མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག ། དང་པོ། (བསྟོད་ཚོགས།)

དང་པོ། མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག

ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག

 

ཀླུ་སྒྲུབ་འཕགས་པ་ལྷ་དང་སངས་རྒྱས་བསྐྱངས། །

ལེགས་ལྡན་ཟླ་གྲགས་རྒྱལ་སྲས་ཞི་བ་ལྷ། །

མཁན་ཆེན་ཞི་འཚོ་པདྨའི་ངང་ཚུལ་བཅས། །

ཟབ་མོ་ལྟ་བརྒྱུད་པཎ་གྲུབ་རྣམས་ལ་བསྟོད། །

ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། ཟབ་མོ་ལྟ་བརྒྱུད་ཀྱི་པཎ་གྲུབ་རྣམ་བརྒྱད་ཀྱི་གསུང་འབུམ་དཀར་ཆག་ལས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་གསུང་འབུམ་དཀར་ཆག་འགོད་པ་ལ། དང་པོ། བསྟོད་ཚོགས་ཏེ། དེ་ཡང་སངས་རྒྱས་བྱང་སེམས་སོགས་ཡུལ་གོང་མ་རྣམས་ཀྱི་ཆེ་བའི་ཡོན་ཏན་ཚིགས་སུ་བཅད་པས་བསྟོད་པ་བྱས་པའི་གསུང་སྐོར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་བསྟོད་ཚོགས་ཞེས་བསྟན་འགྱུར་གྱི་པོད་ ༼ཀ༽ པར་བཞུགས་སུ་གསོལ་ལམ་ཡོད་པ་ལྟར། བཅོམ་ལྡན་རིག་རལ་ (1227-1305) གྱིས་བཞེངས་པའི་སྣར་ཐང་བསྟན་འགྱུར་དཀར་ཆག་ལས[1]། དེ་ལ་ཐོག་མ་ཁོ་ནར་འགྲོ་བའི་བླ་མ་དཀོན་མཆོག་གསུམ་རྨད་དུ་བྱུང་བའི་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་རྣམས་ལ་རབ་ཏུ་དང་བས་མཆོད་ཅིང་བཀུར་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་པས་ན། ཞེས་དང་། དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བ་ལས་[2]ཀྱང་དེ་བཞིན་དུ་འབྱུང་ལ། གཞན་ཡང་སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ་ལས་[3]ཀྱང་། ཐོག་མར་ཡུལ་ཁྱད་པར་ཅན་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་ཕྱག་འཚལ་བ་ནི་ལེགས་པ་ཐམས་ཅད་འཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་དང༌། སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་རྨད་དུ་བྱུང་བ་གང་དག་གི་རྗེས་སུ་བསྒྲུབ་པའི་ཕྱིར། ཡུལ་མཆོག་ཏུ་གྱུར་པ་རྣམས་ལ་མཆོད་པར་བརྗོད་པའི་ཚུལ་གྱིས་བསྟོད་པའི་ཚོགས་རྣམས་སྔོན་དུ་བཀོད་པ་ནི། འདི་ལྟ་སྟེ། ཞེས་གསུངས་པ་ལྟར་བསྟན་འགྱུར་དཀར་ཆག་ཁག་གི་འགྲོ་ལུགས་ཀྱི་གོ་རིམ་དང་མཐུན་པར་ཐོག་མར་བསྟོད་ཚོགས་རྣམས་ཀྱི་དཀར་ཆག་འགོད་པར་བྱའོ།།  །།

 

དང་པོ། བསྟོད་ཚོགས་ཀྱི་སྐོར།

སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་ཀྱི་སྐོར་ལ། ༡༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུཿསྟ་བཾ།[4] བོད་སྐད་དུ། ཆོས་ཀྱི་དབྱིངས་སུ་བསྟོད་པ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང་། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །གུང་ལོ་ཙཱ་བ་མགོན་པོ་སྐྱབས་ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[5]། ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་ཀྱི་དབྱིངས་ལ་བསྟོད་པ། ཞེས་གསལ་བ་ལྟར། རྒྱའི་སྐད་དུའང་ (讚法界頌 T32, No1675) བསྒྱུར་ནས་བཞུགས་ཡོད་པར་མ་ཟད། ལེགས་སྦྱར་གྱི་མ་དཔེ་ཡང་བཞུགས་ཡོད། ཆོས་དབྱིངས་བསྟོད་པ་ནི། སྟོང་གཞི་ཆོས་ཅན་སེམས་ཀྱི་གནས་ལུགས་མཐར་ཐུག་རང་བཞིན་གནས་རིགས་སམ། ཁམས་བདེ་གཤེགས་སྙིང་པོ་ལས་བརྩམས་ཏེ་བསྟོད་པ་ཞིག་ཡིན་ནོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༠ ལྡེབ་ ༦༣བ༥ ནས་ ༦༧བ༣ བར་ཡིག་ཕྲེང་ ༥༥ ཚིག་རྐང་ ༧-༤༠༣ ཚེག་ཁྱིམ་ ༢༨༩༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༠ ལྡེབ་ ༧༣ན༧ ནས་ ༧༧བ༨ བར་ཡིག་ཕྲེང་ ༧༤ ཚིག་རྐང་ ༧-༤༠༤ ཚེག་ཁྱིམ་ ༢༨༩༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༠ ལྡེབ་ ༧༠ན༣ ནས་ ༧༤བ༣ བར་ཡིག་ཕྲེང་ ༦༤ ཚིག་རྐང་ ༧-༤༠༤ ཚེག་ཁྱིམ་ ༢༨༩༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༧༢ན༧ ནས་ ༧༦བ༤ བར་བཞུགས། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༡༧༨ ནས་ ༡༨༧ བར་བཞུགས་པ་བཅས་སོ།།

༢༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ནི་རུ་པ་མ་སྟ་བཾ། བོད་སྐད་དུ། དཔེ་མེད་པར་བསྟོད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །ལེགས་སྦྱར་གྱི་མ་དཔེ་ཡང་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༡ ལྡེབ་ ༦༧བ༣ ནས་ ༦༨བ༤ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༩༦། ༡༡-༤ ཚེག་ཁྱིམ་ ༧༧༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༡ ལྡེབ་ ༧༧བ༨ ནས་ ༧༩ན༥ བར་ཡིག་ཕྲེང་ ༢༢ ཚིག་རྐང་ ༧-༩༦། ༡༡-༤ ཚེག་ཁྱིམ་ ༧༧༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༡ ལྡེབ་ ༧༤བ༣ ནས་ ༧༥བ༧ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༩༦། ༡༡-༤ ཚེག་ཁྱིམ་ ༧༧༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༧༦བ༤ ནས་ ༧༧བ༧ བར་བཞུགས། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༡༩༠ ནས་ ༡༩༣ བར་བཞུགས་པ་བཅས་སོ།།

༣༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ལོ་ཀཱ་ཏཱི་ཏ་སྟ་བཾ། བོད་སྐད་དུ། འཇིག་རྟེན་ལས་འདས་པར་བསྟོད་པ།[6] སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༢ ལྡེབ་ ༦༨བ༤ ནས་ ༦༩བ༤ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༡༠༤ ཚེག་ཁྱིམ་ ༧༩༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༢ ལྡེབ་ ༧༩ན༥ ནས་ ༨༠བ༢ བར་ཡིག་ཕྲེང་ ༢༢ ཚིག་རྐང་ ༧-༡༠༣ ཚེག་ཁྱིམ་ ༨༠༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༢ ལྡེབ་ ༧༥བ༧ ནས་ ༧༧ན༣ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༡༠༣ ཚེག་ཁྱིམ་ ༨༠༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༧༧བ༧ ནས་ ༧༨ན༤ བར་བཞུགས། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༡༩༥ ནས་ ༡༩༨ བར་བཞུགས་པ་བཅས་སོ།།

༤༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ཙིཏྟ་བཛྲ་སྟ་བཾ། བོད་སྐད་དུ། སེམས་ཀྱི་རྡོ་རྗེའི་བསྟོད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སེམས་ཀྱི་རྡོ་རྗེའི་བསྟོད་པ་ནི། བདེ་སྡུག་ཐམས་ཅད་ཀྱི་བྱེད་པོ་གཙོ་བོ་སེམས་ཡིན་པ་དང་། ཉོན་མོངས་སྤོང་བ་པོ་དང་། སངས་རྒྱས་པ་པོ་ཡང་སེམས་ཡིན་ཚུལ་གྱི་བརྗོད་གཞི་ལས་བརྩམས་ཏེ་བསྟོད་པ་ཞིག་ཡིན་ལ། བསྟོད་པ་འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༣ ལྡེབ་ ༦༩བ༥ ནས་ ༧༠ན༢ བར་ཡིག་ཕྲེང་ ༥ ཚིག་རྐང་ ༧-༢༨ ཚེག་ཁྱིམ་ ༢༤༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༣ ལྡེབ་ ༨༠བ༣ ནས་ ༨༠བ༨ བར་ཡིག་ཕྲེང་ ༦ ཚིག་རྐང་ ༧-༢༨ ཚེག་ཁྱིམ་ ༢༤༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༣ ལྡེབ་ ༧༧ན༤ ནས་ ༧༧བ༢ བར་ཡིག་ཕྲེང་ ༦ ཚིག་རྐང་ ༧-༢༨ ཚེག་ཁྱིམ་ ༢༤༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༧༩ན༤ ནས་ ༧༩བ༢ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༡༩༩ ནས་ ༢༠༠ བར་བཞུགས་པ་བཅས་སོ།།

༥༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། པ་ར་མ་ཨརྠ་སྟ་བཾ། བོད་སྐད་དུ། དོན་དམ་པར་བསྟོད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༤ ལྡེབ་ ༧༠ན༢ ནས་ ༧༠བ༢ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༤ ཚེག་ཁྱིམ་ ༣༥༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༤ ལྡེབ་ ༨༡ན༡ ནས་ ༨༡བ༢ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༤ ཚེག་ཁྱིམ་ ༣༥༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༤ ལྡེབ་ ༧༧བ༢ ནས་ ༧༨ན༤ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༤ ཚེག་ཁྱིམ་ ༣༥༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༧༩བ༢ ནས་ ༨༠ན༤ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༠༡ ནས་ ༢༠༢ བར་བཞུགས་པ་བཅས་སོ།།

༦༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ཀཱ་ཡ་ཏྲ་ཡ་སྟོ་ཏྲ་ནཱ་མ། བོད་སྐད་དུ། སྐུ་གསུམ་ལ་བསྟོད་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྐུ་གསུམ་ལ་བསྟོད་པ་ནི་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ། སྤྲུལ་སྐུ་བཅས་ཀྱི་ཆེ་བའི་ཡོན་ཏན་ལ་མཆོག་ཏུ་བསྟོད་ཅིང་བསྔགས་པར་མཛད་པའི་གཞུང་ཞིག་ཡིན་ལ། གཞུང་འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ཤིང་། འདིའི་རྒྱ་དཔེ་དང་བོད་འགྱུར་གཉིས་ཀྱི་ཞུས་དག་དང་། སྐུ་གསུམ་ལ་བསྟོད་པའི་འགྲེལ་པ་བོད་སྐད་དུ་བསྒྱུར་བའི་ཞུས་དག་བཅས་ཉི་ཧོང་སྐད་ཀྱི་དུས་དེབ་ཏུ་པར་དུ་བསྐྲུན་ཡོད་ལ། རྒྱའི་སྐད་དུའང་བསྒྱུར་ནས་ (佛三身讚 T32, No1678) བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༥ ལྡེབ་ ༧༠བ༣ ནས་ ༧༡ན༢ བར་ཡིག་ཕྲེང་ ༧ ཚིག་རྐང་ ༡༩-༡༦ ཚེག་ཁྱིམ་ ༣༨༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༥ ལྡེབ་ ༨༡བ༢ ནས་ ༨༢ན༣ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༡༩-༡༦ ཚེག་ཁྱིམ་ ༣༨༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༥ ལྡེབ་ ༧༨ན༤ ནས་ ༧༨བ༥ བར་ཡིག་ཕྲེང་ ༩ ཚིག་རྐང་ ༡༩-༡༦ ཚེག་ཁྱིམ་ ༣༩༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༨༠ན༤ ནས་ ༨༠བ༥ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༠༤ ནས་ ༢༠༥ བར་བཞུགས་པ་བཅས་སོ།།

༧༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ཀཱ་ཡ་ཏྲ་ཡ་སྟོ་ཏྲ་ནཱ་མ་སྱ་བི་བ་ར་ནཱ་མ། བོད་སྐད་དུ། སྐུ་གསུམ་ལ་བསྟོད་པ་ཞེས་བྱ་བའི་རྣམ་པར་འགྲེལ་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོཤྲདྡྷཱ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་གསར་དུ་བསྒྱུར་ཅིང་ཞུས་པ་ལགས་སོ། །ལེགས་སྦྱར་གྱི་མ་དཔེ་མི་བཞུགས་པ་བཅས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༦ ལྡེབ་ ༧༡ན༢ ནས་ ༧༤བ༣ བར་ཡིག་ཕྲེང་ ༥༡ ཚིག་རྐང་ ༧-༢༠། ༡༣-༤ ཚེག་ཁྱིམ་ ༢༦༠༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༦ ལྡེབ་ ༨༢ན༤ ནས་ ༨༦ན༨ བར་ཡིག་ཕྲེང་ ༦༩ ཚིག་རྐང་ ༧-༢༠། ༡༣-༤ ཚེག་ཁྱིམ་ ༢༦༢༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༦ ལྡེབ་ ༧༨བ༥ ནས་ ༨༢བ༤ བར་ཡིག་ཕྲེང་ ༥༦ ཚིག་རྐང་ ༧-༢༠། ༡༣-༤ ཚེག་ཁྱིམ་ ༢༦༢༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༨༠བ༥ ནས་ ༨༥ན༣ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༠༧ ནས་ ༢༡༦ བར་བཞུགས་པ་བཅས་སོ།།

༨༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ས་ཏྭ་ཨཱ་ར་དཱ་ན་སྟ་བཾ། བོད་སྐད་དུ། སེམས་ཅན་མགུ་བར་བྱ་བའི་བསྟོད་པ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཚིགས་སུ་བཅད་པའི་སྒོ་ནས་བསྡུས་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འོན་ཀྱང་གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[7]། མདོ། ༼གི༽ སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ། རྒྱ་གར་གྱི་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད། རྒྱ་གར་གྱི་པཎྜི་ཏ་བུདྡྷ་ཀ་ར་ཝ་རྨ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར། ལྡེབ་གྲངས་ ༡༧༦བ། ༡༧༨ན། བར་བཞུགས་པར་གསལ་བ་གཉིས་ནི། གཞུང་ཚད་ལ་ཚེག་ཁྱིམ་ ༡༣ ཅན་གྱི་ཚིགས་སུ་བཅད་པ་ ༤ དང་རྐང་པ་ ༢ དང་། ཚེག་ཁྱིམ་ ༡༥ ཅན་གྱི་ཚིགས་སུ་བཅད་པ་ ༡ དང་རྐང་པ་གཉིས། ཚེག་ཁྱིམ་ ༡༧ ཅན་གྱི་ཚིགས་སུ་བཅད་པ་ ༢ དང་རྐང་པ་གསུམ། ཚེག་ཁྱིམ་ ༡༩ ཅན་གྱི་རྐང་པ་ ༡ བཅས་ཁྱོན་བསྡོམས་ཚིགས་སུ་བཅད་པ་བཅུ་གཅིག་ཡོད་པས་གཞུང་ཚད་ཚིགས་སུ་བཅད་པ་བཅུ་གཅིག་ཡིན་པ་མཚུངས་ནའང་། སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ་བཅུ་གཅིག་པ་སྒྱུར་བ་པོ་ནི་བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཤེས་རབ་ཡིན་ལ། སེམས་ཅན་མགུ་བར་བྱ་བའི་བསྟོད་པ་སྒྱུར་བ་པོ་ནི་དགེ་སློང་ཚུལ་ཁྲིམས་རྒྱལ་བ་ཡིན་པས། སྒྱུར་བྱེད་ལོ་ཙཱ་བ་ཐ་དད་ཡིན་པས་གཞུང་ཡང་ཐ་དད་ཡིན་ནམ་སྙམ་ན་མིན་པར་སྣང་། དེ་ཡང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་བ་བཞིན་འགྱུར་མི་འདྲ་བ་རིགས་གཉིས་སུ་གྱུར་པ་དང་། འགྱུར་དེ་གཉིས་ལའང་འགྱུར་ཁྱད་ཆེ་བས་གཉིས་ཀ་བཀོད་པའོ།།

སེམས་ཅན་མགུ་བར་བྱ་བའི་བསྟོད་པ་ནི། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཆེན་པོ་བཅུ་དྲུག་ལ་བཀའ་སྩལ་པའི་བྱང་ཆུབ་སེམས་དཔའི་སྡེ་སྣོད་བ་ཚྭའི་ཆུ་ཀླུང་ཞེས་བྱ་བའི་མདོའི་བསྟན་དོན་རྣམས་ཚིགས་སུ་བཅད་པའི་སྒོ་ནས་བསྡུས་པ་ཞིག་ཡིན་ལ། བསྟན་བཅོས་འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༧ ལྡེབ་ ༧༤བ༣ ནས་ ༧༥བ༡ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༡༣-༢༦། ༡༥-༦། ༡༧-༡༡། ༡༩-༡ ཚེག་ཁྱིམ་ ༧༥༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༧ ལྡེབ་ ༨༦ན༨ ནས་ ༨༧བ༢ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༡༣-༢༦། ༡༥-༦། ༡༧-༡༡། ༡༩-༡ ཚེག་ཁྱིམ་ ༧༥༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༧ ལྡེབ་ ༨༢བ༤ ནས་ ༨༣བ༥ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༡༣-༢༦། ༡༥-༦། ༡༧-༡༡། ༡༩-༡ ཚེག་ཁྱིམ་ ༧༦༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༨༥ན༣ ནས་ ༨༦ན༥ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༡༧ ནས་ ༢༡༩ བར་བཞུགས་པ་བཅས་སོ།།

༩༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། པྲ་ཛྙཱ་པཱ་ར་མི་ཏ་སྟོ་ཏྲཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་བསྟོད་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། ཁ་ཆེའི་པཎྜི་ཏ་ཐིག་ལེ་བུམ་པ་དང༌། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་བསྒྱུར་བའོ། །ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༩ ལྡེབ་ ༧༦ན༡ ནས་ ༧༦བ༧ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༨༤ ཚེག་ཁྱིམ་ ༦༦༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༨ ལྡེབ་ ༨༧བ༢ ནས་ ༨༨བ༣ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༨༤ ཚེག་ཁྱིམ་ ༦༧༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༨ ལྡེབ་ ༨༣བ༥ ནས་ ༨༤བ༥ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༨༤ ཚེག་ཁྱིམ་ ༦༧༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༨༦ན༥ ནས་ ༨༧ན༦ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༢༤ ནས་ ༢༢༦ བར་བཞུགས་པ་བཅས་སོ།།

༡༠༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ཨ་ཙིནྟ་སྟ་བཾ། བོད་སྐད་དུ། བསམ་གྱིས་མི་ཁྱབ་པར་བསྟོད་པ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༠ ལྡེབ་ ༧༦བ༧ ནས་ ༧༩ན༢ བར་ཡིག་ཕྲེང་ ༣༡ ཚིག་རྐང་ ༧-༢༢༦ ཚེག་ཁྱིམ་ ༡༦༢༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༩ ལྡེབ་ ༨༨བ༣ ནས་ ༩༡ན༤ བར་ཡིག་ཕྲེང་ ༤༢ ཚིག་རྐང་ ༧-༢༢༦ ཚེག་ཁྱིམ་ ༡༦༢༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༡༩ ལྡེབ་ ༨༤བ༦ ནས་ ༨༧ན༤ བར་ཡིག་ཕྲེང་ ༣༤ ཚིག་རྐང་ ༧-༢༢༦ ཚེག་ཁྱིམ་ ༡༦༣༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༨༧ན༦ ནས་ ༨༩བ༧ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༢༨ ནས་ ༢༣༣ བར་བཞུགས་པ་བཅས་སོ།།

༡༡༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། རུ་ཏ་སྟི་སྟ་བཾ། བོད་སྐད་དུ། བསྟོད་པ་ལས་འདས་པར་བསྟོད་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༡ ལྡེབ་ ༧༩ན༢ ནས་ ༧༩བ༦ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༥༨༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༠ ལྡེབ་ ༩༡ན༤ ནས་ ༩༢ན༣ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༥༩༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༠ ལྡེབ་ ༨༧ན༥ ནས་ ༨༨ན༤ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༥༩༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༨༩བ༧ ནས་ ༩༠བ༧ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༣༥ ནས་ ༢༣༧ བར་བཞུགས་པ་བཅས་སོ།།

༡༢༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ནི་རུཏྟ་སྟ་བཾ། བོད་སྐད་དུ། བླ་ན་མེད་པའི་བསྟོད་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༢ ལྡེབ་ ༧༩བ༧ ནས་ ༨༠ན༤ བར་ཡིག་ཕྲེང་ ༥ ཚིག་རྐང་ ༧-༣༢ ཚེག་ཁྱིམ་ ༡༧༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༡ ལྡེབ་ ༩༢ན༣ ནས་ ༩༢བ༢ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༣༢ ཚེག་ཁྱིམ་ ༡༨༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༡ ལྡེབ་ ༨༨ན༤ ནས་ ༨༨བ༣ བར་ཡིག་ཕྲེང་ ༦ ཚིག་རྐང་ ༧-༣༢ ཚེག་ཁྱིམ་ ༡༨༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༩༠བ༧ ནས་ ༩༡ན༦ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༣༩ ནས་ ༢༤༠ བར་བཞུགས་པ་བཅས་སོ།།

༡༣༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ཨཱརྱ་བྷ་ཊྚཱ་ར་ཀ་མཉྫཱུ་ཤྲཱི་པ་ར་མ་ཨརྠ་སྟུ་ཏི་ནཱ་མ། བོད་སྐད་དུ། འཕགས་པ་རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༣ ལྡེབ་ ༨༠ན༥ ནས་ ༨༠བ༥ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༣ ཚེག་ཁྱིམ་ ༣༨༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༢ ལྡེབ་ ༩༢བ༢ ནས་ ༩༣ན༣ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༣ ཚེག་ཁྱིམ་ ༣༩༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༢ ལྡེབ་ ༨༨བ༢ ནས་ ༨༨ན༣ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༤༣ ཚེག་ཁྱིམ་ ༣༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༩༡ན༦ ནས་ ༩༢ན༡ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༤༢ ནས་ ༢༤༣ བར་བཞུགས་པ་བཅས་སོ།།

༡༤༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ཨཱརྱ་མཛྙཱུ་ཤྲཱི་བྷ་ཊྚཱ་ར་ཀ་ཀཱ་རུ་ཎ་སྟོ་ཏྲ། བོད་སྐད་དུ། རྗེ་བཙུན་འཕགས་པ་འཇམ་དཔལ་གྱི་སྙིང་རྗེ་ལ་བསྟོད་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༤ ལྡེབ་ ༨༠བ༥ ནས་ ༨༡བ༢ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༩-༦༨ ཚེག་ཁྱིམ་ ༦༧༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༣ ལྡེབ་ ༩༣ན༤ ནས་ ༩༤ན༤ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༩-༦༨ ཚེག་ཁྱིམ་ ༦༨༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༣ ལྡེབ་ ༨༩ན༣ ནས་ ༩༠ན༣ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༩-༦༨ ཚེག་ཁྱིམ་ ༦༨༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༩༢ན༡ ནས་ ༩༣ན༢ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༤༥ ནས་ ༢༤༧ བར་བཞུགས་པ་བཅས་སོ།།

༡༥༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ཨཥྚ་མ་ཧཱ་སྠཱ་ན་ཙཻ་ཏྱ་སྟོ་ཏྲ། བོད་སྐད་དུ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། རྒྱའི་སྐད་དུ་ (佛說八大靈塔名號經 T32, No1685) བསྒྱུར་ནས་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༥ ལྡེབ་ ༨༡བ༣ ནས་ ༨༢ན༣ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༡༦། ༩-༢༠། ༡༥-༤ ཚེག་ཁྱིམ་ ༤༡༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༤ ལྡེབ་ ༩༤ན༥ ནས་ ༩༤བ༧ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༡༦། ༩-༢༠། ༡༥-༤ ཚེག་ཁྱིམ་ ༤༡༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༤ ལྡེབ་ ༩༠ན༣ ནས་ ༩༠བ༥ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༡༦། ༩-༢༠། ༡༥-༤ ཚེག་ཁྱིམ་ ༤༡༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༩༣ན༢ ནས་ ༩༣བ༤ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༤༩ ནས་ ༢༥༠ བར་བཞུགས་པ་བཅས་སོ།།

༡༦༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ཨཥྚ་མ་ཧཱ་སྠཱ་ན་ཙཻ་ཏྱ་སྟོ་ཏྲ། བོད་སྐད་དུ། (ཡང་) གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༦ ལྡེབ་ ༨༢ན༣ ནས་ ༨༢བ༣ བར་ཡིག་ཕྲེང་ ༨ ཚིག་རྐང་ ༩-༣༢ ཚེག་ཁྱིམ་ ༣༢༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༥ ལྡེབ་ ༩༤བ༧ ནས་ ༩༥བ༡ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༩-༣༡ ཚེག་ཁྱིམ་ ༣༢༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༥ ལྡེབ་ ༩༠བ༥ ནས་ ༩༡ན༦ བར་ཡིག་ཕྲེང་ ༩ ཚིག་རྐང་ ༩-༣༡ ཚེག་ཁྱིམ་ ༣༢༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༩༣བ༤ ནས་ ༩༤ན༥ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༥༢ ནས་ ༢༥༣ བར་བཞུགས་པ་བཅས་སོ།།

༡༧༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། དཱི་ད་ཤ་ཀཱ་ར་ནཱ་མ་ན་ཡ་སྟོ་ཏྲ། བོད་སྐད་དུ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།

དེ་ཡང་མཛད་བཅུ་ཐབས་མཁས་ཐུགས་རྗེ་མ་འདི་ཀླུ་སྒྲུབ་ཀྱི་གསུང་ཡིན་ཟེར༸རྒྱལ་དབང་ལྔ་པ་ཆེན་པོས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ཀྱི་མཛད་བྱང་ལས[8]། འོ་སྐོལ་གྱི་སྟོན་པ་ལྷ་དང་བཅས་པའི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཉི་མའི་གཉེན་གྱི་མཛད་པ་བཅུ་གཉིས་ལས་བརྩམས་པའི་བསྟོད་པ་མཆོག་དམན་ཀུན་གྱིས་གོ་བདེ་ཕྱིར་སྙན་ངག་གི་ལམ་ནས་མ་དྲངས་ཤིང་། བརྡ་དང་མངོན་བརྗོད་ཀྱིས་མ་བཅིངས་པ་ཞིག་དགོས་ཞེས་གྲོང་སྨད་པ་སངས་རྒྱས་རྒྱ་མཚོས་བསྐུལ་བ་ལ་བརྟེན་ནས་ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པའི་སྟེང་རྙེད་དོན་ལ་གནས་ཚེ་དགོངས་པ་འགྲེལ་རྒྱུ་ཁྱད་པར་ཅན་ཡོད་པ་ལས་འོས་མ་མཆིས་མོད། གལ་ཏེ་འབྲི་གུང་སྐྱོབ་པས་མཛད་པ་ལྟ་བུ་མིང་བཏགས་ཀྱིས་འདྲེས་ན་དོན་གྱི་ཆར་སོམ་ཉི་འགའ་ཞིག་སྣང་ཞིང་། ཞེས་ལྔ་པ་ཆེན་པོའི་སྐུ་དུས་ནས་རྩོད་ཅན་ཞིག་ཡིན་འདུག་ལ། དེ་བཞིན་ཕལ་ཆེར་གྱིས་འབྲི་གུང་འཇིག་རྟེན་གསུམ་མགོན་གྱི་ཡིན་པར་བྱེད་ཅེས་ཀློང་རྡོལ་བླ་མ་རིན་པོ་ཆེས་གསུངས་སོ།།

གཞན་ཡང་ཆོས་སྤྱོད་རབ་གསལ་སྐལ་བཟང་སྐྱེ་བོའི་མགུལ་རྒྱན་ལས[9]། འདི་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས་མཛད་པར་གྲགས་སོ། །ཞེས་སྤར་རྙིང་དུ་འཁོད་ཀྱང་། བསྟན་འགྱུར་ནང་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །ཞེས་གསལ་བར་འཁོད་འདུག་པས་ཁུངས་ལྡན་ངེས་ཤེས་འདྲོངས་དགོས་སོ། །ཞེས་བྱུང་ངོ་།།

ཡང་[10]ཡོངས་གྲགས་ཀྱི་ཆོས་སྤྱོད་ཁག་ནང་གསལ་ཞིང་འདོན་སྲོལ་ཆེ་བའི་ཚུལ་དུ་ཡོད་པའི་བསྟོད་པ་འདིའི་དབུར་ཡོད་པའི་ཚིགས་བཅད་དང་པོ། ཐབས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་མཛེས་པའི་སྐུ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་ཚིགས་སུ་བཅད་པ་ནི་བསྟོད་པ་འདིར་གསལ་མེད་ཅིང་། ཚིགས་བཅད་འདི་ཉིད་མཁན་ཆེན་ཞི་བ་འཚོས་མཛད་པའི་དེ་བཞིན་གཤེགས་པ་བརྒྱད་ལ་བསྟོད་པ[11]། ཞེས་པ་དེར་གསལ་ཡོད་དོན་བཞིན་ཕྱིས་སུ་བོད་པའི་མཁས་པ་ཞིག་གིས་ཚིགས་བཅད་དེ་བཞིན་དེ་བཞིན་བཤེགས་པ་བརྒྱད་ལ་བསྟོད་པ་ནས་བཞེས་ཏེ་གོང་གསལ་བསྟོད་པ་དེའི་དབུར་བསྣན་ནས་ཆོས་སྤྱོད་ཁག་ནང་འདོན་སྤེལ་མཛད་པ་ཞིག་ལས། ཚིགས་བཅད་དེ་བོད་པའི་མཁས་པས་བརྩམས་པར་འདོད་པ་ནི་འཐད་པར་མི་མངོན་ནོ། །ཞེས་ཞབས་མཆན་དུ་གསལ་ལོ།།

དེ་བཞིན་ཞལ་འདོན་གཅེས་བཏུས་ལས[12]། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་འདིའི་ཐོག་མའི་ཤླཽ་ཀ་གཅིག་པུ་རྗེ་འབྲི་ཁུང་པས་མཛད་པར་གྲགས་ཤིང་། དེ་ཕྱིན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ། །ཞེས་གསལ་ལ། དེ་བཞིན་བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས་ལས[13]། ཤཱཀྱའི་རྒྱལ་པོ་ལ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའོ། །ཞེས་གོང་གསལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་ཅིང་། བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པ་དེ་ཉིད་གསལ་ལ། དེ་རྗེས་ཞལ་འདོན་ཕྱོགས་བསྒྲིགས་དེ་ཉིད་ལས[14]། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ལ་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །དང་པོ་དགའ་ལྡན་ལྷ་ཡི་ཡུལ་ནས་བྱོན། །རྒྱལ་པོའི་ཁབ་ཏུ་ཡུམ་གྱི་ལྷུམས་སུ་ཞུགས། །བུམྦི་ནི་ཡི་ཚལ་དུ་ཐུབ་པར་བལྟམས། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཤླཽ་ཀ་བཅུ་ཅན་གྱི་མཚན་བྱང་དུ། ཐུབ་པའི་བསྟོད་པ་གང་ཚེ་རྐང་གཉིས་མ། ཞེས་པའི་མཛད་བྱང་དུ། འདི་ནི་འབྲི་གུང་སྐྱོབ་པ་རིན་པོ་ཆེས་མཛད་པར་གྲགས་སོ། །ཞེས་གསལ་བ་འདི་གཉིས་ལ་འཁྲུལ་གཞི་བྱུང་བ་ཞིག་མིན་ནམ་སྙམ་མོ།།

ཡང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་གསུང་འབུམ་ལས[15]། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །ཞེས་པ་ནས། ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་པའི་བར་བསྟོད་པ་གཅིག་མཚུངས་ཡིན་པ་ལ། སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གཅིག་དེ་མི་གསལ་མོད། བསྟན་པ་འདི་ལ་ངོ་མཚར་རྨད་བྱུང་བ། །འཇིག་རྟེན་དབང་གྱུར་པདྨའི་རྒྱལ་པོ་ནི། །རིགས་ནི་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས། །ཨུ་རྒྱན་ཡུལ་དུ་སྒྲོ་འདོགས་མ་ལུས་བཅད། །བསིལ་བའི་ཚལ་དུ་དངོས་གྲུབ་རྣམ་གཉིས་བརྙེས། །འཇིག་རྟེན་ཁམས་སུ་གདུག་པ་ཅན་རྣམས་བཏུལ། །ཁ་བ་ཅན་དུ་བསྟན་པ་རྒྱས་པར་མཛད། །ལྷོ་ནུབ་མཚམས་སུ་སྲིན་པོའི་ཁ་གནོན་པ། །མྱ་ངན་མི་འདའ་འགྲོ་བའི་གཉེན་གཅིག་པུ། །སྐུ་གསུམ་དབྱེར་མེད་ཆེ་མཆོག་ཧེ་རུ་ཀ །མཉམ་མེད་བླ་མ་མཆོག་དེ་དུས་འདིར་དྲན། །ཞེས་བཞི་ཤད་ཀྱི་མཇུག་མཐར་བཀོད་འདུག་པ་བཅས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༧ ལྡེབ་ ༨༢བ༣ ནས་ ༨༣ན༦ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༩-༥༦ ཚེག་ཁྱིམ་ ༥༦༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༦ ལྡེབ་ ༩༥བ༡ ནས་ ༩༦ན༧ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༩-༥༦ ཚེག་ཁྱིམ་ ༥༨༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༦ ལྡེབ་ ༩༡ན༦ ནས་ ༩༢ན༤ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༩-༥༦ ཚེག་ཁྱིམ་ ༥༧༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༩༤ན༥ ནས་ ༩༥ན༤ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༥༥ ནས་ ༢༥༧ བར་བཞུགས་པ་བཅས་སོ།།

༡༨༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། བན་ད་ན་སྟོ་ཏྲ་ནཱ་མ། བོད་སྐད་དུ། ཕྱག་འཚལ་བའི་བསྟོད་པ་ཞེས་བྱ་བ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༨ ལྡེབ་ ༨༣ན༦ ནས་ ༨༣བ༥ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༣༡༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༧ ལྡེབ་ ༩༦ན༨ ནས་ ༩༦བ༧ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༣༡༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༧ ལྡེབ་ ༩༢ན༤ ནས་ ༩༢བ༣ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༨ ཚེག་ཁྱིམ་ ༣༡༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༩༥ན༤ ནས་ ༩༥བ༤ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༥༨ ནས་ ༢༥༩ བར་བཞུགས་པ་བཅས་སོ།།

༡༩༽ བསྟོད་ཚོགས་ ༼ཀ༽ པར། རྒྱ་གར་སྐད་དུ། ན་རག་ཨུདྡྷ་རི་ནཱ་མ། བོད་སྐད་དུ། དམྱལ་བ་ནས་འདོན་པའི་བསྟོད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ། པེ་ཅིན་དང་སྣར་ཐང་བསྟན་འགྱུར་དཀར་ཆག་གཉིས་སུ། དཔལ་ར་ས་ར་མོ་ཆེའི་གཙུག་ལག་ཁང་དུ་གྲོང་ཁྱེར་དཔེ་མེད་ཀྱི་པཎྜི་ཏ་ཏི་ལ་ཀ་དང༌། བོད་ཀྱི་ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་འབྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

༸གོང་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་གསན་ཡིག་བསྡུས་པ་རིན་པོ་ཆེ་དབང་གི་རྒྱལ་པོ་ལས[16]། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེ་སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་མདུན་དུ་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཇི་སྙེད་ཅིག་གསན་བཞེས་བཀའ་དྲིན་ཆེ་ཞིང་། དེ་ཡང་ཐོག་མར་ཆོས་འབྲེལ་ཇི་ལྟར་བྱུང་བའི་ཚུལ་ནི། སྐྱབས་རྗེ་རི་རྫོང་རིན་པོ་ཆེར་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་ཀུན་དང་། རྩ་ཤེས་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏི་དང་། ཚིག་གསལ་གྱི་ལུང་རྒྱུན་ཡོད་པས་གཞུང་ཆེན་དེ་དག་གི་ལུང་གི་རྒྱུན་ནོད་པར་མ་བྱས་ན་ཤིན་ཏུ་ཕངས་སོ་སྙམ་དུ་དགོངས་པ་དང་། གཞུང་ཆེན་མོའི་བཤད་པའི་རྒྱུན་ཉམས་ན་བསྟན་པ་རིན་པོ་ཆེ་ཉམས་པའི་རྐྱེན་ཡང་དེ་ལས་ཆེ་བ་མེད་པ་དང་། གཞུང་ཆེན་འདི་དག་གི་འཆད་ཉན་གྱི་རྒྱུན་རྒྱ་ཆེར་སྤེལ་བ་ཞིག་མ་བྱུང་ན་འཆད་ཉན་གྱི་རྒྱུན་ཆད་པའི་ཉེས་སུའང་གཟིགས་ནས་ཁྲི་རིན་པོ་ཆེ་གང་ཉིད་ལ་མངའ་བའི་གཞུང་ཆེན་དེ་དག་གི་རྒྱུན་གསན་ཅིང་བཞེས་པར་མཛད་དོ།།

ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེའི་ཞལ་སྔ་ནས་ལས་གསན་བཞེས་གང་མཛད་པ་རྣམས་ཀྱི་ཐོ་ཡིག་རིམ་པར་འགོད་པ་ལ། བསྟན་འགྱུར་གྱི་ཁྲོད་དུ་བཞུགས་པའི་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ཆ་ཚང་གི་ལུང་དང་། སྐྱེས་རབས་དང་བྱང་ས་དང་ཚོམས་བཅས་ཀྱི་ལུང་། འགྲེལ་པ་བུདྡྷ་པཱ་ཏི་ལ་དང་། དབུ་མ་ཚིག་གསལ་གཉིས་ཀྱི་ལུང་། བསྟན་འགྱུར་བསྟོད་ཚོགས་ཀྱི་ཁྲོད་དུ་བཞུགས་པའི་སེམས་ཅན་མགུ་བར་བྱེད་པའི་བསྟོད་པའི་ལུང་བཅས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མཚུངས་མེད་ཆོས་ཀྱི་རྗེ་ཁྲི་རིན་པོ་ཆེ་སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཞལ་སྔ་ནས་ལས་གསན་བཞེས་བཀའ་དྲིན་ཆེ་བར་མཛད། ཅེས་བྱུང་བ་ལྟར་རོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༩ ལྡེབ་ ༨༣བ༥ ནས་ ༨༤ན༧ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༦༠ ཚེག་ཁྱིམ་ ༤༦༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༨ ལྡེབ་ ༩༧ན༡ ནས་ ༩༧ན༧ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༦༠ ཚེག་ཁྱིམ་ ༥༣༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽ ཚན་གྲངས་ ༢༨ ལྡེབ་ ༩༢བ༤ ནས་ ༩༣བ༡ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༠ ཚེག་ཁྱིམ་ ༥༣༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་བསྟོད་ཚོགས། པོད་རྟགས། ༼ཀ༽  ལྡེབ་ ༩༥བ༤ ནས་ ༩༦བ༢ བར་བཞུགས་ལ། ཅ༽ བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པོ། ཤོག་གྲངས་ ༢༦༡ ནས་ ༢༦༣ བར་བཞུགས་པ་བཅས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་ཚོགས་ཆོས་ཚན་བཅུ་དགུ་བཞུགས་ཤིང་། བསྟོད་ཚོགས་ཀྱི་ཆོས་ཅན་འདི་དག་ཅོ་ནེ་བསྟན་འགྱུར་གྱི་བསྟོད་ཚོགས་སུ་བཞུགས་ནའང་། བསྟན་འགྱུར་དཔེ་བསྡུར་མའི་ནང་ཅོ་ནེ་བསྟན་འགྱུར་དུ་མི་གསལ་བ་འཁོད་འདུག་པས་དཔྱད་དགོས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་བཅོས་ཀྱི་དཀར་ཆག །བོད་ཀྱི་དཔེ་མཛོད་ཁང་། ༢༠༡༥ ལོ། ཤོག་གྲངས་ ༢

[2] བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༩

[3] དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༧

[4] མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ། (དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༢༧) ལས། རྒྱ་དཔེ་བྱང་བར་ཀློག་མཁན་དཀའ་མོད། དོགས་པ་ཅན་གྱི་ཚིག་རེ་གཉིས་དཔྱོད་པ་སོགས་ལ་ཡང་ཕན་ཤིན་ཏུ་ཆེ་སྙམ་ནས་དཀའ་ཚེགས་དང་བཅས་ཏེ་བྲིས། བོད་སྐད་མོན་སྐད་དུ་བསྒྱུར། དེ་ལཉྫར་བྲིས། དེ་པྲསྟརས་བརྒྱན། དེ་འབྲུག་དང་པ་ཊ་སྣ་ཚོགས་ཀྱི་ནང་དུ་བཅུག་སྟེ། ཉིན་གསུམ་གྱི་རྗེས་སུ་རང་གིས་ཀྱང་ངོ་མི་ཤེས་པ་སོགས་སླ་བ་དཀའ་བར་གཏོང་བའི་ཐབས་ལ་ཤ་ཐང་དུ་འབད་པ་ལས། རྒྱ་གཞུང་རྣམ་དག་འདི་འདྲ་བ་ཞིག་གི་འགྱུར་ཚིག་མཁྲེགས་པོ་རེ་ཡིན་ཀྱང་གོ་བའི་ས་ཨེ་ཆོད་བལྟས་ནས་དཀའ་བ་སླ་བར་གཏོང་བའི་ཐབས་ཤིག་ལ་འབད་ན་གོ་མ་ཆོད་ཀྱང་ངོ་གནོང་མི་དགོས་པར་སེམས། གང་ལ་ཡང་སྙིང་པོ་མེད་ཟེར་བའི་ངེས་འབྱུང་ཅན་རྣམས་ཀྱི་ཁ་ལ་མ་ཉན་པར་རིག་པ་འཚོལ་བའི་ལམ་དུ་འཇུག་པར་གྱིས་ཤིག །ཅེས་བྱུང་བ་ལྟར། འདི་དེ་ལྟར་བསམས་ནས་སཾ་བོད་གཉིས་ཀའི་མཚན་བྱང་བཀོད་པ་ལགས་སོ།།

[5] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༥༡

[6] འཇིག་རྟེན་ལས་འདས་པར་བསྟོད་པ་དང་། དཔེ་མེད་པར་བསྟོད་པ། བསམ་གྱིས་མི་ཁྱབ་པར་བསྟོད་པ། དོན་དམ་པར་བསྟོད་པ་བཅས་ལ་བསྟོད་པ་རྣམ་པ་བཞི་ཞེས་གྲགས་ལ། དེ་ནི་ཐོག་མར་མཛད་པ་པོས་མཚན་བཏགས་པ་ཞིག་མིན་པར་དུས་ཕྱིས་བཏགས་པ་ཞིག་ཡིན་ལ། དེ་ཡང་སློབ་དཔོན་ཤེས་རབ་འབྱུང་གནས་བློ་གྲོས་ཀྱིས་མཛད་པའི་སྤྱོད་འཇུག་དཀའ་འགྲེལ་དུ་བསྟོད་པ་དང་པོ་གསུམ་གྱི་ལུང་འདྲེན་འདྲ་མིན་ཉི་ཤུ་ཙམ་བཀོད་ཡོད། དེ་བཞིན་བཻ་རོ་ཙ་ན་རཀྵི་ཏས་མཛད་པའི་སྤྱོད་འཇུག་དཀའ་འགྲེལ་དུ་བསྟོད་པ་དང་པོ་གཉིས་ཀྱི་ལུང་འདྲེན་ཁག་གསུམ་བཀོད་པ་ལས། དང་པོ་གཉིས་ཀྱི་སྐབས་བསྟོད་པ་བཞི་པ་ལས་ཞེས་བཀོད་པ་གནང་ཡོད།

[7] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༠༦

[8] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། པོད། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་གྲངས་ ༣༧

[9] ཆོས་སྤྱོད་རབ་གསལ། བློ་གསལ་གླིང་དཔེ་མཛོད། ༡༩༩༤ ལོ། ཤོག་གྲངས་ ༢༥༦

[10] བསྟོད་པ་རྣམ་པ་བཞི། ཝཱ་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༢༠༠༡ ལོ། ཤོག་གྲངས་ ༡༣༦

[11] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༢༠༠༨ ལོ། ཤོག་གྲངས་ ༧༠༡

[12] ཞལ་འདོན་གཅེས་བཏུས། འགྲོ་མགོན་བཀའ་བརྒྱུད་པའི་དགེ་འདུན་སྨོན་ལམ། ༢༠༠༤ ལོ། ཤོག་གྲངས་ ༩༣

[13] བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༡༡༦

[14] བཀའ་བརྒྱུད་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༡༡༨

[15] སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་འབུམ། གླེགས་བམ་དང་པོ། ཤིང་དཔར། ཤོག་གྲངས་ ༡ན༡

[16] ༸གོང་ས་མཆོག་གི་གསན་ཡིག །༸གོང་ས་མཆོག་གི་གསུང་འབུམ་ཕྱོགས་སྒྲིག་ཁང་། ༢༠༡༧ ལོ། ཤོག་གྲངས་ ༡༢༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༡ ནས་ ༩༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *