དགུ། དུས་རབས་སོ་སོར་བྱོན་པའི་ལོ་ཙཱ་བའི་མཚན་གཞུང་།
༡༽ དུས་རབས་བདུན་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་ཀྱི་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་སམ་བྷོ་ཊ་དང་། དེའི་མཆན་བུ་དྷརྨ་ཀོཥ་དང་། ལྷ་ལུང་རྡོ་རྗེ་དཔལ་བཅས་བྱོན་ནས་མདོ་རྒྱུད་དང་། སྨན་རྩིས་སོགས་ཀྱི་གཞུང་མང་དུ་བསྒྱུར།
༢༽ དུས་རབས་བརྒྱད་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ་བོད་ཀྱི་ལོ་ཙཱ་བ་བྲན་ཀ་མུ་ལ་ཀོ་ཤ་དང་། གཉགས་ཛྙཱ་ན་ཀུ་མཱ་ར།
སྦ་གསལ་སྣང་། སྤ་གོ་བཻ་རོ་ཙཱ་ན་རཀྵི་ཏ། སྦ་ཡེ་ཤེས་དབང་པོ། འཁོན་ཀླུའི་དབང་པོའི་སྲུང་བ། རྨ་རིན་ཆེན་མཆོག །ངན་ལམ་རྒྱལ་བ་མཆོག་དབྱངས། གཙང་ས་ལའི་བུ་རིན་ཆེན་ལེགས་གྲུབ་བཅས་སད་མི་བདུན་དང་། གཞན་ཡང་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། བནྡྷེ་ནམ་མཁའ། སྒྲོན་རིན་ཆེན་སྡེ། སྣ་ནམ་རྡོ་རྗེ་བདུད་འཇོམས། ཝི་མ་ལ་མི་ཏྲ། གཉན་དཔལ་དབྱངས། གནུབས་ནམ་མཁའི་སྙིང་པོ། དྲན་པ་ནམ་མཁའ་དཔལ། ཁ་ཆེ་སྐྱེས་བཟང་གི་བླ་མ་ཨཱ་ནནྡ། གོ་གོམ་ཆོས་སྒྲུབ། སྦ་རཏྣ། སྦ་མང་རྗེ་གསལ་སྣང་། རླངས་ཁམས་པ་གོ་ཆ། ཆོས་ཀྱི་སྣང་བ། དབས་མཉྫུ་ཤྲཱི། དེ་ཝ་ཙནྡྲ། འཁོན་ནཱ་གེནྡྲ་རཀྵི་ཏ། འབའ་ཁྲི་བཞེར་སང་ཤི་ཏ། འོག་གོམ་དབུས་གོང་། ཡེ་ཤེས་སྙིང་པོ། སེང་གོང་ལྷ་ལུང་གཟིགས། རུ་གྱོང་ཝིརྱ་རཱ་ཇ། ལེགས་སྦྱིན་ཉི་མ། ལེགས་པའི་བློ་གྲོས། ལོ་ཙཱ་བ་མཆན་བུ་འདན་མ་རྩེ་མང་། ལོ་ཀྱི་ཆུང་། ཤུད་བུ་དཔལ་གྱི་སེངྒེ་། ཤུད་པུ་དཔལ་གྱི་རྡོ་རྗེ། སྒྲོན་རིན་ཆེན་སྡེ། བབ་སྟོང་ལོ་ཙཱ་བ། བནྡེ་དཔལ་འབྱོར། བནྡེ་དཔལ་གྱི་སྙིང་པོ། བནྡེ་བཟང་སྐྱོང་། མགོ་འབྲོམ་པུས་འབྱིན། མཆིམས་ཤཱཀྱ་པྲ་བྷ། མཆོག་གི་སྙིང་པོ། མཆོག་སྦྱིན་སྙིང་པོ། སྦྲང་རྒྱར་ལེགས་གཟིགས། ཙངས་དེ་བེནྡྲ་རཀྵི་ཏ། ཨཱ་ཙཱརྱ་ཡེ་ཤེས་དཔལ་དབྱངས། ཁྱུང་པོ་ཙེ་ཙེ། རྨ་ཤཱཀྱ་འོད། རྨ་རྣམ་པར་མི་རྟོག་པ། དྷརྨ་ཨ་ལོ་ཀངྷར་ཏ་ཤཱི་ལ། རྩངས་དྷེ་ལེན་ཏ། གྲུ་གུ་པེ་ཤཏྲན་པ། མུ་རི་ཏི། དྲི་མེད་ཤ་དྷ་ར། ལྕེ་ཛྙཱན་སིདྡྷི། བྲང་ཏི་ཛ་ཡ་རཀྵི་ཏ། ཛྙཱ་ན་རཀྵི་ཏ། ལྷ་ལུང་ཀླུ་གོང་། ལྷའི་ཟླ་བ། འབྲོག་མི་ཁྱེའུ་ཆུང་བཅས་བྱོན་པ་རྣམས་ཀྱིས་མདོ་རྒྱུད་རིག་གནས་དང་བཅས་པའི་གཞུང་ལུགས་མང་དུ་བསྒྱུར་བའོ།།
༣༽ དུས་རབས་དགུ་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། རྒྱལ་པོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་དུས་སུ་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཆོས་ཀྱི་སྙིང་པོ་དང་། དཔལ་གྱི་ལྷུན་པོ་ལ་སོགས་དང་། དེ་རྗེས་ཆོས་རྒྱལ་ཁྲི་རལ་གྱི་སྐུ་དུས་ལོ་ཙཱ་བ་ཛྙཱན་དེ་ཝ་གོ་ཥ་དང་། ལྕེ་ཁྱི་འབྲུག །བྲམ་ཟེ་ཨཱནྡ། ཨཱ་ཙཱརྱ་ཛི་ན་མི་ཏྲ་སྟེ་རྒྱལ་བའི་བཤེས་གཉེན་དང་། སུ་རེནྡྲ་བོདྷི་སྟེ་ཉི་དབང་བྱང་ཆུབ་དང་། ཤཱི་ལེནྡྲ་བོ་དྷི་སྟེ་ཚུལ་ཁྲིམས་དབང་པོ་བྱང་ཆུབ་དང་། དཱ་ན་ཤཱི་ལ་སྟེ་སྦྱིན་པ་ཚུལ་ཁྲིམས་དང་། བོ་དྷི་མི་ཏྲ་སྟེ་བྱང་ཆུབ་བཤེས་གཉེན་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་སྟེ་རིན་ཆེན་སྲུང་བ་དང་། དྷརྨ་ཏཱ་ཤཱི་ལ་སྟེ་ཆོས་ཉིད་ཚུལ་ཁྲིམས་དང་། ཛྙཱ་ན་སེན་སྟེ་ཞང་ཡེ་ཤེས་སྡེ་དང་། ཛ་ཡ་རཀྵི་ཏ་སྟེ་རྒྱལ་བའི་སྲུང་བ་དང་། མཉྫུ་ཤྲཱི་ཝརྨ་སྟེ་འཇམ་དཔལ་གོ་ཆ་དང་། རཏྣ་ཤྲཱི་སྟེ་རིན་ཆེན་དཔལ། གཞན་ཡང་ལོ་ཙཱ་བ་ཞང་རྒྱལ་ཉེན་ཉ་བཟང་དང་། རྒྱལ་བ་ཤེས་རབ། སྟོང་ཙ་ཨཱཙཱརྱ། གཞོན་ནུ་སྲུང་བ། དགེ་བ་དཔལ། དཔལ་གྱི་ལྷུན་པོ། ནམ་མཁའ་སྐྱོང་། ཡི་གེ་བ་དགོན་གླིང་རྨ། ཡེ་ཤེས་སྙིང་པོ། རཏྣ་རཀྵི་ཏ་སྟེ་རིན་ཆེན་སྲུང་བ། རཏྣཱ་ནནྡ་ཤཱི་ལ་སྟེ་རིན་ཆེན་དགའ་བའི་ངང་ཚུལ། ལེགས་ཀྱི་སྡེ། བཟང་སྐྱོང་། ལྷའི་ཟླ་བ་སོགས་བྱོན་པ་དག་གིས་ཀྱང་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ལུགས་མང་དུ་བོད་ཀྱི་སྐད་དུ་བསྒྱུར་བའོ།།
༤༽ དུས་རབས་བཅུ་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། ཕྱི་ལོའི་དུས་རབས་བཅུ་པའི་ནང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བོད་ཕྲུག་ཉེར་གཅིག་ཁ་ཆེར་ (ཀ་ཤི་སྨིར།) ཆོས་སློབ་ཏུ་བཏང་བ་ལས་ལོ་ཆེན་རིན་ཆེན་བཟང་པོ་ (༩༥༨-༡༠༥༥) དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་དང་། དེ་རྗེས་འབྲོག་མི་ཤཱཀྱ་ཡེ་ཤེས་ (༩༩༣-༡༠༧༤)། ཁུ་དངོས་གྲུབ། གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ (༩༧༨-༡༡༢༧)། སྟག་ལོ་གཞོན་ནུ་བརྩོན་འགྲུས་སོགས་བྱོན་པའོ།།
༥༽ དུས་རབས་བཅུ་གཅིག་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། དེ་ཡང་དུས་རབས་བཅུ་གཅིག་པའི་དུས་སྟོད་ནང་ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རྒྱ་བརྩོན་འགྲུས་སེང་གེ་ (༡༠༤༠ འདས།) དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་ (༡༠༡༡༡༠༦༤)། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (༡༠༠༤-༡༠༦༤)། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ (༡༠༡༢-༡༠༩༧)། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ (༡༠༡༦-༡༠༩༨)། བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ (༡༠༤༠-༡༡༡༡)། རྨ་དགེ་བའི་བློ་གྲོས་ (༡༠༤༤-༡༠༨༩)། བ་རེག་ཐོས་པ་དགའ་དང་། རྨ་བན་ཆོས་འབར་ (༡༠༤༤-༡༠༨༩)། མཚུར་སྟོན་དབྱིག་གི་རྒྱལ་མཚན། ལོ་ཆུང་གྲགས་འབྱོར་ཤེས་རབ། པ་ཚབ་ཉི་མ་གྲགས་ (༡༠༥༥ འཁྲུངས།)། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ (༡༠༥༩-༡༡༡༡)། རོང་ཟོམ་ཆོས་བཟང་། འགོས་ཁུག་པ་ལྷས་བཙས། གཉན་དར་མ་གྲགས། ལོ་ཙཱ་བ་མཚུར་དབང་ངེ་། ནག་ཚོ་ཤེས་རབ་རྒྱལ་མཚན། པ་ཚབ་ཚུལ་ཁྲིམས་རྒྱལ་མཚན། སྤོང་ཞོ་གསལ་བ་གྲགས་པ། མང་འོར་བྱང་ཆུབ་ཤེས་རབ། ཀཾ་ཆོས་ཀྱི་ཡེ་ཤེས། ཕྱུགས་མཚམས་དབང་ཕྱུག་རྒྱ་མཚོ། ཁྱེའུ་གད་པ་ཡོན་ཏན་དཔལ། བཀྲ་ཤིས་རྒྱལ་མཚན། ཆོས་ཀྱི་སྙིང་པོ། མུར་ཐུར་དད་པ་ཤེས་རབ། འབྲོ་སེང་དཀར་ཤཱཀྱ་འོད། ལ་ཆིངས་ཡོན་ཏན་འབར། བསོད་ནམས་མོས་པ། མཉལ་མི་ཡེ་ཤེས་ཆོས། དགེ་ཚུལ་ཁྱུང་གྲགས། ཚུལ་ཁྲིམས་ཡོན་ཏན། ཀློག་སྐྱ་ཤེས་རབ་བརྩེགས། ཡོལ་ལྕགས་རྡོ་རྗེ་དབང་ཕྱུག །ཤེས་རབ་ལེགས་པ། སེ་ལོ་ཙཱ་བ། ཆོས་ཀྱི་ཟླ་བ། ཆོས་ཀྱི་རིན་ཆེན། གྱི་ལྗང་དབུ་དཀར། གཞོན་ནུ་ཤེས་རབ། ཤིའུ་བཛྲ་དེ་བ། རྔོག་མདོ་སྡེ་ (༡༠༩༠-༡༡༦༦) ལ་སོགས་པ་བྱོན་ནས་མདོ་སྔགས་ཀྱི་ཆོས་ཤིན་ཏུ་མང་པོ་བསྒྱུར་ཏོ།།
དེ་བཞིན་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དུ་བྱོན་པའི་ལོ་ཙཱ་བ་ནི། རྭ་ཆོས་རབ་དང་། མར་པ་དོ་བ་ཆོས་ཀྱི་དབང་ཕྱུག་ (༡༠༤༢)། ལོ་ཙཱ་བ་དིང་རི་ཆོས་གྲགས། ག་རོད་ཚུལ་ཁྲིམས་འབྱུང་གནས། ཆོས་ཀྱི་ཡོན་ཏན། རྒྱུས་སྨོན་ལམ་གྲགས་པ། དཔྱལ་ཀུན་དགའ་གྲགས་པ། དཔྱལ་ཀུན་དགའ་རྡོ་རྗེ། བྱང་ཆུབ་འབྱུང་གནས། ཞང་ཤེས་རབ་བླ་མ། མཚུར་སྟོན་དབང་གི་རྡོ་རྗེ། གཟུ་དགའ་བ་རྡོ་རྗེ། རབ་ཞི་བཤེས་གཉེན། ཤཱཀྱ་བརྩོན་འགྲུས། ཤཱཀྱ་བློ་གྲོས། སུམ་པ་དཔལ་མཆོག་དང་པོའི་རྡོ་རྗེ། ཤྲཱི་དྷརྨ་ཀཱིརྟི། བསོད་ནམས་བཟང་པོ། ལྷ་ཡེ་ཤེས་རྒྱལ་མཚན། ལྷ་བཙན་པོ་མུ་ནི་རཱ་ཛ་སོགས་བྱོན་ནས་མདོ་རྒྱུད་བསྟན་བཅོས་ཀྱི་གཞུང་ལུགས་དུ་མ་བོད་བསྒྱུར་མཛད་པ་བཅས་སོ།།
གཞན་ཡང་དུས་རབས་བཅུ་གཅིག་པའི་དུས་སྨད་ལ་བྱོན་པའི་ལོ་ཙཱ་བ་ནི། ཁུ་མདོ་སྡེ་འབར་དང་། པ་ཚབ་ལོ་ཙཱ་བ། བ་རི་ཆོས་གྲགས། ཅོག་གྲུ་ཏིང་འཛིན་བཟང་པོ། ལོ་ཙཱ་བ་ཁྱུང་པོ་གྲགས་སེ། གཞོན་ནུ་ཚུལ་ཁྲིམས། འ་ཞ་རྒྱ་གར་བརྩེགས་པ། ཡེ་ཤེས་འབྱུང་གནས། གཡུང་དྲུང་འོད། རིག་པ་གཞོན་ནུ། ཤེས་རབ་སྐྱབས། ཤེས་རབ་བརྩོན་འགྲུས། ཤེས་རབ་འོད་ཟེར། ཤེས་རབ་ཡེ་ཤེས། བསོད་ནམས་རྒྱལ་བ། ལྷ་རིན་པོ་ཆེ། ཨོང་པོ་ལོ་ཙཱ་བ། ཅོག་གྲུ་མྱ་ངན་མེད། ལྕེ་བཀྲ་ཤིས། གླན་དར་མ་བློ་གྲོས། གློ་བོ་ཤེས་རབ་རིན་ཆེན། ཁྱེའུ་གད་པ་འཁོར་ལོ་གྲགས། གཉན་བསོད་ནམས། ཁུ་དགེ་བསྙེན་ནེ་ཙོ། ཉི་མ་རྡོ་རྗེ། ཚུལ་ཁྲིམས་བརྩེགས། རྒྱ་ལོ་ཙྪ། རྔོག་བུད་དྷ་པཱ་ལ། ཀློག་སྐྱ་གཞོན་ནུ་འབར། བྱང་ཆུབ་འབྱུང་གནས། སླན་ཆོས་ཀྱི་བློ་གྲོས། ཅོག་གྲུ་ཤེས་རབ་བླ་མ། བྱ་གདོང་ཅན། ཟླ་བ་གྲགས་པ། ཕུར་བུ་འོད། ར་བྱིད་ལོ་ཙྪ། སྐྱུར་ཚུལ་ཁྲིམས་འོད་ཟེར། འཇམ་དཔལ་གཞོན་ནུ། འགར་ཤེས་རབ་འབྱུང་གནས། མར་པ་བློ་གྲོས་བཟང་པོ། ནག་ཚོ་དར་མ་གྲགས། ལྕེ་དགའ་བ་དཔལ། ཞ་མ་དགེ་བསྙེན་སེངྒེ་རྒྱལ་མཚན། ལོ་བཙུན་ཆུང་རྡོ་རྗེ་རྒྱལ་མཚན། ལྕེ་བཀྲ་ཤིས། ཞང་གྲུབ་པ་དཔལ། དཔྱལ་ཤེས་རབ་འོད། ལྷོ་བྲག་པ་དར་སེང་། རས་གཞོན་བརྩོན། ཤུད་སྐྱེ་གྲགས་པ་རྒྱལ་མཚན། ཁམས་པ་བློ་གྲོས་རྒྱལ་པོ། སྦལ་རྡོ་རྗེ་རྒྱལ་པོ་རྣམས་དུས་རབས་བཅུ་གཅིག་པའི་དུས་སྨད་དུ་བྱོན་ཞིང་དེ་དག་གིས་ཀྱང་མདོ་སྔགས་ཀྱི་གཞུང་མང་པོ་བོད་བསྒྱུར་མཛད་དོ།།
༦༽ དུས་རབས་བཅུ་གཉིས་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། དུས་རབས་བཅུ་གཉིས་པའི་སྟོད་དུ་སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ (༡༡༠༧-༡༡༩༠) དང་། ཆག་ལོ་དགྲ་བཅོམ་ (༡༡༥༣-༡༢༡༦)། ལོ་ཙཱ་བ་རྒ་ལོ་གཞོན་ནུ་དཔལ། ཁམས་པ་ལྡི་རི་ཆོས་གྲགས། དཔྱལ་པདྨ་ཅན། ཚོགས་ཆག་ལུང་པ། ལྷ་བཙུན་པ། ཞང་ལོ་གྲུབ་པ་དཔལ། ས་བཟང་བློ་གྲོས་རྒྱལ་མཚན། རྗེ་བཙུན་གྲགས་པ་རྒྱལ་མཚན་ (༡༡༤༧-༡༢༡༦) བསོད་ནམས་སེངྒེ་རྣམས་བྱོན་པ་དང་། དུས་རབས་དེའི་དཀྱིལ་དུ་ཞང་ལོ་ཙཱ་བ་ཕུར་པ་སྐྱབས་དང་། དུས་སྨད་དུ་བྱོན་པའི་ལོ་ཙཱ་བ་གཉལ་མི་མཉམ་བཟང་པོ་དང་། ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་ (༡༡༧༣-༡༢༢༥)། དཔྱལ་ཆོས་ཀྱི་བཟང་པོ། ས་པཎ་ཀུན་དགའ་རྒྱལ་མཚན་ (༡༡༨༢-༡༢༥༡)། ཆག་ལོ་ཆོས་རྗེ་དཔལ་ (༡༡༩༧-༡༢༦༤) སོགས་བྱོན་པའོ།།
༧༽ དུས་རབས་བཅུ་གསུམ་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། དུས་རབས་བཅུ་གསུམ་པའི་སྟོད་དུ་བྱོན་པའི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་ (༡༢༧༦-༡༣༤༢) དང་། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ཐར་པ་ལོ་ཙཱ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོ། ལོ་ཙཱ་བ་སྒེག་པའི་དཔལ། གཉན་ཆུང་ལོ་ཙཱ་བ། སྣར་ཐང་ལོ་ཙཱ་བ་པུཎྱ་རསྨི། ཚུལ་ཁྲིམས་བཀྲ་ཤིས་བཅས་བྱོན་པ་དང་། དུས་རབས་དེའི་དུས་དཀྱིལ་དུ་འབྲོ་མི་ཇོ་སྲས་དང་། ཤུད་ཀེ་གྲགས་པ་རྒྱལ་མཚན། འདན་མ་ཚུལ་ཁྲིམས་སེངྒེ་རྣམས་བྱོན། དུས་རབས་དེའི་དུས་སྨད་དུ་ལོ་ཆེན་ནམ་མཁའ་བཟང་པོ་དང་། ལོ་ཙཱ་བ་འཇམ་དཔལ་གོ་ཆ། རིན་ཆེན་རྒྱལ་མཚན། དབང་ཕྱུག་རྒྱལ་མཚན། ལེགས་པའི་བློ་གྲོས། བུ་སྟོན་རིན་ཆེན་གྲུབ་ (༡༢༩༠-༡༣༦༤)། ཐར་པ་ལོ་ཙཱ་བ་སོགས་བྱོན་པའོ།།
༨༽ དུས་རབས་བཅུ་བཞི་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། དུས་རབས་བཅུ་བཞི་པའི་ནང་ལོ་ཆེན་བྱང་ཆུབ་རྩེ་མོ་ (༡༣༠༣-༡༣༨༠) དང་། ལོ་ཙཱ་བ་བློ་གྲོས་བརྟན་པ། ལོ་ཆེན་ནམ་མཁའ་བཟང་པོ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་ཐུགས་རྗེ་དཔལ། ཡར་ལོ་གྲགས་པ་རྒྱལ་མཚན་བཅས་དང་། གཞན་ཡང་དུས་རབས་བཅུ་བཞི་པའི་སྟོད་དུ་ལོ་ཙཱ་བ་སྐྱོབ་པ་དཔལ་བཟང་དང་། མངའ་རིས་རྡོ་རྗེ་དཔལ། ཚུལ་དགེ་རིན་ཆེན། གཡུང་དྲུང་སྙིང་པོ། རབ་མཆོག་དཔལ་བཟང་། མཁའ་འགྲོ་རྡོ་རྗེ། དགེ་སློང་འཕགས་པ། འཇམ་དཔལ་སྒེག་པའི་རྡོ་རྗེ། འཇམ་དཔལ་རལ་གྲི། པུ་རངས་བསོད་ནམས་བློ་གྲོས། སྦྱིན་པ་ཚུལ་ཁྲིམས། ཙན་དྲ། ཚུལ་དགེ་རིན་ཆེན། འོར་སྟོན་ཆོས་འབྱུང་། རབ་མཆོག་དཔལ་བཟང་། སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། བསོད་ནམས་རྣམ་རྒྱལ་བཅས་དང་། དུས་རབས་བཅུ་བཞི་པའི་དུས་དཀྱིལ་དུ་བྱོན་པའི་ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ་དང་། ཨཱ་ཅརྱ་རིན་ཆེན་མཆོག །གཞན་ཡང་དུས་རབས་བཅུ་པའི་དུས་སྨད་དུ་བྱོན་པའི་ལོ་ཙཱ་བ་ཡེ་ཤེས་རྡོ་རྗེ་དང་། སྣར་ཐང་ལོ་ཙཱ་བ་སཾགྷ་ཤྲཱི། ཡེ་ཤེས་སེམས་དཔའ། ཆོས་འཁོར་འཇམ་དཔལ་ཡེ་ཤེས། གཡུང་དྲུང་སྙིང་པོ། ཤབ་སྨད་ལོ་ཙཱ་བ་ཐུགས་རྗེ་དཔལ། གཞོན་ནུ་འོད། གཞོན་ནུ་མཆོག །འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ (༡༣༩༢-༡༤༨༡) བཅས་བྱོན་པ་རྣམས་ནས་མདོ་བསྟན་མང་དུ་བསྒྱུར་ཏོ།།
༩༽ དུས་རབས་བཅོ་ལྔ་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། དུས་རབས་བཅོ་ལྔ་པའི་ནང་བྱོན་པའི་ལོ་ཙཱ་བ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (༡༤༠༥ ལོར་འཁྲུངས།) དང་། དགེ་བཤེས་སྟོན་གཞོན། དགེ་སློང་འོད། རྩེད་ཐང་གཞོན་ནུ་དཔལ། ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོ་ (༡༤༤༡-༡༥༢༧) ལོ་ཙཱ་བ་རྒྱ་མཚོའི་སྡེ། ལོ་ཙཱ་བ་ཆོས་ཀྱི་ཡོན་ཏན། དཔལ་ཁང་ལོ་ཙཱ་བ་ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ་ (༡༤༥༦ ལོར་འཁྲུངས།) ཞྭ་ལུ་ཡེ་ཤེས་རྒྱ་མཚོ་རྣམས་བྱོན་ནས་མདོ་སྔགས་རིག་གནས་སྤྱིའི་གཞུང་མང་པོ་བོད་འགྱུར་མཛད་དོ།།
༡༠༽ དུས་རབས་བཅུ་དྲུག་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། དུས་རབས་བཅུ་དྲུག་པའི་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་ (༡༥༧༥-༡༦༣༤) དང་། སྐྱོགས་སྟོན་ངག་དབང་རིན་ཆེན་བཀྲ་ཤིས་གཉིས་བྱོན་ནས་རྒྱུད་དང་སྒྲ་མདོའི་འགྲེལ་པ་སོགས་བསྒྱུར་ཏོ།།
༡༡༽ དུས་རབས་བཅུ་བདུན་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། དུས་རབས་བཅུ་བདུན་པའི་ནང་ལོ་ཆེན་དྷརྨ་ཤྲཱི་ (༡༦༥༤-༡༧༡༨) དང་། འདར་པ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་གཉིས་བྱོན་ནས་གཞུང་ལུགས་མང་པོ་བསྒྱུར།
༡༢༽ དུས་རབས་བཅོ་བརྒྱད་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། དུས་རབས་བཅོ་བརྒྱད་པའི་ནང་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ (༡༦༩༩-༡༧༧༤) བྱོན་ནས་མདོ་རྒྱུད་སྨན་རྩིས་དང་མངོན་བརྗོད་སོགས་གཞུང་མང་དུ་བསྒྱུར།
༡༣༽ དུས་རབས་བཅུ་དགུ་པའི་ནང་བྱོན་པའི་ལོ་ཙཱ་བ་ནི། དུས་རབས་བཅུ་དགུ་པའི་ནང་ལེགས་སྦྱར་དང་། པཱ་ལི་ནས་བོད་བསྒྱུར་གནང་མཁན་གྱི་ལོ་ཙཱ་བ་གཅིག་ཀྱང་བྱུང་མི་འདུག་པས་བློ་ཕམ་ཤིན་ཏུ་ཆེའོ།།
༡༤༽ དུས་རབས་ཉི་ཤུ་པའི་བྱོན་པའི་ལོ་ཙཱ་བ་ནི། དུས་རབས་ཉི་ཤུ་པའི་ནང་མཁས་དབང་དགེ་འདུན་ཆོས་འཕེལ་ (༡༩༠༣-༡༩༥༡) བཅས་ལོ་ཙཱ་བའི་ཐོག་མ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ནས་དུས་འགྱུར་མ་བྱུང་བར་གྱི་ལོ་ཙཱ་བའི་མཐའ་མ་མཁས་དབང་དགེ་འདུན་ཆོས་འཕེལ་བར་དུས་རབས་སོ་སོར་བྱོན་པའི་ལོ་ཙཱ་བ་རྣམས་ཀྱི་མཚན་བྱང་རགས་བསྡུས་ཙམ་ལགས་ཤིང་། འདི་ནི་རབ་གླིང་བློ་བཟང་རྡོ་རྗེ་ལགས་ནས་བྲིས་པའི་ལེགས་སྦྱར་དང་པ་ལཱི་སོགས་ནས་བོད་འགྱུར་ཇི་བྱུང་སྐོར་ལ་མདོ་ཙམ་གླེང་བ་ལས་ལོ་ཙཱ་བའི་མཚན་བྱང་ཟུར་འདོན་ཕྱོགས་བསྒྲིགས་ཞུས་པ་ལགས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༧ ནས་ ༣༤༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།