༄༅། །གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ་བཞུགས་སྷོ།།[1]
༄༅། །གཙང་མ་ཀླུ་འབུམ་དཀར་པོ་ཞེས་བྱ་བ་བཞུགས་སོ།།
༄༅། །རྒྱ་གར་སྐད་དུ། ཀྲ་ཧ་མ་ན་ཏི་ན་མ་དྷ་ར་ནི། བོད་སྐད་དུ། གཙང་མ་ཀླུ་འབུམ་དཀར་པོ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མཐའ་ཡས་ལ་ཕྱག་འཚལ་ལོ། །
ཀླུའི་རྒྱལ་པོ་འཇོག་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རིགས་ལྡན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དུང་སྐྱོང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་པདྨ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མ་དྲོས་པ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཕྲག་ཁྲི་བརྒྱ་སྟོང་ཕྲག་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སོག་མ་མེད་པ་ལ་ཕྱག་འཚལ་ལོ། །
ད་ནི་ཀླུ་ལ་མཐོལ་བཤགས་འབུལ་བ་ནི། །བདག་ཅག་ཡོན་བདག་འཁོར་དང་བཅས་པ་ལ། །དེ་ལྟར་སྡིག་པ་བཤགས་ནས། །ཡང་ནས་ཡང་དུ་གཤེགས་སུ་གསོལ། །བདག་ཅག་འཁོར་དང་བཅས་པ་ལ། །སྐྱེས་གནས་ཐད་ཅད་དུ་གནོད་འགན་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ། །བཤགས་སོ། །ཀླུའི་ཕོ་བྲང་ནི་མཚོ་ཆེན་མི་ཕམ་པ་དང་། རྒྱ་མཚོའི་གླིང་དགུ་དང་། ནེའུ་སིང་གཡུ་མཚོ་སྔོན་པོ་དང་། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་ན། །བདག་ཅག་གིས་ནི་མ་རིག་པས། །མཚོ་རྙོག་པས་ནི་གཞོབ་བཏང་བས། །མི་འཆབ་པས་ནི་མཐོལ་ལོ་བཤགས། །གཡུའི་ནེའུ་སེང་དང་། ཀླུའི་ཕོ་བྲང་ནགས་ཚལ་ནི། །སྔོན་མོ་ནེའུ་སིང་མཚོ་ཁ་ན། །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x དེ་ལྟ་བུ་ཡི་ཕོ་བྲང་ནས། །བདག་ཅག་གིས་ནི་མ་རིགས་པས། །མི་འཆབ་པས་ནི་མཐོལ་ལོ་བཤགས། །ཀླུའི་ཕོ་བྲང་དུ། གངས་དཀར་ཏི་སེ་ལ། བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x དེ་ལྟ་བུ་ཡི་ཕོ་བྲང་ན། །བདག་ཅག་གིས་ནི་མ་རིག་པས། །གཡུ་རི་དེ་ནི་སྔོན་པོ་ལ། །བྲག་བསེ་དེ་ནི་བབས་སྡུག་པ། །མ་འཆབ་པས་ནི་མཐོལ་ལོ་བཤགས། །ཀླུའི་ཕོ་བྲང་གཡུ་མཚོ་ནེའུ་སིང་སྔོན་མོ་དང་། །མ་དྲོས་པ་ནི་མཚོ་ཆེན་དང་། །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x བདག་ཅག་གིས་ནི་མ་རིག་པས། །མཚོ་ནི་རྙོགས་ཤིང་གཏིང་དཀྲུགས་པས། །མི་འཆབ་པས་x ཀླུའི་ཕོ་བྲང་དུ། ནེའུ་དཀྱིལ་དང་ཁྲོན་པ་མིག །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x དེ་ལྟ་བུ་ཡི་ཕོ་བྲང་དུ། །མཚོ་སྟེང་དེ་ནི་གཞོབ་བཏང་བས། །མི་འཆབ་པས་ནི་x ཀླུའི་ཕོ་བྲང་ནེའུ་སེང་སྔོན་མོ་ནས། །ཕོ་བྲང་ངོས་བཟང་ལ། བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x བདག་ཅག་གིས་ནི་མ་རིག་པས། །ནགས་གླིང་ཤིང་ཆེན་སྤེན་མ་དང་། །སེ་བ་དག་ནི་ལང་ལིང་ལ། །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་x མི་འཆབ་x ཀླུའི་ཕོ་བྲང་ལ། བྱེ་ཐང་ཆེན་པོ་ནེའུ་སིང་སྔོ་བསང་དུ་ནི་བཀོད། ས་ནི་བརྐོས། མི་འཆབ་པས་x ཀླུའི་ཕོ་བྲང་ལ། བདག་ཅག་གིས་ནི་x མེ་ཤོར་བས་ནི་མེ་ལ་ཤོར། །མི་འཆབ་པས་x རི་མཐོ་ངོས་བཟང་ལ། ཆུ་སྔོན་ཟུ་ལེ་ལ། བ་དམར་x ངང་ངུར་x རྨ་བྱ་x རོལ་་མོ་x ཀླུའི་མགོ་མང་པོ་རངས་སེ་རང་། །ལྕེ་སྤྱང་མང་པོ་་ལྡེམས་སེ་ལྡེམ། །གཡུ་མཚོ་མང་པོ་ཡ་ལ་ལ། །ནེའུ་སིང་སྔོན་མོ་ལམས་སེ་ལམ། །ཀླུའི་རྒྱལ་པོ་དེ་ན་བཞུགས་པ་དང་། །ཀླུའི་རྒྱལ་པོའི་འཁོར་བཅས་ལ། །མཐུན་པའི་རྐྱེན་དང་གྲོགས་མཛོད་ཅིག །ཀླུའི་ཡན་ལག་མི་བདེ་ཞིང་། །དབང་པོ་རྒུད་པར་གྱུར་པ་རྣམས། །རྟ་མཆོག་རྒྱ་པོའི་དམ་ཚིག་གིས། །མི་རྣམས་བདེ་སྐྱེད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །མི་བདེ་བའི་སྡུག་བསྔལ་ཀུན་དང་བྲལ་བར་གྱུར་ཅིག །
ད་ནི་ཀླུ་ལ་མཆོད་པ་འབུལ། །མཆོད་པ་རྣམ་པ་ལྔ་འབུལ་བས། །དགེ་བསྙེན་ཀླུ་རྒྱལ་བཞུགས་པ་དང་། །ཀླུ་བཙན་དེ་ནི་བཞུགས་པ་ལ། །བདག་ཅག་དེ་རིང་མཆོད་པ་འབུལ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་བུ་དང་དུང་སྐྱོར་དང་། །པདྨ་ཆུ་ལྷ་ལ་སོགས་པས། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །རྟ་མཆོག་རྒྱལ་པོའི་དམ་ཚིག་གིས། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །ཁྱུང་གི་དེ་ནི་གཤོག་སྟེང་དུ། །བུ་ལོན་དེ་ནི་གསེར་གྱིས་མཆོད། །ཞལ་ཟས་དེ་ནི་སྣ་ཚོགས་དང་། །བདུད་རྩི་དེ་ནི་བཅུད་དུ་སྦྱར། །དཀར་འཇམ་དེ་ནི་གདན་དུ་བསྟིང་། །རྒོད་ཀྱི་དེ་ནི་ཐེ་གོང་དུ། །རྨ་བྱ་དེ་ནི་མདོངས་བཙུགས་ནས། །དེ་ནི་ཀླུ་ལ་དགའ་ཉིན་དང་དུས་སུ་འཇལ། གྲོ་དང་ཟ་མར་འཇལ། ཀླུ་བདུད་མི་ལ་མ་འབེབས་ཤིག །ང་ལྷ་ཀླུ་ལ་སྐྱབས་སུ་མཆི། །ཀླུའི་ཕོ་བྲང་རྒྱན་དང་ལྡན། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་ན། །བདག་ཅག་ཀླུའི་ཐུགས་དང་ཅི་འགལ་བ་མཐོལ་ལོ་བཤགས། །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག །མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ནཱ་ག་ཕུར་ནཱ་ག་ཁྲོལ་ནཱ་ག་ཐོང་། །ཕ་བདེ་ལེགས་སུ་གྱུར་ཅིག །མ་བདེ་ལེགས་སུ་གྱུར་ཅིག །མངལ་བདེ་ལེགས་སུ་གྱུར་ཅིག །རྐང་གཉིས་པ་རྣམས་བདེ་ལེགས་སུ་གྱུར་ཅིག །རྐང་བཞི་པ་རྣམས་བདེ་ལེགས་སུ་གྱུར་ཅིག །རྐང་མང་རྣམས་བདེ་ལེགས་སུ་གྱུར་ཅིག །བཀའ་སྲིད་པ་དང་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིཀ །ཀླུའི་གཏོར་མ་དང་མཆོད་པ་ལྔ་དང་། ཆབ་གཏོར་བཤམས། ཀླུ་འབུམ་འདི་བཏོན་ནས་ནད་དང་གདོན་བགེགས་ཚེ་རབས་ཀྱི་ནད་ཐམས་རྒྱུན་ཆད་པར་འགྱུར་རོ། །ཕོ་བྲང་ཁྲི་སྟེང་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་འགྲོ་བ་སེམས་ཅན་ཐམས་ཅད་ལྔ་བརྒྱའི་དུས་ཀྱི་སྙིགས་མ་ལ་ཀླུ་དང་གཉན་དང་ས་བདག་དར་བར་གཟིགས་ནས། བྲག་དམར་སེངྒེ་རྫོང་ལ་ཀླུ་གཉན་གནས་སར་ཀླུའི་རྒྱལ་པོ་སོགས་མེད་དང་གྲོས་བྱས་ནས་གཙང་མ་ཀླུ་འབུམ་འདི་སྟོན་པའོ།། །།
༄༅། །གཙང་མ་ཀླུ་འབུམ་ནག་པོ་ཞེས་བྱ་བ་བཞུགས་སོ།།[2]
༄༅། །རྒྱ་གར་སྐད་དུ། ཀ་མ་མ་ན་ཏི་ན་མ་དྷ་ར་ནི། བོད་སྐད་དུ། གཙང་མ་ཀླུ་འབུམ་ནག་པོ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འཇོག་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རིགས་ལྡན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དུང་སྐྱོང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་པདྨ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཆུ་ལྷ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ཕྲག་ཁྲི་བརྒྱ་སྟོང་ཕྲག་དུ་མ་སོགས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སོགས་མ་མེད་ལ་ཕྱག་འཚལ་ལོ། །
ད་ནི་ཀླུ་ལ་མཐོལ་བཤགས་འབུལ་བ་སྟེ། །བདག་ཅག་ཡོན་བདག་འཁོར་བཅས་འདིར། །དེ་ལྟར་སྡིག་པ་བཤགས་ནས་ཀྱང་། །ཡང་ནས་ཡང་དུ་སྡིག་པ་བཤགས་པས་བདག་ཅག་འཁོར་དང་བཅས་པའི་སྐྱེས་གནས་ཐམས་ཅད་དུ། འགལ་བ་ཅི་བགྱིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཀླུའི་ཕོ་བྲང་ན་ནི་མཚོ་ཆེན་མི་ཕམ་པ་དང་། རྒྱ་མཚོ་དེ་ནི་གླིང་དགུ་དང་། །ནེའུ་སེང་དེ་ནི་སྔོན་པོ་དང་། །གཡུ་མཚོ་དེ་ནི་སྔོན་པོ་ལ། །བ་དམར་གླང་དམར་་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་གནས་དག་ན། །བདག་ཅག་གིས་ནམ་རིག་པས། །མི་འཆབ་པས་ནི་གཞོབ་བཏང་བས། །མི་འཆབ་པས་ནི་མཐོལ་ལོ་བཤགས། །ཕོ་བྲང་ནགས་ཚད་སྟུག་པོ་ནེའུ་མཚོའི་ཁ་ན། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །མི་འཆབ་པས་ནི་མཐོལ་ལོ་བཤགས། །ཀླུའི་ཕོ་བྲང་དུ། གངས་དཀར་ཏེ་སེ་ལ། །ཀླུའི་ཕོ་བྲང་དུ། ངང་ངུར་x རྨ་བྱ་x རོལ་མོ་x དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །གཡའ་རི་དེ་ནི་སྔོན་པོ་དང་། །བྲག་གསེབ་དེ་ནི་ཤིང་གཏུབ་པ། །མི་འཆབ་པས་ནི་མཐོལ་ལོ་བཤགས། །ཀླུའི་ཕོ་བྲང་གཡུ་མཚོ་སྔོན་མོ་དང་། །མ་དྲོས་པ་ནི་མཚོ་ཆེན་ལ། །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x བདག་ཅག་གིས་ནི་མ་རིག་པས། །མཚོ་ནི་རྙོགས་སམ་དཀྲུགས་པ་རྣམས། །མི་འཆབ་པས་ནི་མཐོལ་ལོ་བཤགས། །ཀླུའི་ཕོ་བྲང་དུ། མཚེའུ་དཀྱིལ་ན་ཁྲོན་པ་མིག །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x བདག་ཅག་གིས་ནི་མ་རིག་པས། །མཚོ་དེ་ལ་ནི་གཞོབ་བཏང་བས། །ཆུ་མིག་གཉན་ལ་ཁྲག་བླུག་དང་། །མི་གཙང་སྤྱད་དང་དམར་གསུར་བྱས། །མི་འཆབ་པས་ནི་མཐོལ་ལོ་བཤགས། །
ཀླུའི་ཕོ་བྲང་དེ་ནས་གསང་མཚོ་དང་། །ཕོ་བྲང་ངོས་བཟང་ལ། བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །བདག་ཅག་གིས་ནི་མ་རིག་པས། །ནེ་གྲོ་ཤིང་ཆེན་སྤེན་མ་དང་། །སེ་བ་དག་ནི་ལིང་ལིང་ལ། །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །ཤིང་གཏུབ་དེ་ནི་གིས་བཏབས་པས། །རྡོ་རྩིགས་ས་རློག་མི་གཙང་ཕེབ། །མི་འཆབ་པས་ནི་མཐོལ་ལོ་བཤགས། །ཀླུའི་ཕོ་ཐང་དེ་ནི་བྱེ་ཐང་སྐྱ་བོ་ལ། །རྟ་མིག་གོར་མོ་ཞིག་གི་འོག་དག་ལ། །ཀླུའི་གྲོང་ཁྱེར་བྱེ་བ་ཕྲག་ཁྲི་ཡོད། །བ་དམར་གླང་དམར་དི་རིའི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །བདག་ཅག་གིས་ནི་མ་རིག་པས། །རྡོ་རློག་པ་དང་ཕུར་བཏབ་པས། །མི་འཆབ་པས་ནི་མཐོལ་ལོ་བཤགས། །
ཀླུའི་ཕོ་བྲང་དེ་བྱེ་ཐང་ཆེན་པོ་ནེའུ་སིང་སྔོ། །སིན་དྷུ་བཀོད་དང་ས་བསྐོས་པའི། །མི་འཆབ་པས་ནི་x ཀླུའི་ཕོ་བྲང་དེ་ནི་མགོ་ངོས་བཟང་། །ཆུ་སྔོ་ཆུ་སྔོན་ཟུ་ལེ་བ། །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x གླིང་བུ་མང་པོ་ཀྱུ་རུ་རུ། །སྦྲུལ་མགོ་མང་པོ་རངས་སེ་རང་། །ལྕེ་སྤྱང་མང་པོ་ལྡེམས་ལྡེམ། །སྦལ་སྦྲུལ་ཉ་ལྕོང་ཡམས་སེ་ཡམ། །གཡུ་མཚོ་བདེ་མཚོ་ཡ་ལ་ལ། །ནེའུ་སིང་སྔོན་མོ་ལམ་སེ་ལམ། །ཀླུ་རྒྱལ་དེ་ནི་བཞུགས་པ་ལ། །ཀླུའི་རྒྱལ་པོ་འཁོར་བཅས་ལ། །བདག་ཅག་དེ་ལ་མཆོད་པ་འབུལ། །བསྟོད་པ་དང་ནི་མཐོལ་ལོ་བཤགས། །ཚངས་པ་དང་ནི་དུང་སྐྱོང་བཟུང་དུ་གསོལ། །བདག་ཅག་འཁོར་དང་བཅས་པ་ལ། །མཐུན་རྐྱེན་དང་ནི་གྲོགས་མཛོད་ཅིག །ཀླུའི་ཡན་ལག་མི་བདེ་ཞིང་། །དབང་པོ་རྒུད་པར་གྱུར་པ་རྣམས། །རྟ་མཆོག་རྒྱལ་པོའི་དམ་ཚིག་གིས། །མི་རྣམས་བདེ་སྐྱིད་སུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །མི་བདེ་བའི་སྡུག་བསྔལ་ཀུན་ལས་ཐར་བར་གྱུར་ཅིག །
ད་ནི་ཀླུ་ལ་མཆོད་པ་འབུལ། །མཆོད་རྣམ་པ་ལྔ་འབུལ་བས། །སོ་སོའི་རེ་འདོད་བསྐོང་ཚིམ་གྱུར། །ཀླུ་བཙན་ཀླུ་སྨན་འཁོར་བཅས་ལ། །བདག་ཅག་དེ་རིང་མཆོད་པ་འབུལ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་དང་ནི་དུང་སྐྱོང་དང་། །པདྨ་ཆུ་ལྷ་ལ་སོགས་པའི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་ལ། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །རྟ་མཆོག་རྒྱལ་དང་སྤྱན་རས་གཟིགས། །ནཱ་ག་རཀྵ་སེངྒེ་སྒྲས། །བདེན་ཚིག་འབུལ་བའི་དམ་ཚིག་གིས། །མི་རྣམས་བདེ་སྐྱིད་ཕུན་སུམ་ཚོགས། །ཀླུ་རྣམས་ལོངས་སྤྱོད་ཆོས་ལྡན་འབྱོར། །ཕྱུགས་རྣམས་དར་འཕེལ་ལོ་འབྲས་རྒྱས། །ས་བདག་ཀླུ་གཉན་སྟོད་དང་གཟེར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཁྱུང་གི་དེ་ནི་གཤོག་སྟེང་དུ། །བུ་ལོན་དེ་ནི་གསེར་གྱིས་མཆོད། །ཞལ་ཟས་དེ་ནི་སྣ་ཚོགས་དང་། །བདུད་རྩི་དེ་ནི་བཅུད་དུ་སྦྱར། །དཀར་འཇམ་དེ་ནི་གདན་དུ་བསྟིང་། །རྨ་བྱ་དེ་ནི་མདོངས་བཙུགས་ནས། །དེ་ནི་ཀླུ་ལ་མཆོད་པ་འབུལ། །མི་ཡོན་དེ་ནི་ཀླུ་ལ་འབུལ། །ཀླུ་ཡོན་དེ་ནི་མི་ལ་འབུལ། །ཅི་དང་ཅི་རུ་འཇལ། །མི་དང་ཀླུ་རུ་འཇལ། དགྱེས་ཤིང་དེ་ལ་དགའ། ཉིན་དར་མཚན་དུ་འཇལ། གྲོ་དང་ཟ་མར་འཇལ། ཀླུ་བདུད་མི་ལ་མ་འབེབས་ཤིག །
ད་ནི་ཀླུ་ལ་སྐྱབས་སུ་མཆི། །ཀླུའི་ཕོ་བྲང་རྒྱན་དང་ལྡན། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །བདག་ཅག་ཀླུའི་ཐུགས་དང་འགལ་བ་ཐམས་ཅད་མཐོལ་ལོ་བཤགས། །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག །མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ནཱ་ག་ཕུར་ནཱ་ག་ཁྲོལ་ནཱ་ག་ཐོང་། །ཕ་བདེ་ལེགས་སུ་གྱུར་ཅིག །མ་བདེ་ལེགས་སུ་གྱུར་ཅིག །མངལ་བདེ་ལེགས་སུ་གྱུར་ཅིག །རྐང་གཉིས་པ་རྣམས་བདེ་ལེགས་སུ་གྱུར་ཅིག །རྐང་བཞི་པ་རྣམས་བདེ་ལེགས་སུ་གྱུར་ཅིག །རྐང་མང་པ་རྣམས་བདེ་ལེགས་སུ་གྱུར་ཅིག །བཀའ་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །
ཀླུའི་གཏོར་མ་དང་ཀླུ་སྨན་དང་མཆོད་པ་རྣམ་ལྔ་དང་ཆབ་གཏོར་བཤམས་ནས་ཀླུ་འབུམ་འདི་བཏོན་ནས་ཀླུ་ནད་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ། །ཕོ་བྲང་ཁྲི་སྟེང་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་སྙིགས་མའི་འགྲོ་བ་སེམས་ཅན་ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ་ཀླུ་གཉན་ས་བདག་དར་བར་གཟིགས་ནས་བྲག་དམར་སེངྒེ་རྫོང་གི་ཚངས་པ་ཀླུ་གཉན་གྱི་གནས། ཀླུའི་རྒྱལ་པོ་སོགས་མ་མེད་དང་གྲོས་བྱས་ནས་བསྟོད་པས། གཙང་མ་ཀླུ་འབུམ་ནག་པོ་རྫོགས་སོ།། །།
༄༅། །གཙང་མ་ཀླུ་འབུམ་ཁྲ་བོ་ཞེས་བྱ་བ་བཞུགས་སོ།།[3]
༄༅། །རྒྱ་གར་སྐད་དུ། ཀྲ་ཧ་མ་ཏི་ནཱ་མ་དྷ་ར་ནི། བོད་སྐད་དུ། གཙང་མ་ཀླུ་འབུམ་ཁྲ་བོ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་འཇོག་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རིགས་ལྡན་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་དུང་སྐྱོང་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་པདྨ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་མ་དྲོས་པ་ལ་ཕྱག་འཚལ་ལོ། །ཀླུའི་སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུ་དབང་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་ཀླུ་མཆོག་དབང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྲིན་ཆེན་བཀོད་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སྟོན་པ་གཤེན་རབ་མི་བོ་ཆེ་ལ་ཕྱག་འཚལ་ལོ། །
ཀླུ་བོན་ཡེ་གཤེན་སྙིང་པོ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་བྱེ་བ་ཕྲག་ཁྲི་བརྒྱ་སྟོང་དུ་མ་ལ་ཕྱག་འཚལ་ལོ། །ཀླུའི་རྒྱལ་པོ་སོགས་མ་མེད་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་མཆོད་པ་འབུལ་བའི་ཀླུ་དང་ས་བདག་ལ་མཐོལ་ལོ་བཤགས་སུ་འབུལ་བ་ནི། བདག་ཅག་ཡོན་བདག་འཁོར་དང་བཅས་པ་དང་། དེ་ལྟར་སྡིག་པ་བཤགས་ནས་ཡང་ནས་ཡང་དུ་བཤགས་སོ། །བདག་ཅག་འཁོར་དང་བཅས་པས། སྐྱེས་གནས་ཐམས་ཅད་དུ་གནོད་འགལ་ཅི་མཆིས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །ཀླུའི་ཕོ་བྲང་ནི་མཚོ་མི་ཕམ་པ་དང་། རྒྱ་མཚོའི་གླིང་དགུ་དང་། སྟུག་པོ་ནེའུ་སིང་མཚོ་ཁ་ན། བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །མཚོ་ནི་སྙོགས་ཤིང་གཏིང་དཀྲུགས་པའི། །མི་འཆབ་པས་ནི་མཐོལ་ལོ་བཤགས། །
ཀླུའི་ཕོ་བྲང་ནེའུ་སིང་སྔོན་མོ་དང་། །གཡའ་བྲག་གངས་རི་རྩེ་རྒྱལ་དང་། །སྤང་རི་ངོས་བཟང་ནགས་སྟུག་པོ། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱང་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །ཉེས་འགལ་འགྲམ་འཁྲུག་ཅི་བགྱིས་བཤགས། །ནེ་གྲོ་ཤིང་ཆེན་སྤེན་མ་དང་། །སེ་བ་མགོ་ལིང་འོམ་བུ་སུར་དཀར་ནག །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x གླིང་བུ་དུ་མ་སིལ་ལི་སྙན། །དེ་ལྟ་བུ་ཡི་གནས་དག་ཏུ། །བདག་ཅག་x ཤིང་གཏུབ་པ་དང་གིས་བཏབ་པས། །རྡོ་རློག་རྦབ་བསྒྱུར་མེ་བཏང་སོགས། །མི་འཆབ་པས་ནི་མཐོལ་ལོ་བཤགས། །
བྱེ་ཐང་སྐྱ་མོ་གྲམས་ཁྲོད་དང་། །ཕ་བོང་རང་རང་སོ་ཐོ་འབུར། །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x དེ་ལྟ་བུ་ཡི་ཕོ་བྲང་དུ། །དམེ་བྱས་མེ་བཏང་མི་གཙང་བྱས། །བུད་མེད་ཞོན་དང་མནའ་ཟོས་ཤོར། །ཅི་བྱས་བཤགས་བྱེད་མཐོལ་ཞིང་བཤགས། །ཀླུའི་གནས་བཟང་། རི་མཐོ་ངོས་བཟང་ལ། ཆུ་སྔོན་ཟུ་ལེ་བ། གངས་སྐྱ་ནགས་དང་བྲག་ཕུག་དང་། །ཚེར་མ་རུབ་དང་རྫ་སྔོན་ག་དང་། །བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x གླིང་བུ་མང་པོ་ཀྱུ་རུ་རུ། །སྦྲུལ་མགོ་མང་པོ་རེངས་སེ་རེང་། །སྦལ་སྦྲུལ་སྡོམ་སྡིག་ཁྱུགས་སེ་ཁྱུག །ལྕེ་སྤྱང་མང་པོ་འུ་རུ་རུ། །གཡུ་མཚོ་སྔོན་མོ་ཡ་ལ་ལ། །ནེའུ་སིང་སྔོན་མོ་ལམས་སེ་ལམ། །མཚེའུ་དཀྱིལ་དང་ཁྲོན་པ་མིག །མཚོ་རྡོལ་དེ་ནི་གཞོབ་བཏང་བས། །མི་འཆབ་པས་ནི་མཐོལ་ལོ་བཤགས། །ཀླུའི་ཕོ་བྲང་། ནེའུ་སིང་སྔོན་མོ་དང་། ཕོ་བྲང་ངོས་བཟང་ལ། བ་དམར་x ངང་ངུར་x རྨ་བྱ་x རོལ་མོ་x དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །ནེ་གྲོ་ཤིང་ཆེན་སྤེན་མ་དང་། །སེ་བ་དང་ནི་ལང་ལིང་ལ། །ཤིང་བཏུབ་པས་ནི་གིས་བཏབས་པས། །མི་འཆབ་པས་x བྱེ་ཐང་དེ་ནི་སྐྱ་བོ་ལ། རྡོ་རློག་པ་དང་ཕུར་བཏབ་པ། །མི་འཆབ་པས་ནི་མཐོལ་ལོ་བཤགས། །
ཀླུའི་ཕོ་བྲང་ལ། བདག་ཅག་གིས་ནི་མ་རིག་པས། །དམ་ཤོར་བས་ནི་དམེ་ཤོར་ལ། །ཀླུའི་ཕོ་བྲང་ལ། རི་མཐོ་ངོས་བཟང་ལ། ཆུ་སྔོན་ཟུ་ལེ་བ། བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །གླིང་བུ་མང་པོ་ཀྱུ་རུ་རུ། །སྦྲུལ་མགོ་མང་པོ་རེངས་སེ་རེང་། །ལྕེ་སྤྱང་མང་པོ་ལྡེམས་སེ་ལྡེམ། །གཡུ་མཚོ་སྔོན་པོ་ཡ་ལ་ལ། །ནེའུ་སིང་སྔོན་མོ་ལམས་སེ་ལམ། །ཀླུའི་རྒྱལ་པོ་འཁོར་བཅས་ལ། །བདག་ཅག་དེ་ལ་མཆོད་པ་འབུལ། །བཟོད་པ་དང་ནི་མཐོལ་ལོ་བཤགས། །ནང་པ་ནང་གིས་བསད་དུ་གསོལ། །བདག་ཅག་འཁོར་དང་བཅས་པ་ཡི། །མཐུན་རྐྱེན་དང་ནི་གྲོགས་མཛོད་ཅིག །ཀླུའི་ཡན་ལག་མི་བདེ་ཞིང་། །དབང་པོ་རྒུད་པར་གྱུར་པ་རྣམས། །རྟ་མཆོག་རྒྱལ་པོའི་དམ་ཚིག་གིས། །དེ་ན་བཞུགས་པའི་ཀླུ་རྒྱལ་དང་། །ཀླུའི་བཙུན་བློན་ཀླུ་བཙུན་པ། །ཀླུའི་བུ་ཕོ་བུ་མོ་མག་པ་དང་། །ཁོལ་པོ་ཁོལ་མོ་བྲན་གཡོག་ལ། །བདག་གིས་ལུས་ངག་ཡིད་གསུམ་གྱི། །མཆོད་པ་འབུལ་དང་བཤགས་པ་བྱེད། །གནོངས་པ་བཟོད་གསོལ་མཐོལ་ལོ་བཤགས། །
བདག་ཅག་འཁོར་དང་བཅས་པ་ལ། །མཐུན་རྐྱེན་དང་ནི་གྲོགས་མཛོད་ཅིག །ཀླུ་ལ་ནད་བྱུང་ཡག་ལག་ཉིང་ལག་མི་བདེ་བ་རྒུད་པ་ཞ་བ་རེངས་པ་ལྐུག་པ་རྙིད་པ་ཡོ་བ་དིག་པ་རྣ་འབྲས་རུལ་པ་ནི། །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བདེན་པའི་ཀླུ་རྣམས་ནད་མེད་པ་དང་ཉམས་བདེ་ནས་མི་ནད་ཕྱུགས་ནད་རྒྱུན་ཆད་པར་གྱུར་ཅིག །འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དང་། འཇམ་དཔལ་དབྱངས་དང་། ཕྱག་ན་རྡོ་རྗེ་དང་། རྟ་མཆོག་རྒྱལ་པོ་དང་། ཀླུ་རྒྱལ་འཁོར་དང་བཅས་པའི་དམ་ཚིག་བདེན་པའི་ཀླུ་རྣམས་ནད་མེད་པ་དང་ཉམས་བདེ་བའི་མི་རྣམས་མི་ནད་ཕྱུགས་ནད་རྒྱུན་ཆད་པར་གྱུར་ཅིག །ཀླུའི་གཤེན་རབ་མི་བོ་དང་ཀླུ་བོན་ཡེ་གཤེན་སྙིང་པོས་དམ་ཚིག་གཡུང་དྲུང་གི་བདག་ཅག་འཁོར་དང་བཅས་པ་ལ། མི་རྣམས་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །མི་བདེ་བའི་སྡུག་བསྔལ་ཀུན་དང་བྲལ་བར་གྱུར་ཅིག །ད་ནི་ཀླུ་ལ་མཆོད་པ་འབུལ། །མཆོད་པ་རྣམ་པ་ལྔ་འབུལ་བས། དགེ་བསྙེན་ཀླུ་རྒྱལ་རྣམ་པ་དང་། ཀླུ་བཙུན་དེ་ནི་བཞུགས་པ་དང་། །བདག་ཅག་དེ་རིང་མཆོད་པ་འབུལ། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །གནས་འདིར་རྩེ་གཅིག་གཤེགས་སུ་གསོལ། །
མཐའ་ཡས་དང་ནི་འཇོག་པོ་དང་། །སྟོབས་ཀྱི་རྒྱུ་དང་རིགས་ལྡན་དང་། །ནོར་རྒྱས་བུ་དང་དུང་སྐྱོང་དང་། །པདྨ་ཆུ་ལྷ་ལ་སོགས་པའི། །ཀླུ་ཆེན་བརྒྱད་པོ་འཁོར་དང་བཅས། །གནས་འདིར་མ་ལུས་གཤེགས་སུ་གསོལ། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་། །རྟ་མཆོག་རྒྱལ་པོའི་དམ་ཚིག་གིས། །གནས་འདིར་རྩེ་གཅིག་བཞུགས་སུ་གསོལ། །སྤྱན་རས་གཟིགས་ཀྱི་སེམས་བསྐྱེད་ཀྱིས། །རྣམ་སྲས་སྨོན་ལམ་འགྲུབ་རྣམས་ཀྱིས། །ཀླུ་རྣམས་འདིར་ཉོན་བཞུགས་སུ་གསོལ། །ཁྱུང་གི་དེ་ནི་གཤོག་སྟེང་དུ། །བུ་ལོང་དེ་ནི་གསེར་གྱིས་མཆོད། །ཞལ་ཟས་དེ་ནི་སྣ་ཚོགས་དང་། །བདུད་རྩི་དེ་ནི་བཅུད་དུ་བསྒྱུར། །དཀར་འཇམ་དེ་ནི་གདན་དུ་བཏིང་། །རྒོད་ཀྱི་དེ་ནི་ཐེ་གོང་དུ། །རྨ་བྱ་དེ་ནི་མདོངས་བཙུགས་ནས། །ད་ནི་ཀླུ་ལ་མཆོད་པ་འབུལ། །མི་ཡོན་དེ་ནི་ཀླུ་ལ་འབུལ། །ཀླུ་ཡོན་དེ་ནི་མི་ལ་འབུལ། །ཅི་དང་ཅི་རུ་འཇལ། དགྱེས་ཤིང་དེ་ལ་དགའ། ཉིན་དང་དུས་སུ་འཇལ། གྲོ་དང་ཟ་མ་འཇལ། ཀླུ་ནད་ངན་པ་སེལ། མི་ནད་ངན་པ་སེལ། མི་ནད་ནང་པ་བོར། །ཕྱུགས་ནད་དབུལ་བ་སེལ། ཀླུ་བདུད་མི་ལ་མ་འབེབས་ཤིག །ད་ནི་ཀླུ་ལ་སྐྱབས་སུ་མཆི། །ཀླུའི་ཕོ་བྲང་རྒྱན་དང་ལྡན། །བདག་ཅག་གིས་མ་རིག་པས། །ཀླུའི་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །ཁྱེད་རྣམས་ཐུགས་དང་འགལ་བ་སེལ། །བ་དམར་གླང་དམར་དི་རི་རི། །ངང་ངུར་མང་པོ་ཅོངས་སེ་ཅོང་། །རྨ་བྱ་སྤུ་སྡུག་ལྷབས་སེ་ལྷབ། །རོལ་མོ་སིལ་སྙན་སི་ལི་ལི། །དེ་ལྟ་བུ་ཡི་ཕོ་བྲང་དུ། །བདག་ཅག་གིས་ནི་མ་རིག་པས། །བདག་ཅག་ཀླུའི་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །
ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་གྱུར་ཅིག །ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག །ཕ་བདེ་ལེགས་སུ་གྱུར་ཅིག །མ་བདེ་ལེགས་སུ་གྱུར་ཅིག །མངལ་བདེ་ལེགས་སུ་གྱུར་ཅིག །རྐང་གཉིས་པ་རྣམས་བདེ་ལེགས་སུ་གྱུར་ཅིག །རྐང་བཞི་པ་རྣམས་བདེ་ལེགས་སུ་གྱུར་ཅིག །རྐང་མང་བ་རྣམས་བདེ་ལེགས་སུ་གྱུར་ཅིག །བཀའ་སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག །ཀླུའི་གཏོར་མ་དང་དཀར་གསུམ་མངར་གསུམ་ཀླུ་སྨན་མཆོད་པ་རྣམ་ལྔ་དྲི་བཟང་ཆབ་གཏོར་དང་བཅས་པ་བཤམས་ལ་ཀླུ་འབུམ་འདི་བཏོན་པས། ས་བདག་ནད་དང་ཀླུ་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག །ཕོ་བྲང་ཁྲི་སྟེང་ནས་སློབ་དཔོན་ཀླུ་སྒྲུབ་སྙིང་པོས་དུས་སྙིགས་མའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཀླུ་དང་ས་བདག་གི་ཟ་ཁ་དར་བར་གཟིགས་ནས་བྲག་དམར་སེངྒེ་རྫོང་གི་ཕོ་བྲང་དུ་ཀླུ་རྒྱལ་སོགས་མ་མེད་དང་གྲོས་བྱས་ནས་སྦྱར། ཕྱིས་སྙི་ལམ་སྒང་དུ་འཕགས་པ་ཀླུ་སྒྲུབ་ཨཱརྱའི་ཆ་བྱད་བྱས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་དངོས་སུ་གདམས་པའོ། །གཙང་མ་ཀླུ་འབུམ་ཁྲ་བོ་ཞེས་བྱ་བའི་གཟུངས་ལེ་ཚན་གསུམ་པ་རྫོགས་སོ།། །།
བསྟན་པའི་དཔལ་འགྱུར་བླ་མའི་ཞབས་པད་བརྟན། །
བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །
བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
ཞེས་པ་འདི་ནི་སྐུ་འབུམ་བྱམས་པ་གླིང་གི་དཔར་དུ་བསྒྲུབས་པའོ། །སརྦ་མངྒ་ལཾ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ། སྐུ་འབུམ་ཤིང་དཔར། ཤོག་ ༡ན༡ ནས་ ༦བ༣ བར་བཞུགས་སོ།།
[2] གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ། སྐུ་འབུམ་ཤིང་དཔར། ཤོག་ ༦བ༣ ནས་ ༡༣ན༣ བར་བཞུགས་སོ།།
[3] གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་སློབ་དཔོན་ཀླུ་སྒྲུབ་ཀྱིས་སྦྱར་བ། སྐུ་འབུམ་ཤིང་དཔར། ཤོག་ ༡༣ན༣ ནས་ ༢༡ན༦ བར་བཞུགས་སོ།།
ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༩ ནས་ ༩༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།