སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་དཀར་ཆག དྲུག་པ། ཚད་མའི་སྐོར།

དྲུག་པ། ཚད་མའི་སྐོར།

 

༡༨༽ ཚད་མ་ ༼ཝེ༽ ལ། རྒྱ་གར་སྐད་དུ། ན་ཡ་བིནྡུ་པཱུརྦ་པཀྵེ་སཾ་ཀྵིཔྟ། བོད་སྐད་དུ། རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ། སློབ་དཔོན་མང་དུ་ཐོས་པ་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ཤུདྡྷ་སི་ཾཧ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཝེ༽ ཚན་གྲངས་ ༣ ལྡེབ་ ༩༢ན༢ ནས་ ༩༩བ༥ བར་ཡིག་ཕྲེང་ ༡༠༩ ཚེག་ཁྱིམ་ ༦༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རིགས་ཐིགས། པོད་རྟགས། ༼ཞེ༽ ཚན་གྲངས་ ༣ ལྡེབ་ ༡༡༣ན༡ ནས་ ༡༢༢བ༦ བར་ཡིག་ཕྲེང་ ༡༥༨ ཚེག་ཁྱིམ་ ༦༧༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཞེ༽ ཚན་གྲངས་ ༣ ལྡེབ་ ༡༠༦བ༧ ནས་ ༡༥༥ན༢ བར་ཡིག་ཕྲེང་ ༡༡༥ ཚེག་ཁྱིམ་ ༦༧༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཝེ༽ ཚན་གྲངས་ ༣ ལྡེབ་ ༩༥ན༡ ནས་ ༡༠༣ན༡ བར་ཡིག་ཕྲེང་ ༡༡༣ ཚེག་ཁྱིམ་ ༦༧༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ་ ༼ཝེ༽ དེབ་ཨང་ ༡༠༥ པ། ཤོག་གྲངས་ ༢༥༨ ནས་ ༢༧༧ བར་བཞུགས་པ་བཅས་སོ།།

༡༩༽ ཚད་མ་ ༼ཟེ༽ ༼འེ༽ གཉིས་ལ། རྒྱ་གར་སྐད་དུ། ཏཏྭ་སཾ་གྲ་ཧ་པཉྫི་ཀ །བོད་སྐད་དུ། དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ། སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་མཁས་པ་ཆེན་པོ་དེ་ཝེནྡྲ་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་གྲགས་འབྱོར་ཤེས་རབ་ཀྱིས་བསྒྱུར། འགྱུར་བྱང་ལས[1]། འདི་ལ་ཚིགས་སུ་བཅད་པ་ཁྲི་བརྒྱད་སྟོང༌ཡོད། བམ་པོ་དྲུག་ཅུར་བྱས་སོ། །ཞེས་གསལ། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།དཀར་ཆག་གི་ཟུར་མཆན། དེ་ཡང་ ༼སྟོད་ཆ་༽ དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་བརྟག་པ་དང་པོ་ནས་ཉི་ཤུ་རྩ་གཅིག་བར་དང་། ༼སྨད་ཆ་༽ དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས་བརྟག་པ་སྟེ་ཉི་ཤུ་རྩ་གཉིས་ནས་སོ་གཅིག་པའི་བར་གླེགས་བམ་གཉིས་སུ་བཞུགས་པ་ལྟར་བསྡུར་འབྲས་ཀྱང་སོ་སོར་བཀོད་པའོ།།

ཀ༽ སྟོད་ཆ། སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཟེ་༽ ཚན་གྲངས་ ༢ བརྟག་པ་ ༡-༢༡། ལྡེབ་ ༡༣༣ན༦ ནས་ ༣༦༣ན༧ བར་ཡིག་ཕྲེང་ ༣༢༢༢ ཚེག་ཁྱིམ་ ༡༩༣༣༢༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་བསྡུས་པ། པོད་རྟགས། ༼འེ༽ ཚན་གྲངས་ ༢ བརྟག་པ་ ༡-༢༡ བར། ལྡེབ་ ༡༥༩བ༢ ནས་ ༤༣༡བ༨ བར་ཡིག་ཕྲེང་ ༤༣༥༡ ཚེག་ཁྱིམ་ ༡༩༣༣༠༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼འེ༽ ཚན་གྲངས་ ༢ བརྟག་པ་ ༡-༢༡ བར། ལྡེབ་ ༡༤༦ན༥ ནས་ ༤༠༠ན༦ བར་ཡིག་ཕྲེང་ ༣༥༥༡ ཚེག་ཁྱིམ་ ༡༩༣༣༠༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དེ་ཁོ་ན་ཉིད། པོད་རྟགས། ༼ཟེ༽ ཚན་གྲངས་ ༢ བརྟག་པ་ ༡-༢༡ བར། ལྡེབ་ ༡༣༣ན༧ ནས་ ༣༦༧ན༧ བར་ཡིག་ཕྲེང་ ༣༢༧༦ ཚེག་ཁྱིམ་ ༡༩༣༣༢༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ་ ༼ཟེ༽ དེབ་ཨང་ ༡༠༧ པ། ཤོག་གྲངས་ ༣༥༣ ནས་ ༩༤༡ བར་བཞུགས་པ་བཅས་སོ།།

ཁ༽ སྨད་ཆ། སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼འེ་༽ ཚན་གྲངས་ ༡ བརྟག་པ་ ༢༢-༣༡། ལྡེབ་ ༡ན༡ ནས་ ༣༣༡བ༧ བར་ཡིག་ཕྲེང་ ༤༦༡༦ ཚེག་ཁྱིམ་ ༢༩༧༩༠༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་བསྡུས་པ། པོད་རྟགས། ༼ཡེ༽ ཚན་གྲངས་ ༡ བརྟག་པ་ ༢༢-༣༡ བར། ལྡེབ་ ༡ན༡ ནས་ ༤༠༥ན༧ བར་ཡིག་ཕྲེང་ ༦༤༥༨ ཚེག་ཁྱིམ་ ༢༩༤༤༤༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཡེ༽ ཚན་གྲངས་ ༡ བརྟག་པ་ ༢༢-༣༡ བར། ལྡེབ་ ༡ན༡ ནས་ ༣༨༥ན༥ བར་ཡིག་ཕྲེང་ ༥༣༦༢ ཚེག་ཁྱིམ་ ༢༩༧༩༨༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་དེ་ཁོ་ན་ཉིད། པོད་རྟགས། ༼འེ༽ ཚན་གྲངས་ ༡ བརྟག་པ་ ༢༢-༣༡ བར། ལྡེབ་ ༡ན༡ ནས་ ༣༥༢ན༧ བར་ཡིག་ཕྲེང་ ༤༩༡༠ ཚེག་ཁྱིམ་ ༢༩༧༩༠༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ་ ༼འེ༽ དེབ་ཨང་ ༡༠༧ པ། ཤོག་གྲངས་ ༩༩༡ ནས་ ༡༧༩༩ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཟེ༽ དེབ་ ༡༠༧ པ། ༢༠༠༨ ལོ། ཤོག་གྲངས་ ༩༤༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༧༥ ནས་ ༡༧༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *