གཉིས། ཉང་ཆོས་འབྱུང་དུ་གསལ་བའི་ལོ་ཙཱ་བ།
དེ་ཡང་མངའ་བདག་ཉང་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་[1]དུ་བགྲངས་པའི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ཀྱི་མཚན་གཞུང་ནི། ལོ་ཙཱ་བ་སྙགས་ཛྙཱ་ན་ཀུ་མ་ར་དང༌། དྲི་མེད་ཤ་དྷ་ར་དང༌། སྦས་མཉྫུ་ཤྲཱི་དང༌། ཏྲན་པ་མུ་རི་ཏི་དང༌། སྦས་ཡེ་ཤེས་དབང་པོ་དང༌། གཉན་དཔལ་དབྱངས་དང་། ངན་ལམ་རྒྱལ་བ་མཆོག་དབྱངས་དང༌། འབྲོ་ཀ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་དང་།
སྣ་ནམ་ཡེ་ཤེས་སྡེ་དང༌། དྷར་ཏ་ཤི་ལ་དང་། རྨ་རིན་ཆེན་མཆོག་དང་། སྣུབས་ནམ་མཁའི་སྙིང་པོ་དང་། ཆོས་ཀྱི་སྣང་བ་དང༌། དྲན་པ་ནམ་མཁའ་དང༌། ལྕེ་བཀྲ་ཤིས་དང་། ལྕེ་ཀྱི་འབྲུག་དང་། བན་དེ་དཔལ་འབྱོར་དང་། མཆོག་སྦྱིན་སྙིང་པོ་དང༌། ཡེ་ཤེས་སྙིང་པོ་དང་། དྷརྨ་ཨ་ལོ་ཀ་དང་། མཆོག་གི་སྙིང་པོ་དང་། རིན་ཆེན་སྡེ་དང་། ཛྙཱ་ན་རཀྵི་ཏ་དང་། ལེགས་པའི་བློ་གྲོས་དང༌། ལྷའི་ཟླ་བ་དང་། བན་དེ་དཔལ་གྱི་སྙིང་པོ་དང་། བན་དེ་བཟང་སྐྱོང་དང༌། ལོ་ཙཱ་བའི་མཆན་བུ་འདན་མ་རྩེ་མང་དང་། ལེགས་སྦྱིན་ཉི་མ་དང་། རྩངས་དྷེ་ཝེནྡྲ་དང་། རྣམ་པར་མི་རྟོག་པ་དང་། ཁ་ཆེ་སྐྱེས་བཟང་གི་བླ་མ་ཨ་ནནྟ་དང་། གོ་གོམ་ཆོས་སྒྲུབ་དང༌། ལོ་ཀྱི་ཆུང་དང༌། འཁོན་ཀླུའི་དབང་པོ་སྲུང་བ་དང་། དེ་བ་ཙནྡྲ་དང་། གྲུ་གུ་ཨུ་པེ་ཤ་དང༌། རུ་གྱོང་བྷིརྱ་ར་ཛ་དང་། དེ་བ་ཙནྡྲ་དྷརྨ་ཙརྱ་བཅས་ལོ་ཙཱ་བ་ཞལ་གྲངས་ ༤༠ ཐམ་པའི་མཚན་བཀོད་ཡོད། འོན་ཀྱང་གོང་གསལ་མཚན་གཞུང་ཁྲོད་མ་གསལ་བའི་བསྟན་པ་སྔ་དར་དང་ཕྱི་དར་སྟོད་ཀྱི་ལོ་ཙཱ་བ་འགའ་ཞིག་གི་མཚན་ཡང་ཐོན་བཞིན་ཡོད།། །།
[1] ཉང་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༣༦༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༠༤ ནས་ ༣༠༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།