏའི་འགྱུར་བྱང་གི་ཁོངས་སུ་སོགས་སྒྲ་ལན་གསུམ་བྱུང་བས། སོགས་སྒྲའི་ཁོངས་སུ་པཎྜི་ཏ་གང་དག་ཡོད་པ་རྣམས་འདིར་འགོད་ཐབས་མ་བྱུང་ངོ་།།
གཉིས་པ། ཁ་ཆེའི་མཁན་པོ་དང་པཎྜི་ཏ་ནི། རྒྱ་གར་གྱི་ཁ་ཆེའི་པཎྜི་ཏ་གཞན་ལ་ཕན་པ་བཟང་པོ་དང་། ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་གཉིས། གསུམ་པ། བོད་གངས་ཅན་ལྗོངས་ཀྱི་ཞུ་ཆེན་གྱི་ལོ་ཙཱ་བར་མཚོན་ན། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ (ཆོས་རྗེ་) དཔལ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས། བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་རྔོག་བློ་ལྡན་ཤེས་རབ། བོད་ཀྱི་ལོ་ཙཱ་བ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏ། ལོ་ཙཱ་བ་བནྡེ་ནམ་མཁའ། ལོ་ཙཱ་བ་ཏིང་ངེ་འཛིན་བཟང་པོ། དཔལ་ལྷ་བཙུན་པ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང་། ལོ་ཙཱ་བ་དགེ་སློང་དར་མ་གྲགས། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ཞུ་ཆེན་གྱི་ལོ་ཙཱ་བ་ཨི་བུ་དགེ་སློང་ཤཱཀྱ་བློ་གྲོས། ལོ་ཙཱ་བ་རིན་ཆེན་བཟང་པོ་བཅས་ཞལ་གྲངས་ ༡༢ བཅས་རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ ༡༡ དང་། ཁ་ཆེའི་པཎྜི་ཏ་ ༢ བོད་ཀྱི་ལོ་ཙཱ་བ་ ༡༢ བཅས་ཁྱོན་རྒྱལ་ཁབ་གསུམ་གྱི་ལོ་པཎ་མཁན་གསུམ་ཞལ་གྲངས་ ༢༥ ཡིས་དཔལ་ལྡན་ཆོས་ཀྱི་གྲགས་པའི་གསུང་བཟང་རྣམས་ལེགས་སྦྱར་ལྷ་ཡི་སྐད་ལས་བོད་གངས་ཅན་གྱི་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་ཅིང་། སློབ་དཔོན་འདིའི་གསུང་ཆོས་ཚན་ ༡༥ བཞུགས་པ་ལས་རྒྱ་གར་སྐད་གསལ་བའི་ཆོས་ཚན་གྲངས་ ༡༤ དང་། རྒྱ་གར་སྐད་མི་གསལ་བའི་ཆོས་ཚན་གྲངས་ ༡ བཅས་དང་། གཞན་ཡང་འགྱུར་བྱང་གསལ་བའི་ཆོས་ཚན་གྲངས་ ༡༡ དང་། འགྱུར་བྱང་མི་གསལ་བའི་ཆོས་ཚན་གྲངས་ ༤ ལེགས་སྦྱར་གྱི་མ་དཔེ་བཞུགས་པའི་ཆོས་ཚན་གྲངས་ ༩ དང་། ལེགས་སྦྱར་གྱི་མ་དཔེ་མི་བཞུགས་པའི་ཆོས་ཚན་ ༦ བཅས་བཞུགས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༧ ནས་ ༤༡༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།