བཞི་པ། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་གི་དཀར་ཆག དང་པོ། རྒྱུད་ཀྱི་སྐོར།

བཞི་པ། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་གི་དཀར་ཆག

ཀ༽ བསྟན་འགྱུར་ནང་བཞུགས་པའི་དཀར་ཆག

དང་པོ། རྒྱུད་ཀྱི་སྐོར།

 

༡༽ རྒྱུད་ ༼ཨ༽ པ་ལ། རྒྱ་གར་སྐད་དུ། པྲ་དཱེ་པོ་དྱོ་ཏ་ན་བི་ས་མ་པཉྩིཀཱ་ནཱ་མ། སྒྲོན་མ་གསལ་བར་བྱེད་པའི་དཀའ་བ་བཏུས་པའི་འགྲེལ་པ་ཞེས་བྱ་བ། མཇུག་བྱང་ལས[1]། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པ། སྒྲོན་མ་གསལ་བར་བྱེད་པའི་རྡོ་རྗེའི་ཚིག་གི་དཀའ་བ་བཏུས་ཏེ་བཤད་པ་ཞེས་བྱ་བ་རྫོགས་སོ། །ཞེས་བྱུང་ལ།

རྒྱ་གར་གྱི་མཁན་པོ་རྒྱལ་བ་མཆོག་གི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དཔལ་ཤཱཀྱ་བརྩོན་འགྲུས་ཀྱིས་མཉན་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་རིམ་ལྔ་གསལ་སྒྲོན་ལས[2]། སྤྱོད་བསྡུས་ཀྱི་འགྲེལ་པ་དང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་འགྲེལ་པ་གཉིས་ནི་སྔར་བཤད་ཟིན་ཏོ། །སྒྲོན་གསལ་གྱི་འགྲེལ་བཤད་སྒྲོན་མ་རབ་གསལ་དང༌། སྒྲོན་གསལ་གྱི་མདོར་བཤད་སྙིང་གི་མེ་ལོང་དང༌། སྒྲོན་གསལ་གྱི་འགྲེལ་བཤད་ཐུགས་རྗེ་དཔལ་ཞབས་ཀྱིས་མཛད་པ་དང༌། སྒྲོན་གསལ་གྱི་བཤད་སྦྱར་ཀུ་ལ་དྷ་རས་མཛད་པ་དང༌། སྒྲོན་གསལ་གྱི་དཀའ་བ་བཏུས་པའི་བཤད་པ་ལེགས་ལྡན་འབྱེད་ཀྱིས་མཛད་པ་འདི། ལེགས་ལྡན་འབྱེད་ཤེས་རབ་སྒྲོན་མེ་རྩོམ་པ་པོ་དང་མིང་མཐུན་པ་ཞིག་གོ །ཞེས་གསུངས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཨ༽ ཚན་གྲངས་ ༥ ལེའུ་ ༡༧ ལྡེབ་ ༢༠༡བ ཕྲེང་ ༤ ནས་ ༢༡༢ན་ ཕྲེང་ ༧ བར་ཡིག་ཕྲེང་ ༡༥༡ ཚིག་ཁྱིམ་ ༩༣༡༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཧ༽ ཚན་གྲངས་ ༥ ལེའུ་ ༡༧ ལྡེབ་ ༢༤༢བ། ཕྲེང་ ༤ ནས་ ༢༥༧ན། ཕྲེང་ ༨ བར་ཡིག་ཕྲེང་ ༢༣༧ ཚེག་ཁྱིམ་ ༩༢༨༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཧ༽ ཚན་གྲངས་ ༥ ལེའུ་ ༡༧ ལྡེབ་ ༢༣༢བ། ཕྲེང་ ༥ ནས་ ༢༤༦ན། ཕྲེང་ ༧ བར་ཡིག་ཕྲེང་ ༡༩༢ ཚེག་ཁྱིམ་ ༩༢༩༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཨ༽ ཚན་གྲངས་ ༥ ལེའུ་ ༡༧ ལྡེབ་ ༢༠༣ན། ཕྲེང་ ༡ ནས་ ༢༡༤ན། ཕྲེང་ ༧ བར་ཡིག་ཕྲེང་ ༡༦༡ ཚེག་ཁྱིམ་ ༩༣༡༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨ༽ དེབ་ཨང་ ༡༦ པའི་ཤོག་གྲངས་ ༥༢༩ ནས་ ༥༥༧ བར་བཅས་བཞུགས་སོ།།

༢༽ རྒྱུད་ ༼ཀི༽ ༼ཁི༽ གཉིས་ལ། རྒྱ་གར་སྐད་དུ། པྲ་དཱི་པ་ཨུ་དྱོ་ཏ་ན་ཨ་ནོ་སནྡྷི་པྲ་ཀཱ་ཤི་ཀཱ་ནཱ་མ་བྱཱ་ཁྱཱ་ཊཱི་ཀཱ། བོད་སྐད་དུ། སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱིཀཱ། སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟིས་ཞལ་སྔ་ནས་མཛད་པ། གཞུང་གི་ཚད་ཤླཽ་ཀ་སྟོང་ཕྲག་བཅུ་དྲུག་པ། ཡོན་གྱི་བདག་པོ་གཙོ་བོ་འབྲོམ་ཇོ་བོ་དཀོན་མཆོག་ཁུ་མཚན་གྱིས་ཞུས་ནས། རྒྱ་གར་མཁན་པོ་ཆེན་པོ་ཀུ་མཱ་ར་ (ཀུམཱ་ར་ཀ་ལ་ཤུ།) ཉིད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཀི་ཁི༽ ཚན་གྲངས་ ༡-༡ ལེའུ་ ༡-༨། ༩-༡༧ ལྡེབ་ ༡ན། ཕྲེང་ ༡ ནས་ལྡེབ་ ༢༩༢ན ༧ བར་དང་། ལྡེབ་ ༡ན༡ ནས་ལྡེབ་ ༡༥༥ན་ ཕྲེང་ ༥ བར་ཡིག་ཕྲེང་ ༤༠༧༠། ༢༩༥༠ ཚིག་ཁྱིམ་ ༢༥༠༠༦༤།༡༢༧༢༠༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཨ་དང་ཀི༽ ཚན་གྲངས་ ༡-༢ ལེའུ་ ༡-༨། ༩-༡༧ ལྡེབ་ ༡ན། ཕྲེང་ ༡ ནས་ལྡེབ་ ༣༤༨ན ༨། བར་དང་། ལྡེབ་ ༦༡བ༥ ནས་ ༢༤༥ན། ཕྲེང་ ༧ བར་ཡིག་ཕྲེང་ ༥༥༤༧།༢༩༤༡ ཚེག་ཁྱིམ་ ༢༤༩༥༤༧།༡༢༦༨༢༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཨ་དང་ཀི༽ ཚན་གྲངས་ ༡-༢ ལེའུ་ ༡-༨། ༩-༡༧ ལྡེབ་ ༡ན། ཕྲེང་ ༡ ལྡེབ་ ༣༣༨ན ༧ བར་དང་། ལྡེབ་ ༥༧བ༥ ནས་ ༢༢༧ན། ཕྲེང་ ༣ བར་ཡིག་ཕྲེང་། ༤༧༠༨། ༢༣༧༩ ཚེག་ཁྱིམ་ ༢༤༩༦༠༡།༡༢༦༨༣༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཀི་ཁི། ཚན་གྲངས་ ༡-༡ ལེའུ་ ༡-༨། ༩-༡༧ ལྡེབ་ ༡ན། ཕྲེང་ ༡ ནས་ལྡེབ་ ༢༩༥ན ༧ བར་དང་། ལྡེབ་ ༡ན༡ ནས་ལྡེབ་ ༡༥༥ན་ ཕྲེང་ ༤ བར་ཡིག་ཕྲེང་ ༤༡༡༢།༢༩༤༩། ཚིག་ཁྱིམ་ ༢༥༠༠༦༤།༡༢༧༢༡༢ བཅས་ཡོད་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཀི༽ དེབ་ཨང་ ༡༦ པའི་ཤོག་གྲངས་ ༥༦༣ ནས་ ༡༢༧༡ བར་དང་། དེབ་ཨང་ ༡༧ པའི་ཤོག་གྲངས་ ༣ ནས་ ༣༦༨ བར་བཞུགས་སོ།།

གོང་གསལ་དཀར་ཆག་གི་ཟུར་མཆན། དེབ་འདིའི་རྒྱུད་ཀི་ཁི་གཉིས་ཆོས་ཚན་གཅིག་ཡིན་པས་ན། དུམ་པ་གཉིས་ཀྱི་རེའུ་མིག་ཀྱང་ལྷན་དུ་བཀོད་ཡོད། ཆོས་ཚན་འདིའི་སྟོད་ <<སྡེ་>><<ཅོ་>> གཉིས་སུ་ཀི་དུམ་པ་དང་། སྨད་ཁི་དུམ་པའི་ཆོས་ཚན་དང་པོར་འཁོད་ལ། <<པེ་>><<སྣར་>>གཉིས་སུ་སྟོད་ཨ་དུམ་པ་དང་། སྨད་ཀི་དུམ་པའི་ཆོས་ཚན་གཉིས་པར་འཁོད་པས། གོང་གསལ་དཀར་ཆག་འདིའི་ཚན་གྲངས་སུ་<<སྡེ་>><<ཅོ་>>གཉིས་ལ་ ༡-༡ དང་། <<པེ་>><<སྣར་>> གཉིས་ལ་ ༡-༢ བྱས་ཏེ་བཀོད་ཡོད།

༣༽ རྒྱུད་ ༼ཆི༽ པ་ལ། རྒྱ་གར་སྐད་དུ། པཉྩ་ཀྲ་མ་པཉྩི་ཀཱ་ནཱ་མ། བོད་སྐད་དུ། རིམ་པ་ལྔ་པའི་དཀའ་འགྲེལ་ལམ། མཇུག་བྱང་ལས[3]། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རིམ་པ་ལྔའི་དཀའ་འགྲེལ། སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་རྒྱལ་བ་མཆོག་གི་ཞལ་སྔ་ནས་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །འོན་ཀྱང་གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[4]། རྒྱུད་འགྲེལ། ༼ངི༽ རིམ་པ་ལྔ་པའི་དཀའ་འགྲེལ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད། རྒྱ་གར་པཎྜི་ཏ་རྒྱལ་བ་མཆོག་དང་། བོད་ཀྱི་ལོ་ཙཱ་བ་ཤཱཀྱ་བརྩོན་འགྲུས་ཀྱིས་བསྒྱུར། ལྡེབ་གྲངས་ ༡ན། ༡༡ན། བར་བཞུགས་པར་གསལ་ནའང་། བུ་སྟོན་རིན་པོ་ཆེས་མཛད་པའི་རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[5]། ༼རྒྱུད་ཆི་པ།༽ ཆོས་ཚན་ ༡༽ སྒྲུབ་ཐབས་མདོར་བྱས་དང་། རིམ་ལྔ་གཉིས་ཀའི་འགྲེལ་པ་སློབ་དཔོན་བྷ་བྱ་ཀཱིརྟིས་མཛད་པ། པཎྜི་ཏ་རྒྱལ་བ་མཆོག་དང་། ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ཞེས་གསལ་ལ། དེ་བཞིན་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[6]། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རིམ་པ་ལྔའི་དཀའ་འགྲེལ་ཞེས་བྱ་བ། སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟིས་མཛད་པ། རྒྱ་གར་གྱི་མཁན་པོ་རྒྱལ་བ་མཆོག་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ཞེས་གསུངས་པ་འདི་དང་འཁྲུལ་གཞི་བྱུང་བ་ཡིན་འདུག །འདི་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་ལས། ཀླུ་སྒྲུབ་ཀྱིས་མཛད་པ་ཞིག་མིན། དེ་ཡང་བསྟན་འགྱུར་ལས[7]། རིམ་པ་ལྔ་པའི་དཀའ་འགྲེལ་ཞེས་བྱ་བ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་ནི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་རིམ་པ་དག་ལས་མདོར་བསྡུས་པའི་སྒྲུབ་ཐབས་ཇི་ལྟར་བསྒོམ་པ་རིམ་པ་བཞིན་དུ་ཅུང་ཞིག་བཤད་དོ། །ཞེས་དང་། མཇུག་བྱང་ལས་[8]ཀྱང་། རིམ་པ་ལྔ་པའི་དཀའ་བ་བཏུས་པའི་བཤད་པའོ། །སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་པ་ལྔ་པའི་དཀའ་འགྲེལ། སློབ་དཔོན་ཆེན་པོ་བྷ་བྱ་ཀཱིརྟིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཆེན་པོ་རྒྱལ་བ་མཆོག་གི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་བརྩོན་འགྲུས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་བར་འབྱུང་བ་ལྟར་རོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཆི༽ ཚན་གྲངས་ ༡ རིམ་པ། ༥ ལྡེབ་ ༡ན༡ ནས་ ༧བ༧ བར། ཕྲེང་ ༨༧ ཚེག་ཁྱིམ་ ༥༡༣༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས།  ༼ངི༽ ཚན་གྲངས་ ༡ རིམ་པ། ༥ ལྡེབ་ ༡ན༡ ནས་ ༩ན༢ བར། ཕྲེང་ ༡༡༧ ཚེག་ཁྱིམ་ ༥༡༣༠། ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཆི༽ ཚན་གྲངས་ ༡ རིམ་པ། ༥ ལྡེབ་ ༡ན༡ ནས་ ༧བ༧ བར། ཕྲེང་ ༨༧ ཚེག་ཁྱིམ་ ༥༡༣༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ངི༽ ཚན་གྲངས་ ༡ རིམ་པ། ༥ ལྡེབ་ ༡ན༡ ནས་ ༩བ༡ བར། ཕྲེང་ ༡༠༡ ཚེག་ཁྱིམ་ ༥༡༣༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཆི༽ ཚན་གྲངས་ ༡ རིམ་པ། ༥ ལྡེབ་ ༡ན༡ ནས་ ༨བ༥ བར། ཕྲེང་ ༩༢ ཚེག་ཁྱིམ་ ༥༡༣༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཆི༽ དེབ་ཨང་ ༡༩ ཤོག་གྲངས་ ༣ ནས་ ༡༨ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨ༽ དེབ་ཨང་ ༡༦ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༥༥༧

[2] རིམ་ལྔ་གསལ་སྒྲོན། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༡༦༤

[3] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཆི༽ དེབ་ཨང་ ༡༩ པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ ༡༨

[4] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༢༨

[5] བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༣༠༡

[6] སྡེ་དགེའི་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་འཕྲེང་བ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་ ༡༡༥

[7] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཆི༽ དེབ་ཨང་ ༡༩ པ། ཤོག་གྲངས་ ༣

[8] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཆི༽ དེབ་ཨང་ ༡༩ པ། ཤོག་གྲངས་ ༡༨

(Bhavaviveka ལེགས་ལྡན་འབྱེད།)

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༤༥ ནས་ ༤༥༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *