ཉ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོ།

ཉ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།

༡༽ ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོ།

 

ལོ་ཙཱ་བ་བནྡེ་ཡེ་ཤེས་སྙིང་པོ་ནི། ཕྱི་ལོའི་དུས་རབས་དགུ་པའི་དུས་འགོ་ཙམ་དུ་སྐུ་འཁྲུངས་ཤིང་རྟེན་རབ་བྱུང་ཡིན་ལ། སྒྲ་སྒྱུར་ལ་མཁས་པར་མཁྱེན་པས་རྒྱལ་བའི་བཀའ་དང་བསྟན་བཅོས་སོགས་བོད་ཡིག་ཏུ་བསྒྱུར་བར་མཛད་དེ་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཞིག་ཡིན། སྒྱུར་རྩོམ་ནི། བཀའ་འགྱུར་ལས། འཕགས་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱས་པའི་མདོ་རིན་པོ་ཆེ་མཐའ་ཡས་པ་མཐར་ཕྱིན་པ་བམ་པོ་ཉི་ཤུ་རྩ་ལྔ་པ་དང༌།

འཕགས་པ་རིན་ཆེན་དྲ་བ་ཅན་གྱིས་ཞུས་པའི་མདོ་བམ་པོ་གཅིག་པ། འཕགས་པ་སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བའི་མདོ་བམ་པོ་གཅིག་པ། བསྟན་འགྱུར་ལས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བསྟན་བཅོས་ཚིགས་སུ་བཅད་པ་བསྡུས་པ་ཞེས་བྱ་བ་དང་། ཚིགས་སུ་བཅད་པའི་དོན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་སོགས་བཞུགས་སོ།།[1]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༧༡།༧༤།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༣ ནས་ ༣༣༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *