༄༅། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཉི་མ་ཟླ་བ་ཁྲུས་གསོལ་བཞུགས་སོ།།

༄༅། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཉི་མ་ཟླ་བ་ཁྲུས་གསོལ་བཞུགས་སོ།།[1]

 

མགོན་པོ་ཀླུ་སྒྲུབ་པའི་རྒྱུད་ལས། མི་ཕྱུགས་པའི་ནད་ཞི་བར་འདོད་ན། དང་པོར་ཕྱུགས་རྣམས་ཀྱི་དབུས་ན་ཉེར་སྤྱོད་གཞི་བདག་ལ་འོ་མ་ཇ་ཕུད་བཤམས། ལུག་སོགས་ན་འབྱུང་ན་ཉི་མ་ལ་སྟོན་ཁྲུས། རྔ་མོང་ལ་སོགས་ནད་འབྱུང་ན་བཅོ་ལྔ་ཟླ་བ་ཁྲུས་འབུལ།

དང་པོ་ནི། སྐྱབས་འགྲོ་སེམས་བསྐྱེད་བགེགས་གཏོར་སྐོར་ཤེར་སྙིང་གཞི་བདག་ལ་གཏོར་བ་འབུལ། ཐམས་ཅད་དུ་ནི་xx མ་ལུས་སེམས་ཅན་xx བཅོམ་ལྡན་བསྐལ་xx དེ་ཕྱིར་ཆོས་དབྱིངས་xx ཆོས་རྣམས་ཀུན་གྱི་xx སྐུ་ཁྲུས་གསོལ་བར་བགྱིའོ་xx ཇི་ལྟར་བལྟམས་པ་xx ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་དག་སྐུ་ལ་xx སྭཱཧཱ། རྒྱལ་བའི་སྐུ་ལ་ཉོན་མོངས་མི་མངའ་ཡང་། །སེམས་ནས་ལུས་ཀྱི་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ཀྱི་སྒྲིབ་པ་དག་གྱུར་ཅིག །ཨོཾ་སརྦ་ནས་སྭཱཧཱ། སངས་རྒྱས་ཐམས་ཅད་xx སྒྲུབ་པ་པོ་ལ་བུ་ལྟར་xx ཐབས་མཁས་ཐུགས་རྗེ་xx འཇམ་དབྱངས་ཕྱག་ན་xx མཁའ་ལ་སྤྱོད་པའི་xx སྔོན་ཚེ་བཅོམ་ལྡན་xx ཨོཾ་སརྦ་ནས་སྭཱཧཱ། ཉི་མ་ཟླ་བ་ལ་སོགས་པའི། །བརྒྱད་པའི་གཟའ་བརྒྱད་ཆེན་པོ་སོགས། །སྨིན་དྲུག་བྲ་ཉེ་ལ་སོགས་པའི། །རྒྱུ་སྐར་ཉེར་བརྒྱད་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སྭཱཧཱ། གཟའ་སྐར་ལོ་ཟླ་ཞག་དུས་སོགས། །རྒྱུ་ཞིང་གནས་པའི་ལྷ་རྣམས་དང་། །ཁྱད་པར་བདག་ཅག་འཁོར་བཅས་ཀྱི། །ཆོས་བརྒྱུད་རིགས་བརྒྱུད་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སྭཱཧཱ། ས་ཡི་ལྷ་མོ་xx ཡུལ་ལྷ་གཞི་བདག་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སྭཱཧཱ། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱི། །ས་འོག་གནས་པའི་མུན་པ་རབ་གསལ་འཛིན། །བསྟན་པ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སྭཱཧཱ། ཁྱད་པར་ལུག་ཁྱུའི་གོད་ཁ་དང་། །མགོ་ནད་མིག་ནད་རྐང་ནད་དང་། །སྟོད་ནད་སྐེད་ནད་སྨད་ནད་དང་། །གྲེ་ནད་རྒྱུ་ནད་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སྭཱཧཱ། འགག་པ་ལྷོག་པ་འབྲས་ནད་དང་། །གློ་ཚད་གློ་རྣག་གློ་སྐམ་དང་། །ཏེལ་ནད་སྐེམ་ནད་སྒལ་ནད་དང་། །རྐང་མཐིལ་མིག་ནད་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སྭཱཧཱ། རློན་སྐམ་གཡན་པ་རླང་ནག་དང་། །འབྲུམ་པ་ཤུ་ཐོར་མཆིན་ནད་དང་། །ལས་སོགས་རིམས་ནད་ཡམས་ནད་དང་། །ལུས་མོ་མ་སྲུམ་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སྭཱཧཱ། ཁྱད་པར་འཐུམ་ཆེན་དཀར་ནག་དང་། །འགག་ལྷོག་བེག་གེ་འཁྲུགས་གཟེར་སོགས། །མི་ཕྱུགས་ནད་ཡམས་མ་ལུས་པ། །ཉེར་འཚེ་བཟློག་པའི་སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སྭཱཧཱ། ཕྱིན་དྲུག་སོགས་ཀྱི་ཚར་གསུམ་འབུལ། དེ་བཞིན་གཤེགས་དང་། ཞེས་པ་ནས། སྐུ་ཁྲུས་གསོལ། །ཨོཾ་སརྦ་ནས་སྭཱཧཱ།

སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་གིས་དྲི་འབུལ། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ནས་ དེ་དང་དེ་དག་འབུལ། །ཨོཾ་བཛྲ་ཝསྟྲ་ས་སྱ་ཨཱཿཧཱུཾ། ཞེས་གོས་དར་འབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་པྱིར། །ནས་ སྐུ་ལུས་ཐོབ་པར་ཤོག །ཨོཾ་བཛྲ་ཨ་ལཾ་ཀཱ་ར་ཝ་པུ་ཥ་ནི་ཨཱཿཧཱུཾ་གིས་རྒྱན་རྣམས་ཕྲེང་དང་མེ་ཏོག་འབུལ། རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །ནས་ བརླན་པར་ཤོག །ཨོཾ་བཛྲ་ཀ་ལ་ཤ་ཡེ་ཨཱཿཧཱུཾ་གིས་རྒྱུད་བུམ་པ་འབུལ། མཎྜལ་འདོད་གསོལ་སོགས་ཀྱི་ཚར་འོག་བཀྲ་ཤིས་བརྒྱན་པར་བྱའོ། །གོང་བཤམས་འོ་མ་དཔལ་ཕྱོགས་མཐོར། །དེའི་ཕྱོགས་སུ་ཕྱུགས་འཇལ་ལྟའོ། །ཇ་ཕུད་སོགས་ཕྱོགས་སུ་འཐོར། སྨན་བླའི་ཕྱོགས་སུ་སྨན་འཐོར། ཕྱྭ་པའི་ཕྱོགས་ནས་ཕྱུགས་རྣམས་བསྡུས་སུ་འགུགས་ཏེ་བདུད་རྩི་འཐོར། ཡང་མི་ཕྱུགས་རྣམས་ཀྱི་ནད་དགུ་ཞག་གིས་མ་ཞི་ན་བདུད་ཕྱོགས་སུ་ལྷ་མོ་བཟློག་བསྒྱུར་འཕེན་ན་བཟང་། གནོད་པའི་ཕྱོགས་སུ་གང་ཕྱུགས་གོད་ཁ་འབྱུང་ན་སྤུ་ཕྱོགས་སུ་འཐོར། འདྲེ་ལྷའི་ཕྱོགས་སུ་གླུད་བཏང་། ལུས་ཕྱོགས་སུ་ཁྲུས་ནས་ལྷག་མ་ཆུ་འཐོར། གལ་ཏེ་ལྷ་མོའི་བཟློག་བསྒྱུར་བྱེད་ན་ཡུལ་ཁམས་འཕོ་སྐྱས་པའོ། །མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་ཁྲུས་འདི་ནི་ས་མ་ཡ་རྒྱ༔རྒྱ༔རྒྱ༔ཟབ་ཨྠི། མཇུག་ཏུ་ཡུལ་ལྷ་གཞི་བདག་ལ་བསངས་བཏབ། སྣང་བརྒྱད་འདོན། གལ་ཏེ་འདུལ་ཡུལ་ནས་འཕོ་སྐྱས་ན་ཕྱྭ་གཡང་གི་ཕྱོགས་སུ་འཕོ་སྐྱས་པ་བཟང་བའོ། །མངྒ་ལཾ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བླ་མ་དང་འཇམ་དཔལ་ཞི་ཁྲོ་དབྱེར་མེད་པའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དངོས་གྲུབ་གཏེར་མཛོད། པོད། ༼༡༽ དབུ་ཅན་བྲིས་མ། དཔེ་ཐུང་ཤོག་གྲངས་ ༡ན༡ ནས་ ༤ན༣ བར་ཤོག་བུ་བཞི་ཅན་བཞུགས་པ་ལས་བཏུས་པའོ།།

 

ཡོང་ཁུངས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟན་བཅོས་ཐོར་བུ་སྣ་ཚོགས་ཕྱོགས་བསྒྲིགས། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༩ ནས་ ༥༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *