དགུ་པ། སློབ་དཔོན་ཐོགས་མེད་ཀྱི་གསུང་གི་དཀར་ཆག
ཐོགས་མེད་དབྱིག་གཉེན་ཕྱོགས་ཀྱི་གླང་པོ་དང་། །
ཆོས་གྲགས་འཕགས་གྲོལ་སེངྒེ་བཟང་པོའི་ཞབས། །
ཡོན་ཤཱཀ་གཉིས་དང་མར་མེ་མཛད་དཔལ་བཅས། །
རྒྱ་ཆེན་སྤྱོད་བརྒྱུད་པཎ་གྲུབ་རྣམས་ལ་བསྟོད། །
ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། རྒྱ་ཆེན་སྤྱོད་བརྒྱུད་ཀྱི་པཎ་གྲུབ་རྣམ་བརྒྱད་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བཅས་ཀྱི་གསུང་འབུམ་གྱི་དཀར་ཆག་འགོད་པ་ལ། དང་པོ།
ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག
དང་པོ། བསྟོད་ཚོགས་སྐོར།
༡༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་མི་སྣང་། བོད་སྐད་དུ། ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་ལ་བསྟོད་པ། སློབ་དཔོན་ཐོགས་མེད་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཤྲཱི་ལེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༧ ལྡེབ་ ༦༡བ༦ ནས་ ༦༢བ༣ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༦༨། ༡༡-༡། ༡༣-༢། ཚེག་ཁྱིམ་ ༦༡༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༧ ལྡེབ་ ༧༡ན༢ ནས་ ༧༢ན༢ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༦༨། ༡༡-༡། ༡༣-༢། ཚེག་ཁྱིམ་ ༦༡༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༧ ལྡེབ་ ༦༨ན༡ ནས་ ༦༨བ༦ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༦༨། ༡༡-༡། ༡༣-༢། ཚེག་ཁྱིམ་ ༦༡༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༧ ལྡེབ་ ༧༠ན༦ ནས་ ༧༡ན༤ བར་ཡིག་ཕྲེང་ ༡༤ བཞུགས། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ ཤོག་གྲངས་ ༡༦༩ ནས་ ༡༧༡ བར་བཞུགས་པ་བཅས་སོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༧ ནས་ ༢༠༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།