༡༠༽ བསྟན་བཅོས་སྒྲོལ་མ།
དེ་ཡང་སློབ་དཔོན་ཝེན་ཚེགས་ (613-696) ཀྱིས་མཛད་པའི་འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས[1]། གཉིས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྦྱར་ན་དེ་དེ་ལས་གླེང་གཞིའི་ཕྱོགས་ལ་དོན་རྣམ་པ་དྲུག་ཏུ་ཕྱེ་ནས་བསྟན་ཏེ། ཡིད་ཆེས་པ་དང་། ཐོས་པ་དང་། དུས་དང་། བདག་པོ་དང་། གནས་དང་། འཁོར་ཕུན་སུམ་ཚོགས་པའོ། །
སློབ་དཔོན་དབྱིག་གཉེན་གྱིས་བསྟན་བཅོས་སྒྲོལ་མ་ཞེས་བྱ་བ་མཛད་པ་ལས་ཀྱང་། དོན་རྣམ་པ་དྲུག་ཏུ་ཡོད་པར་འགྱུར་ཞེ་ན། རྒྱ་གར་སྐད་དུ། སན་དྷི་ནིར་མོ་ཙ་ན་ཞེས་བྱ་བ་ལ། སན་དྷི་ཞེས་བྱ་བ་ནི་དོན་རྣམ་པ་གསུམ་དང་ལྡན་ཏེ། དང་པོ་ནི་རྒྱ་གར་ཡུལ་པ་དག་དངོས་པོ་གཉིས་མཚམས་སྦྱོར་བ་ལ་ཡང་སན་དྷི་ཞེས་འབོད་དོ། །ཞེས་དབྱིག་གཉེན་གྱིས་མཛད་པའི་བསྟན་བཅོས་སྒྲོལ་མ་ཞེས་པ་ཞིག་ཡོད་པར་གསལ་ཡང་མ་རྙེད་དོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཏི༽ དེབ་ཨང་ ༦༨པ། ༢༠༠༡ ལོ། ཤོག་གྲངས་ ༨༦
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༢ ནས་ ༣༢༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།