བཞི་པ། སེམས་ཙམ་སྐོར།
༨༽ སེམས་ཙམ་ ༼ཕི༽ པར། རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུཏྟ་ར་ཏནྟྲ་ཤཱསྟྲ་བྱཱ་ཁྱ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་རྣམ་པར་བཤད་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། དཔལ་གྲོང་ཁྱེར་དཔེ་མེད་ཀྱི་མཁས་པ་ཆེན་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་དབོན་པོ། པཎྜི་ཏ་མཁས་པ་ཆེན་པོ་སད་ཛ་ན་དང༌། ལོ་ཙཱ་བ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས། གྲོང་ཁྱེར་དཔེ་མེད་དེ་ཉིད་དུ་བསྒྱུར་བའོ། །
འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ལ། རྒྱའི་སྐད་དུའང་། (究竟一乘寶性論 T31, No1611) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཕི༽ ཚན་གྲངས་ ༦ ལྡེབ་ ༧༤བ༡ ནས་ ༡༢༩ན༧ བར་ཡིག་ཕྲེང་ ༧༧༠ ཚེག་ཁྱིམ་ ༤༣༤༧༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་སྡེ་རྒྱན། པོད་རྟགས། ༼ཕི༽ ཚན་གྲངས་ ༦ ལྡེབ་ ༧༤བ༦ ནས་ ༡༣༥བ༧ བར་ཡིག་ཕྲེང་ ༩༧༨ ཚེག་ཁྱིམ་ ༤༣༣༩༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཕི༽ ཚན་གྲངས་ ༦ ལྡེབ་ ༦༩ན༣ ནས་ ༡༢༩བ༧ བར་ཡིག་ཕྲེང་ ༨༥༢ ཚེག་ཁྱིམ་ ༤༣༣༩༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཕི༽ ཚན་གྲངས་ ༦ ལྡེབ་ ༦༩བ༡ ནས་ ༡༢༤བ༡ བར་ཡིག་ཕྲེང་ ༧༧༡ ཚེག་ཁྱིམ་ ༤༣༤༧༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼ཕི༽ དེབ་ཨང་ ༧༠ ཤོག་གྲངས་ ༩༨༧ ནས་ ༡༡༡༨ བར་བཞུགས་པ་བཅས་སོ།། །།
ས་སྡེ་ལྔའི་དང་པོ། ཀ༽ སའི་དངོས་གཞིའི་ས་མང་པོ།
༩༽ སེམས་ཙམ་ ༼ཚི༽ པ་ལ། རྒྱ་གར་སྐད་དུ། ཡོ་གཱ་ཙཱརྱ་བྷཱུ་མི། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས་ལས་དངོས་གཞིའི་ས་མང་པོ[1]། ཞེས་དང་། སྡེ་བསྟན་དཀར་ཆག་ལས[2]། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་དང་པོ་རྣལ་འབྱོར་སྤྱོད་པའི་སའི་དངོས་གཞི་ས་མང་པོ་པ། འདི་ལ་ཤླཽ་ཀ་བརྒྱད་སྟོང་དགུ་བརྒྱ་བརྒྱད་ཅུ་རྩ་བཞི་བཞུགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཚི༽ ཚན་གྲངས་ ༡ ས་ ༡-༡༧ ལེའུ་ ༡-༢༧ བམ་པོ་ ༡-༢༦ ལྡེབ་ ༡ན༡ ནས་ ༢༨༣ན༧ བར་ཡིག་ཕྲེང་ ༣༩༤༤ ཚེག་ཁྱིམ་ ༢༣༡༥༥༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ས་མང་། པོད་རྟགས། ༼ཛི༽ ཚན་གྲངས་ ༡ ས་ ༡-༡༧ ལེའུ་ ༡-༢༧ བམ་པོ་ ༡-༢༦ ལྡེབ་ ༡ན༡ ནས་ ༢༣༢ན༨ བར་ཡིག་ཕྲེང་ ༥༢༩༡ ཚེག་ཁྱིམ་ ༢༣༠༥༡༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཛི༽ ཚན་གྲངས་ ༡ ས་ ༡༡༧ ལེའུ་ ༡-༢༧ བམ་པོ་ ༡༢༦ ལྡེབ་ ༡ན༡ ནས་ ༣༠༨ན༥ བར་ཡིག་ཕྲེང་ ༤༢༨༤ ཚེག་ཁྱིམ་ ༢༣༠༥༠༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཚི༽ ཚན་གྲངས་ ༡ ས་ ༡-༡༧ ལེའུ་ ༡-༢༧ བམ་པོ་ ༡-༢༦ ལྡེབ་ ༡ན༡ ནས་ ༢༨༥ན༧ བར་ཡིག་ཕྲེང་ ༣༩༧༢ ཚེག་ཁྱིམ་ ༢༣༡༥༥༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼ཚི༽ དེབ་ཨང་ ༧༢ ཤོག་གྲངས་ ༦༧༡ ནས་ ༡༣༤༣ བར་བཞུགས་པ་བཅས་སོ།།
དཀར་ཆག་གི་ཟུར་མཆན། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་དང་པོ། རྣལ་འབྱོར་སྤྱོད་པའི་སའི་དངོས་གཞི་ལ་ནང་གསེས་ས་བཅུ་བདུན་བཞུགས་པ་ལས། བཅུ་གསུམ་པ་ཉན་ཐོས་ཀྱི་ས་དང་། བཅོ་ལྔ་པ་བྱང་ཆུབ་སེམས་དཔའི་ས་གཉིས་གླེགས་བམ་ལོགས་སུ་ ༼ཛི༽ ༼ཝི༽ གཉིས་དང་། གཞན་རྣམས་གླེགས་བམ་ ༼ཚི༽ བྱས་ཏེ་བསྒྲིགས་འདུག་པ་ལྟར། འདི་ཡང་དེ་ལྟར་གླེགས་བམ་ ༼ཚི༽ ༼ཛི༽ ༼ཝི༽ གསུམ་ཆོས་ཚན་གཅིག་བྱས་ཏེ་བསྒྲིགས་ཡོད། འོན་ཀྱང་ཆོས་ཚན་འདིའི་མཚན་བྱང་གཞུང་ཡིག་གི་བོད་སྐད་དུ། ས་སྡེ་ལྔའི་སྤྱིའི་མཚན་བྱང་རྣལ་འབྱོར་སྤྱོད་པའི་ས་ཞེས་འཁོད་ཀྱང་། འདིར་སྡེ་བསྟན་དཀར་ཆག་ལ་གཞིར་བྱས་ཏེ་རྣལ་འབྱོར་སྤྱོད་པའི་སའི་དངོས་གཞིའི་ས་བཅུ་བདུན་ལས་དང་པོ་ནས་བཅུ་གཉིས་པའི་བར་དང་། བཅུ་བཞི་པ་དང་། བཅུ་དྲུག་པ། བཅུ་བདུན་པ་རྣམས་ལ་རྣལ་འབྱོར་སྤྱོད་པའི་ས་ལས་དངོས་གཞིའི་ས་མང་པོ། ཞེས་དང་། བཅུ་གསུམ་པ་ལ་རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་དང་། བཅོ་ལྔ་པ་ལ་རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས། ཞེས་བཀོད་དེ་བསྒྲིགས་ཡོད། གཞན་ཡང་ཐོགས་མེད་ཀྱི་ས་སྡེ་ལྔ་སྤྱིར་ཆོས་ཚན་གཅིག་ཡིན་ཡང་། སྡེ་བསྟན་དུ་རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ། ཞེས་དང་། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་བཞུགས། ཞེས་སོགས་མཚན་བྱང་འཕར་མའང་ཟུར་དུ་བཀོད་དེ་ཆོས་ཚན་ལྔ་བྱས་ཏེ་བསྒྲིགས་འདུག་པ་ལྟར་འདིར་ཡང་དེ་ལྟར་བསྒྲིགས་ཡོད།།
ཁ༽ དངོས་གཞིའི་ཡ་གྱལ། ཉན་ཐོས་ཀྱི་ས།
༡༠༽ སེམས་ཙམ་ ༼ཛི༽ པ་ལ། རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས། (སཾ་བོད་ཀྱི་མཚན་གོང་དང་འདྲ།) རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་ཤླཽ་ཀ་དྲུག་སྟོང་ཡོད་དོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཛི༽ ཚན་གྲངས་ ༡ ས་ ༡-༡༧ ལེའུ་ ༡-༢༧ བམ་པོ་ ༡-༢༠ ལྡེབ་ ༡ན༡ ནས་ ༡༩༥ན༧ བར་ཡིག་ཕྲེང་ ༢༧༡༢ ཚེག་ཁྱིམ་ ༡༥༨༦༧༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཉན་ཐོས་ཀྱི་ས། པོད་རྟགས། ༼ཝི༽ ཚན་གྲངས་ ༡ ས་ ༡-༡༧ ལེའུ་ ༡-༢༧ བམ་པོ་ ༡-༢༠ ལྡེབ་ ༡ན༡ ནས་ ༢༣༦ན༨ བར་ཡིག་ཕྲེང་ ༣༧༥༥ ཚེག་ཁྱིམ་ ༡༥༧༩༦༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཝི༽ ཚན་གྲངས་ ༡ ས་ ༡༡༧ ལེའུ་ ༡-༢༧ བམ་པོ་ ༡༢༠ ལྡེབ་ ༡ན༡ ནས་ ༢༠༩ན༥ བར་ཡིག་ཕྲེང་ ༢༧༩༨ ཚེག་ཁྱིམ་ ༡༥༧༨༧༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཛི༽ ཚན་གྲངས་ ༡ ས་ ༡-༡༧ ལེའུ་ ༡-༢༧ བམ་པོ་ ༡-༢༠ ལྡེབ་ ༡ན༡ ནས་ ༢༠༡ན༧ བར་ཡིག་ཕྲེང་ ༢༧༩༦ ཚེག་ཁྱིམ་ ༡༥༨༦༧༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼ཛི༽ དེབ་ཨང་ ༧༣ ཤོག་གྲངས་ ༣ ནས་ ༤༨༥ བར་བཞུགས་པ་བཅས་སོ།། །།
ག༽ དངོས་གཞིའི་ཡ་གྱལ། བྱང་ཆུབ་སེམས་དཔའི་ས།
༡༡༽ སེམས་ཙམ་ ༼ཝི༽ པ་ལ། རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས་ (དང་པོའི་གོ་རིམ།)། (སཾ་བོད་ཀྱི་མཚན་གོང་དང་འདྲ།) རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤླཽ་ཀ་དྲུག་སྟོང་བདུན་བརྒྱ་ལྔ་བཅུ་ཡོད་དོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་པར་མ་ཟད། རྒྱའི་སྐད་དུའང་། (瑜伽師地論本地分 T30, No1579) བསྒྱུར་ནས་བཞུགས་སོ།།
༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[3]། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་བྱང་ཆུབ་སེམས་དཔའི་ས་ལས་གསུངས་པའི་བྱང་སྡོམ་འབོགས་ཆོག་བྱང་ཆུབ་གཞུང་ལམ་དུ་གསུངས་པ་དེ་རྒྱུན་ཆད་ནས་ཉམས་པར་གྱུར་པ་དེ་དུས་ཀྱི་མཐའ་འདིར་སླར་ཡང་ཕྱོགས་དུས་ཀུན་ཏུ་གསལ་བར་མཛད་པའི་བཀའ་དྲིན་ཚད་མེད་པར་བསྐྱངས་ཤིང་། དེ་ནི་མགོན་པོ་གང་ཉིད་རིང་ནས་འགྲོ་བ་རྣམས་ལ་གཅིག་ཏུ་བརྩེ་ཞིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་དམ་གྱི་མཐིལ་དུ་མཛད་པའི་དན་རྟགས་སུ་མངོན་པར་གསལ་བ་དང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོའི་བླ་ན་མེད་པའི་རྣམ་པར་ཐར་པ་ཞིག་ཏུ་འཁུམས་སོ། །ཞེས་ཡོངས་འཛིན་གླིང་རིན་པོ་ཆེའི་དྲུང་ནས་གསན་པར་གསུངས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཝི༽ ཚན་གྲངས་ ༡ ས་ ༡-༣ ལེའུ་ ༡-༢༧ བམ་པོ་ ༡-༢༢ ལྡེབ་ ༡ན༡ ནས་ ༢༡༣ན༧ བར་ཡིག་ཕྲེང་ ༢༩༦༤ ཚེག་ཁྱིམ་ ༡༧༨༦༡༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བྱང་ས། པོད་རྟགས། ༼ཞི༽ ཚན་གྲངས་ ༡ ས་ ༡-༡༧ ལེའུ་ ༡-༢༧ བམ་པོ་ ༡-༢༢ ལྡེབ་ ༡ན༡ ནས་ ༢༤༧ན༨ བར་ཡིག་ཕྲེང་ ༣༩༣༡ ཚེག་ཁྱིམ་ ༡༧༧༨༡༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཞི༽ ཚན་གྲངས་ ༡ ས་ ༡༣ ལེའུ་ ༡-༢༧ བམ་པོ་ ༡༢༢ ལྡེབ་ ༡ན༡ ནས་ ༢༤༠ན༤ བར་ཡིག་ཕྲེང་ ༣༣༤༥ ཚེག་ཁྱིམ་ ༡༧༧༧༩༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཝི༽ ཚན་གྲངས་ ༡ ས་ ༡-༣ ལེའུ་ ༡-༢༧ བམ་པོ་ ༡-༢༢ ལྡེབ་ ༡ན༡ ནས་ ༢༡༥ན༧ བར་ཡིག་ཕྲེང་ ༢༩༩༤ ཚེག་ཁྱིམ་ ༡༧༨༥༣༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼ཝི༽ དེབ་ཨང་ ༧༣ ཤོག་གྲངས་ ༥༢༥ ནས་ ༡༠༥༤ བར་བཞུགས་པ་བཅས་སོ།། །།
ས་སྡེ་ལྔའི་གཉིས་པ། རྣམ་པར་གཏན་ལ་དབབ་པ་བསྡུ་བ། (སྟོད་ཆ།)
༡༢༽ སྟོད་ཆ། སེམས་ཙམ་ ༼ཞི་སྟོད་༽ ལ། རྒྱ་གར་སྐད་མི་སྣང་། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ། བམ་པོ་བཞི་བཅུ་རྩ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཞི༽ ཚན་གྲངས། ༡ བམ་པོ་ ༤༣ ལྡེབ་ ༡ན༡ ༢༨༩ན༧ བར་ཡིག་ཕྲེང་ ༤༠༢༨ ཚེག་ཁྱིམ་ ༢༢༣༢༢༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྣམ་པར་གཏན་དབབ། པོད་རྟགས། ༼ཟི༽ ཚན་གྲངས། ༡ བམ་པོ་ ༤༣ ལྡེབ་ ༡ན༡ ནས་ ༡༢༧ན༤ བར་ཡིག་ཕྲེང་ ༤༨༤༢ ཚེག་ཁྱིམ་ ༢༢༡༨༠༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཟི༽ ཚན་གྲངས། ༡ བམ་པོ་ ༤༣ ལྡེབ་ ༡ན༡ ནས་ ༣༠༤ན༧ བར་ཡིག་ཕྲེང་ ༤༤༠༩ ཚེག་ཁྱིམ་ ༢༢༡༨༡༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཞི༽ ཚན་གྲངས། ༡ བམ་པོ་ ༤༣ ལྡེབ་ ༡ན༡ ནས་ ༡༤༢བ༨ བར་ཡིག་ཕྲེང་ ༤༡༢༦ ཚེག་ཁྱིམ་ ༢༢༣༢༢༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼ཞི༽ དེབ་ཨང་ ༧༤ ཤོག་གྲངས་ ༣ ནས་ ༧༠༠ བར་བཞུགས་པ་བཅས་སོ།། །།
ས་སྡེ་ལྔའི་གཉིས་པ། རྣམ་པར་གཏན་ལ་དབབ་པ་བསྡུ་བ། (སྨད་ཆ།)
༡༣༽ སྨད་ཆ། སེམས་ཙམ་ ༼ཟི་སྨད་༽ ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ། བམ་པོ་སུམ་ཅུ་རྩ་གསུམ་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཟི༽ ཚན་གྲངས། ༡ བམ་པོ་ ༤༣ ལྡེབ་ ༡ན༡ ༡༢༧ན༤ བར་ཡིག་ཕྲེང་ ༡༧༥༧ ཚེག་ཁྱིམ་ ༡༠༢༩༡༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྣམ་པར་གཏན་དབབ། པོད་རྟགས། ༼འི༽ ཚན་གྲངས། ༡ བམ་པོ་ ༤༣ ལྡེབ་ ༡ན༡ ནས་ ༡༤༢ན༧ བར་ཡིག་ཕྲེང་ ༢༢༥༩ ཚེག་ཁྱིམ་ ༡༠༢༡༨༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼འི༽ ཚན་གྲངས། ༡ བམ་པོ་ ༤༣ ལྡེབ་ ༡ན༡ ནས་ ༡༣༢བ༡ བར་ཡིག་ཕྲེང་ ༡༨༢༣ ཚེག་ཁྱིམ་ ༡༠༢༠༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཟི༽ ཚན་གྲངས། ༡ བམ་པོ་ ༤༣ ལྡེབ་ ༡ན༡ ནས་ ༡༢༨བ༥ བར་ཡིག་ཕྲེང་ ༡༧༧༩ ཚེག་ཁྱིམ་ ༡༠༣༩༡༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼ཟི༽ དེབ་ཨང་ ༧༤ ཤོག་གྲངས་ ༧༤༧ ནས་ ༡༠༤༦ བར་བཞུགས་པ་བཅས་སོ།། །།
(དཀར་ཆག་གི་ཟུར་མཆན། ཆོས་ཚན་འདིའི་སྟོད་སེམས་ཙམ་ཞི་པོད་དང་། སྨད་ཆ་ཟི་པོད་ནང་
གསལ་བ་ལྟར་པར་མ་གཤིབ་བསྡུར་གྱི་བསྡུར་འབྲས་ཀྱང་སྟོད་སྨད་སོ་སོར་བཀོད་པའོ།།)
ས་སྡེ་ལྔའི་གསུམ་པ། ༼སྟོད་ཆ།༽ གཞི་བསྡུ་བ།
༡༤༽ སྟོད་ཆ། སེམས་ཙམ་ ༼ཟི་སྨད་༽ ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བ་བཞུགས། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྣལ་འབྱོར་སྤྱོད་པ་གཞི་བསྡུ་བ་ལས་ཤླཽ་ཀ་དྲུག་སྟོང་བདུན་བརྒྱ་དགུ་བཅུ་རྩ་གསུམ་དང་། བམ་པོ་ཉེར་གཉིས་མཆིས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཟི༽ ཚན་གྲངས། ༡ ལྡེབ་ ༡༢༧ན༡ ནས་ ༣༣༥ན༧ བར་ཡིག་ཕྲེང་ ༢༩༤༤ ཚེག་ཁྱིམ་ ༣༣༣༩༩༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྣམ་པར་གཏན་དབབ། པོད་རྟགས། ༼འི༽ ཚན་གྲངས། ༡ ལྡེབ་ ༡༤༣ན༡ ནས་ ༣༨༢ན༥ བར་ཡིག་ཕྲེང་ ༣༨༢༩ ཚེག་ཁྱིམ་ ༣༣༣༢༧༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼འི༽ ཚན་གྲངས། ༡ ལྡེབ་ ༡༣༢ན༡ ནས་ ༣༥༥ན༤ བར་ཡིག་ཕྲེང་ ༣༡༡༩ ཚེག་ཁྱིམ་ ༣༣༣༢༨༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཟི༽ ཚན་གྲངས། ༡ ལྡེབ་ ༡༢༨ན༥ ནས་ ༣༤༣ན༧ བར་ཡིག་ཕྲེང་ ༣༠༠༦ ཚེག་ཁྱིམ་ ༣༣༣༩༩༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼ཟི༽ དེབ་ཨང་ ༧༤ ཤོག་གྲངས་ ༡༠༦༦ ནས་ ༡༥༦༢ བར་བཞུགས་པ་བཅས་སོ།། །།
ས་སྡེ་ལྔའི་གསུམ་པ། ༼སྨད་ཆ།༽ འདུལ་བ་བསྡུ་བ།
༡༥༽ སྨད་ཆ། སེམས་ཙམ་ ༼འི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས་ལས་གཞི་བསྡུ་བའམ། རྣལ་འབྱོར་སྤྱོད་པའི་ས་ལས་འདུལ་བ་བསྡུ་བ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། ཛི་ན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས། ༡ ལྡེབ་ ༡ན༡ ནས་ ༢༢ན༧ བར་ཡིག་ཕྲེང་ ༢༩༠ ཚེག་ཁྱིམ་ ༡༧༥༤༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་བ་བསྡུ། པོད་རྟགས། ༼ཡི༽ ཚན་གྲངས། ༡ ལྡེབ་ ༡ན༡ ནས་ ༢༧ན༣ བར་ཡིག་ཕྲེང་ ༤༠༦ ཚེག་ཁྱིམ་ ༡༧༤༨༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཡི༽ ཚན་གྲངས། ༡ ལྡེབ་ ༡ན༡ ནས་ ༢༥བ༤ བར་ཡིག་ཕྲེང་ ༣༢༨ ཚེག་ཁྱིམ་ ༡༧༥༠༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས། ༡ ལྡེབ་ ༡ན༡ ནས་ ༢༣བ༢ བར་ཡིག་ཕྲེང་ ༣༠༧ ཚེག་ཁྱིམ་ ༡༧༥༤༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼འི༽ དེབ་ཨང་ ༧༥ ཤོག་གྲངས་ ༣ ནས་ ༥༤ བར་བཞུགས་པ་བཅས་སོ།། །།
(དཀར་ཆག་གི་ཟུར་མཆན། སེམས་ཙམ་ཟི་དང་འི་གཉིས་ཀ་ཆོས་ཆན་གཅིག་
ཡིན་ནའང་། གླེགས་བམ་སྟོད་སྨད་གཉིས་སུ་འཁོད་པ་ལྟར་འདིར་ཡང་
བསྡུར་འབྲས་ཀྱི་དཀར་ཆག་སོ་སོར་བཀོད་པའོ།།)
ས་སྡེ་ལྔའི་བཞི་པ། རྣམ་གྲངས་བསྡུ་བ།
༡༦༽ སེམས་ཙམ་ ༼འི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་གྲངས་བསྡུ་བ། འདི་ལ་ཤླཽ་ཀ་བདུན་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས། ༢ ལྡེབ་ ༢༢བ༡ ནས་ ༤༧བ༧ བར་ཡིག་ཕྲེང་ ༣༥༧ ཚེག་ཁྱིམ་ ༢༡༡༥༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་བསྡུ། པོད་རྟགས། ༼ཡི༽ ཚན་གྲངས། ༢ ལྡེབ་ ༢༧ན༣ ནས་ ༥༦བ༡ བར་ཡིག་ཕྲེང་ ༤༧༡ ཚེག་ཁྱིམ་ ༢༠༩༩༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཡི༽ ཚན་གྲངས། ༢ ལྡེབ་ ༢༥བ༤ ནས་ ༥༢བ༦ བར་ཡིག་ཕྲེང་ ༣༨༡ ཚེག་ཁྱིམ་ ༢༠༩༩༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས། ༢ ལྡེབ་ ༢༣བ༣ ནས་ ༥༠ན༡ བར་ཡིག་ཕྲེང་ ༣༧༠ ཚེག་ཁྱིམ་ ༢༡༡༥༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼འི༽ དེབ་ཨང་ ༧༥ ཤོག་གྲངས་ ༥༩ ནས་ ༡༢༢ བར་བཞུགས་པ་བཅས་སོ།། །།
ས་སྡེ་ལྔའི་ལྔ་པ། རྣམ་པར་བཤད་པ་བསྡུ་བ།
༡༧༽ སེམས་ཙམ་ ༼འི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རྣལ་འབྱོར་སྤྱོད་པའི་ས་ལས་རྣམ་པར་བཤད་པ་བསྡུ་བ། རྣལ་འབྱོར་སྤྱོད་པའི་ས་འདི་ནི་འཕགས་པ་ཐོགས་མེད་བདག་བཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བྱང་བར་བརྙེས་པ་འཕགས་པ་མི་ཕམ་པའི་ཞབས་ཀྱི་པདྨོ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ་དང༌། སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པ། འདི་ལ་ཤླཽ་ཀ་ལྔ་བརྒྱ་བདུན་ཅུ་རྩ་ལྔ་ཡོད་དོ། །སྤྱིར་ཤླཽ་ཀ་བཞི་ཁྲི་ལྔ་སྟོང་ཡོད་དོ། །བམ་པོ་ནི་བརྒྱ་དང་ལྔ་བཅུ་ཡོད་དོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས། ༣ བམ་པོ་ ༢ ལྡེབ་ ༤༧བ༧ ནས་ ༦༨བ༧ བར་ཡིག་ཕྲེང་ ༢༩༥ ཚེག་ཁྱིམ་ ༡༧༦༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འདུལ་བསྡུ། པོད་རྟགས། ༼ཡི༽ ཚན་གྲངས། ༣ ལྡེབ་ ༥༦བ༡ ནས་ ༨༢ན༦ བར་ཡིག་ཕྲེང་ ༤༡༤ ཚེག་ཁྱིམ་ ༡༧༦༡༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཡི༽ ཚན་གྲངས། ༣ ལྡེབ་ ༥༢བ༦ ནས་ ༧༧བ༣ བར་ཡིག་ཕྲེང་ ༣༤༨ ཚེག་ཁྱིམ་ ༡༧༦༡༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼འི༽ ཚན་གྲངས། ༣ ལྡེབ་ ༥༠བ༡ ནས་ ༧༡ན༧ བར་ཡིག་ཕྲེང་ ༣༠༡ ཚེག་ཁྱིམ་ ༡༧༦༧༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼འི༽ དེབ་ཨང་ ༧༥ ཤོག་གྲངས་ ༡༢༩ ནས་ ༡༨༣ བར་བཞུགས་པ་བཅས་སོ།།
༡༨༽ སེམས་ཙམ་ ༼རི༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་ཡ་ན་སཾ་གྲ་ཧ། བོད་སྐད་དུ། ཐེག་པ་ཆེན་པོ་བསྡུས་པ། སློབ་དཔོན་ཆེན་པོ་ཐོགས་མེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤྲཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་བའོ། །གཞུང་ཚད་བམ་པོ་བཞི་མཆིས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་ཆ་ཤས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼རི༽ ཚན་གྲངས་ ༡ བམ་པོ་ ༤ ལྡེབ་ ༡ན༡ ནས་ ༤༣ན༧ བར་ཡིག་ཕྲེང་ ༥༨༤ ཚེག་ཁྱིམ་ ༣༥༠༠༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཐེག་བསྡུས། པོད་རྟགས། ༼ལི༽ ཚན་གྲངས་ ༡ བམ་པོ་ ༤ ལྡེབ་ ༡ན༡ ནས་ ༤༡ན༦ བར་ཡིག་ཕྲེང་ ༧༣༦ ཚེག་ཁྱིམ་ ༣༤༧༨༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ལི༽ ཚན་གྲངས་ ༡ བམ་པོ་ ༤ ལྡེབ་ ༡ན༡ ནས་ ༤༧ན༦ བར་ཡིག་ཕྲེང་ ༦༣༡ ཚེག་ཁྱིམ་ ༣༤༧༧༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼རི༽ ཚན་གྲངས་ ༡ བམ་པོ་ ༤ ལྡེབ་ ༡ན༡ ནས་ ༤༣ན༧ བར་ཡིག་ཕྲེང་ ༥༨༤ ཚེག་ཁྱིམ་ ༣༥༠༠༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼རི༽ དེབ་ཨང་ ༧༦ ཤོག་གྲངས་ ༣ ནས་ ༡༠༧ བར་བཞུགས་པ་བཅས་སོ།།
༡༩༽ སེམས་ཙམ་ ༼རི༽ པ་ལ། རྒྱ་གར་སྐད་དུ། ཨ་བྷི་དྷརྨ་ས་མུཙྪ་ཡ། བོད་སྐད་དུ། (ཐེག་པ་ཐུན་མོང་གི་སྡོམ་) ཆོས་མངོན་པ་ཀུན་ལས་བཏུས་པ། མཇུག་བྱང་ལས[4]། བསྟན་བཅོས་འདི་ཅིའི་ཕྱིར་ཆོས་མངོན་པ་ཀུན་ལས་བཏུས་པ་ཞེས་བྱ་ཞེ་ན། རྟོགས་ནས་བསྡུས་པའི་ཕྱིར་རོ། །ཀུན་ནས་བསྡུས་པའི་ཕྱིར་རོ། །ཡང་དག་པར་མཐོ་བའི་གནས་ཡིན་པའི་ཕྱིར་རོ། །ཆོས་མངོན་པ་ཀུན་ལས་བཏུས་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤྲཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱུང་ལ། གཞུང་ཚད་བམ་པོ་ལྔ་པ་མཆིས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
མངོན་པ་ཀུན་བཏུས་བོད་དུ་བཤད་རྒྱུན་ཇི་ལྟར་བྱུང་ཚུལ་ནི། ཕྱི་ལོའི་དུས་རབས་བརྒྱད་པ་ན་ལོ་ཙཱ་བ་ཆེན་པོ་ཞང་ཡེ་ཤེས་སྡེས་བོད་སྐད་དུ་བསྒྱུར་བ་ལས་འཆད་ཉན་གྱི་རྒྱུན་སྤེལ་བར་མཛད་དེ། དེ་ཡང་འགོས་ལོ་ཙཱ་བས་[5]ཀུན་བཏུས་ཀྱི་བཤད་རྒྱུན་ཁག་ཁ་ཤས་ངོས་འཛིན་མཛད་ལ། འདིར་རྒྱལ་ཚབ་རིན་པོ་ཆེའི་དར་ཊཱིཀ་གི་འཇུག་བྱང་ལས[6]། ཆོས་འདི་ཡི་བརྒྱུད་པ་ནི། ཐུབ་པའི་དབང་པོ། བྱམས་པ་མགོན་པོ། ཐོགས་མེད། དབྱིག་གཉེན། བློ་བརྟན། གང་སྤེལ། ཛི་ན་མི་ཏྲ། སྐ་ཅོག་ཞང་གསུམ། དཔལ་གྱི་རྡོ་རྗེ། ཟླ་བའི་རྡོ་རྗེ། རྒྱལ་བའི་ཡེ་ཤེས། མཆོག་གི་ཡེ་ཤེས། སེ་བཙུན་གཞོན་ནུ་དབང་ཕྱུག །འགར་མི་ཉག་ཡོན་ཏན་གཡུང་དྲུང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། རྭ་རྒྱ་ལི་གསུམ། བྲང་ཏི་དར་མ་སྙིང་པོ། ཀོའུ་ཡེ་ཤེས་འབྱུང་གནས། འབན་དཀོན་མཆོག་རྡོ་རྗེ། ཐོ་ཀུན་དགའ་རྡོ་རྗེ། མཛད་པ་སྟོན་སྐྱབས། མཛད་པ་གཞོན་བྱང་། འབྲིང་མཚམས་པ་ཞང་སྤྱི་དཀར་བ་ཆེན་པོ། བོ་དོང་བ་རིན་ཆེན་རྩེ་མོ། སྟག་སྟེ་པ་སེངྒེ་རྒྱལ་མཚན། དཔང་ལོ་ཙྪ་བ་བློ་གྲོས་བརྟན་པ། སྐད་གཉིས་སྨྲ་བ་བྱང་ཆུབ་རྩེ་མོ། རེད་མདའ་བ་གཞོན་ནུ་བློ་གྲོས། རྗེ་རིན་པོ་ཆེ་བློ་བཟང་གྲགས་པ། ཡབ་སྲས་གཉིས་ཀ་ལ། བདག་དར་མ་རིན་ཆེན་གྱིས་ཐོས་སོ། ། ཡང་རིག་ཆོས་ཀྱི་བརྩོན་འགྲུས་ནས་བཟུང་སྟེ། དོན་གྲུབ་རིན་ཆེན་གྱིས་བར་དུ་བརྒྱུད་པ་ཡང་ཐོས་སོ། །ཞེས་འབྱུང་བ་ལྟར་འཆད་ཉན་དར་ཁྱབ་བྱུང་ཞིང་། ལྷག་པར་གདན་ས་ཨེ་ལ་དམིགས་བསལ་འཆད་ཉན་རྒྱས་པ་སོགས་མདོར་ན་བོད་ཡུལ་དུ་ད་ལྟའི་བར་དུ་མངོན་པ་ཀུན་བཏུས་ལ་འཆད་ཉན་རྒྱུན་མ་ཆད་པར་གནས་སོ།།
རྒྱ་འགྲེལ་བོད་བསྒྱུར་དུ་བཞུགས་པ་ཡོངས་གྲགས་སློབ་དཔོན་རྒྱལ་བའི་སྲས་ཀྱིས་མཛད་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་སྟེ་འགྲེལ་པ་རྒྱལ་སྲས་མ་དང་། སློབ་དཔོན་ཡེ་ཤེས་བཤེས་གཉེན་གྱིས་མཛད་པའི་འགྲེལ་པ་དང་གཉིས་སོ། །བསྟན་འགྱུར་ཁྲོད་དུ་བཞུགས་པའི་མངོན་པ་ཀུན་བཏུས་ཀྱི་འགྲེལ་པ་རྒྱལ་སྲས་མ་རྒྱས་བསྡུས་གཉིས་སུ་བཞུགས་པ་ནི། སྔ་ཕྱིའི་འགྱུར་ཁྱད་ཙམ་ལས་རྩ་བའི་འགྲེལ་པ་གཅིག་ཡིན་པ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་བསྟན་འགྱུར་གྱི་དཀར་ཆག་[7]ཏུ་གསལ་བ་ལྟར་འཐད་པར་སེམས་སོ།།
བོད་འགྲེལ་གྱི་དབང་དུ་བྱས་ན། དེ་ཡང་འགོས་ལོའི་དེབ་སྔོན་ལས[8]། བུ་སྟོན་རིན་པོ་ཆེ་ཡན་ཆོད་བརྒྱུད་པའི་བླ་མ་དེ་རྣམས་ཀྱིས་ཊཱིཀྐ་ཤིན་ཏུ་རྒྱས་པ་མཛད་པ་མང་པོ་སྣང་ལ། ཞེས་གསུངས་པ་ལྟར། བཀའ་གདམས་པ་བཟད་པ་གཞོན་ནུའི་བྱང་ཆུབ་ཀྱི་གསུང་མངོན་པ་ཀུན་ལས་བཏུས་པའི་ཊཱིཀྐ་ཤེས་བྱ་ཐམས་ཅད་གསལ་བར་བྱེད་པའི་སྒྲོན་མེ་ནི་བོད་འགྲེལ་ཐོག་མ་དེ་ཡིན་པར་སྣང་ལ། དེ་རྗེས་བཅོམ་ལྡན་རིག་རལ་གྱིས་མཛད་པའི་ཀུན་བཏུས་རྣམ་བཤད་རྒྱན་གྱི་མེ་ཏོག་དང་། རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་དང་། དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་སྙིང་པོ་ལེགས་བཤད་ནོར་བུའི་ཕྲེང་བ། བུ་སྟོན་རིན་པོ་ཆེའི་རྣམ་བཤད་ཉི་མའི་འོད་ཟེར། ཤཱཀྱ་མཆོག་ལྡན་གྱི་མངོན་པ་ཀུན་ལས་བཏུས་པའི་རྣམ་བཤད་རྣལ་འབྱོར་སྤྱོད་གཟུང་རྒྱ་མཚོའི་རླབས་ཕྲེང་། དོལ་པ་རྒྱ་རིངས་པའི་ཊཱིཀྐ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་གི་འགྲེལ་པ། དཔང་ལོ་བློ་གྲོས་བརྟན་པའི་རྣམ་བཤད་ཤེས་བྱའི་གསལ་བྱེད། ས་བཟང་མ་ཏི་པཎ་ཆེན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་དམ་པའི་ཆོས་མངོན་པ་ཀུན་བཏུས་ཀྱི་འགྲེལ་པ་ཤེས་བྱ་རབ་གསལ་སྣང་བ། གཞོན་ནུ་བྱང་ཆུབ་ཀྱི་ཆོས་མངོན་པ་ཀུན་ལས་བཏུས་པའི་ཊཱིཀྐ་ཤེས་བྱ་ཐམས་ཅད་གསལ་བར་བྱེད་པའི་སྒྲོན་མེ། རྒྱལ་ཚབ་རིན་པོ་ཆེའི་དར་ཊཱིཀ་ཆོས་མངོན་རྒྱ་མཚོ་སྙིང་པོ། མི་ཕམ་རྒྱ་མཚོའི་མངོན་པ་ཀུན་བཏུས་ཀྱི་རྣམ་གྲངས་སྣ་ཚོགས་བཤད་པ། པཎ་ཆེན་བསོད་ནམས་གྲགས་པའི་ཆོས་མངོན་པ་ཀུན་བཏུས་ཀྱི་དཀའ་བའི་གནད་དགྲོལ་བའི་དཀའ་འགྲེལ་མཁས་པའི་ཡིད་འཕྲོག །གཞན་ཕན་ཆོས་ཀྱི་སྣང་བའི་མངོན་པ་ཀུན་བཏུས་ཀྱི་སྡོམ་བྱང་དང་མཆན་འགྲེལ། གྲགས་པ་རྒྱལ་མཚན་གྱི་དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་མཚན་ཉིད་རབ་ཏུ་གསལ་བ། གཞན་ཡང་མཛད་པ་པོ་མི་གསལ་བའི་འགྲེལ་བཤད་ཀུན་ལས་བཏུས་པའི་སྙིང་པོ་ཉི་མའི་འོད་ཟེར་དང་། མངོན་པ་ཀུན་བཏུས་ཀྱི་བཤད་པ་ཤེས་བྱ་རབ་གསལ། མངོན་པ་ཀུན་ལས་བཏུས་པའི་རྒྱན། མངོན་པ་ཀུན་བཏུས་ཀྱི་འགྲེལ་པ། ཆོས་མངོན་པ་ཀུན་ལས་བཏུས་པའི་བཤད་པ་རྣམ་བཤད་སྙིང་པོ་ལེགས་བཤད་ཀྱི་འོད་ཟེར། ཆོས་མངོན་པ་ཀུན་ལས་བཏུས་པའི་རྣམ་པར་བཤད་པ་གསལ་བའི་རྒྱན་སོགས་བོད་འགྲེལ་བཅུ་ཕྲག་གཉིས་ལྷག་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼རི༽ ཚན་གྲངས་ ༢ བམ་པོ་ ༥ ལྡེབ་ ༤༤བ༡ ནས་ ༡༢༠ན༧ བར་ཡིག་ཕྲེང་ ༡༠༦༤ ཚེག་ཁྱིམ་ ༥༩༦༨༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཐེག་བསྡུས། པོད་རྟགས། ༼ལི༽ ཚན་གྲངས་ ༢ བམ་པོ་ ༥ ལྡེབ་ ༥༡ན༢ ནས་ ༡༤༡བ༢ བར་ཡིག་ཕྲེང་ ༡༤༤༩ ཚེག་ཁྱིམ་ ༥༩༤༧༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ལི༽ ཚན་གྲངས་ ༢ བམ་པོ་ ༥ ལྡེབ་ ༤༧ན༧ ནས་ ༡༢༩བ༥ བར་ཡིག་ཕྲེང་ ༡༡༥༤ ཚེག་ཁྱིམ་ ༥༩༤༧༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼རི༽ ཚན་གྲངས་ ༢ བམ་པོ་ ༥ ལྡེབ་ ༤༤ན༡ ནས་ ༡༢༠ན༧ བར་ཡིག་ཕྲེང་ ༡༠༧༡ ཚེག་ཁྱིམ་ ༥༩༦༧༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼རི༽ དེབ་ཨང་ ༧༦ ཤོག་གྲངས་ ༡༡༦ ནས་ ༢༩༧ བར་བཞུགས་པ་བཅས་སོ།།
༢༠༽ སེམས་ཙམ་ ༼ཧི༽ པ་ལ། རྒྱ་གར་སྐད་དུ། དྷྱ་ན་དཱི་པཾ་ནཱ་མོ་པ་དེ་ཤཱ། བོད་སྐད་དུ། བསམ་གཏན་གྱི་སྒྲོན་མ་ཞེས་བྱ་བའི་མན་ངག །རྣལ་འབྱོར་པ་མིག་གི་སྙིང་པོ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[9]། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཧི༽ ཚན་གྲངས་ ༤ ལྡེབ་ ༡༢༠བ༢ ནས་ ༡༢༦བ༧ བར་ཡིག་ཕྲེང་ ༩༠ ཚེག་ཁྱིམ་ ༥༡༢༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སུམ་ཅུ་པ། པོད་རྟགས། ༼ཀུ༽ ཚན་གྲངས་ ༤ ལྡེབ་ ༡༣༨ན༧ ནས་ ༡༤༥བ༦ བར་ཡིག་ཕྲེང་ ༡༢༠ ཚེག་ཁྱིམ་ ༥༠༨༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀུ༽ ཚན་གྲངས་ ༤ ལྡེབ་ ༡༤༡ན༡ ནས་ ༡༤༨ན༦ བར་ཡིག་ཕྲེང་ ༡༠༤ ཚེག་ཁྱིམ་ ༥༠༨༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སེམས་ཙམ། པོད་རྟགས། ༼ཧི༽ ཚན་གྲངས་ ༤ ལྡེབ་ ༡༢༠བ༡ ནས་ ༡༢༦བ༦ བར་ཡིག་ཕྲེང་ ༩༠ ཚེག་ཁྱིམ་ ༥༡༢༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ་ ༼ཧི༽ དེབ་ཨང་ ༧༨ ཤོག་གྲངས་ ༣༡༣ ནས་ ༣༢༩ བར་བཞུགས་པ་བཅས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བུ་སྟོན་ཆོས་འབྱུང་ལས། སའི་དངོས་གཞི་ས་བཅོ་ལྔ་པའི་བར་ས་མང་པོ་པ། ཞེས་པ་བམ་པོ་ཉི་ཤུ་རྩ་དྲུག །སའི་དངོས་གཞིའི་ཡ་གྱལ་ཉན་ཐོས་ཀྱི་ས། བམ་པོ་བཅོ་བརྒྱད། སའི་དངོས་གཞིའི་ཡ་གྱལ་བྱང་ཆུབ་སེམས་དཔའི་ས། བམ་པོ་སུམ་ཅུ་རྩ་བརྒྱད་དང་ཤོ་ལོ་ཀ་བརྒྱ་ཉི་ཤུ་རྩ་ལྔ། གཞི་བསྡུ་བ། བམ་པོ་བཅུ་དགུ་དང་ཤོ་ལོ་ཀ་བཅུ་དགུ། རྣམ་གྲངས་བསྡུ་བ། བམ་པོ་གཉིས་དང་ཤོ་ལོ་ཀ་བརྒྱ་ཉི་ཤུ་རྩ་ལྔ། རྣམ་པར་བཤད་པའི་སྒོ་བསྡུ་བ། བམ་པོ་གཅིག་དང་ཤོ་ལོ་ཀ་ཉིས་བརྒྱ་ལྔ་བཅུ། དེ་རྣམས་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། ཞེས་གསལ།།
[2] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༥༥
[3] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༣༧
[4] བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼རི༽ དེབ་ ༧༦ པ། ༡༩༩༤ ལོ། ཤོག་གྲངས་ ༢༩༧
[5] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༡༩
[6] རྒྱལ་ཚབ་དར་ཊཱིཀ ། ༼༥༽ བཤད་སྒྲུབ་ཟུང་འབྲེལ་དཔེ་སྐྲུན་ལྷན་ཚོགས། ༢༠༡༧ ལོ། ཤོག་གྲངས་ ༦༡༦
[7] བསྟན་འགྱུར་དཔེ་བསྡུར་མ། ༼ཤྲཱི༽ ༼པ༽ དེབ་ཨང་། པ། ༢༠༠༨ ལོ། ཤོག་གྲངས་ ༤༤༦
[8] དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༡༩
[9] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༨༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༥ ནས་ ༢༣༡ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།