༡) ཇོ་བོའི་ཆོས་འབྱུང་བརྒྱ་རྩའི་མཚན་བྱང་།
དེ་ཡང་ཇོ་བོའི་ཆོས་ཆུང་བརྒྱ་རྩར་གྲགས་པ་རྣམས་ནི། ༡ བྱང་ཆུབ་ལམ་གྱི་སྒྲོན་མ། ༢ སྤྱོད་བསྡུས་སྒྲོན་མ། ༣ བདེན་གཉིས་ལ་འཇུག་པ། ༤ དབུ་མའི་མན་ངག །༥ སྙིང་པོ་བསྡུས་པ། ༦ སྙིང་པོ་ངེས་པར་བསྡུ་བ། ༧ བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། ༨ སྤྱོད་མདོ། ༩ འབྱུང་གླུ། ༡༠ སྤྱོད་གླུ། ༡༡ ལྟ་གླུ། ༡༢ དྲན་པ་གཅིག་པའི་མན་ངག །༡༣ དང་པོའི་ལམ་ལ་འཇུག་པ། ༡༤ སྐྱབས་འགྲོ། ༡༥ ལམ་གྱི་སྒྲུབ་ཐབས། ༡༦ ལམ་སྒྲུབ་བསྡུས་པ།
༡༧ རང་གི་བྱ་བའི་རིམ་པ། ༡༨ ཀུན་བཏུས་མན་ངག །༡༩ མི་དགེ་བཅུའི་ལས་ལམ། ༢༠ ལས་རྣམ་འབྱེད། ༢༡ ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། ༢༢ འཇིག་རྟེན་ལས་འདས་པའི་ཡན་ལག་བདུན། ༢༣ ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག ། ༢༤ སཱཙྪ་གདབ་སའི་ཆོ་ག ། ༢༥ བླ་མའི་བྱ་བའི་རིམ་པ། ༢༦ སེམས་བསྐྱེད་དང་སྡོམ་པའི་ཆོ་ག ། ༢༧ བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག ། ༢༨ སེམས་བསྐྱེད་ཆོ་ག ། ༢༩ སེམས་བསྐྱེད་དང་ཡིད་དམ་བླང་བའི་ཆོ་ག ། ༣༠ ལས་དང་པོ་བའི་ས་སྦྱང་བ། ༣༡ སེམས་སྦྱང་བའི་རིམ་པ། ༣༢ བཤེས་སྤྲིང་། ༣༣ སློབ་སྤྲིང་། ༣༤ ཀ་ནི་ཀའི་སྤྲིང་ཡིག ། ༣༥ དྲིས་ལན་རིན་ཆེན་ཕྲེང་བ། ༣༦ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་སྤྲིང་ཡིག ། ༣༧ ཤེས་རབ་བརྒྱ་པ། ༣༨ དྲན་པ་ཉེར་བཞག ། ༣༩ མི་དགེ་བ་བཅུའི་ལས་ལམ་བསྟན་པ། ༤༠ དགེ་བ་བཅུའི་ལས་ལམ་བསྟན་པ། ༤༡ མྱ་ངན་བསལ་བ། ༤༢ གཞོན་ནུ་མ་བདུན་གྱི་རྟོགས་བརྗོད། ༤༣ ཡོན་ཏན་བདུན་ཡོངས་སུ་བརྗོད་པའི་གཏམ། ༤༤ ཚུལ་ཁྲིམས་ཀྱི་གཏམ། ༤༥ ཚོགས་ཀྱི་གཏམ། ༤༦ མི་ཁོམ་པའི་གཏམ། ༤༧ ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ། ༤༨ ཕྱིན་ཅི་ལོག་བཞི་སྤང་བའི་གཏམ། ༤༩ རྩོད་པའི་དུས་ཀྱི་གཏམ། ༥༠ དབེན་པའི་གཏམ། ༥༡ ཡན་ལག་བདུན་པའི་ཆོ་ག ། ༥༢ སེམས་ཅན་མགུ་བར་བྱ་བའི་ཚིགས་སུ་བཅད་པ། ༥༣ སྨོན་ལམ་བདུན་ཅུ་པ། ༥༤ དོན་དམ་པ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་རིམ་པ། ༥༥ ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག ། ༥༦ དཀོན་མཆོག་རྗེས་སུ་དྲན་པ། ༥༧ འདོད་ཡོན་ལྔའི་ཉེས་དམིགས། ༥༨ སྡིག་གཤགས། ༥༩ རྟོགས་པ་རྒྱས་པའི་མདོ་སྡེ། ༦༠ མཎྜལ་ཆོ་ག ། ༦༡ ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། ༦༢ ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། ༦༣ བསམ་གཏན་ཆོས་དྲུག་རྩ་འགྲེལ། ༦༤ ཏིང་ངེ་འཛིན་མི་མཐུན་ཕྱོགས་རྣམ་པར་བཞག་པ། ༦༥ བགེགས་སེལ། ༦༦ རྣལ་འབྱོར་གྱི་མཚན་ཉིད། ༦༧ རྣལ་འབྱོར་བསྒོམ་པ་ལ་འཇུག་པ། ༦༨ རྣལ་འབྱོར་བསྒོམ་པའི་ལམ། ༦༩ རྣལ་འབྱོར་ལ་འཇུག་པ། ༧༠ མི་སྡུག་པ་བསྒོམ་པའི་རིམ་པ། ༧༡ ལུས་དཔྱད་བསྒོམ་རིམ། ༧༢ ཕར་ཕྱིན་བསྒོམ་རིམ། ༧༣ སངས་རྒྱས་རྗེས་དྲན། ༧༤ རྣལ་འབྱོར་ལ་འཇུག་པའི་མན་ངག ། ༧༥ ཤེར་ཕྱིན་བསྒོམ་པའི་མན་ངག ། ༧༦ རྣལ་འབྱོར་སྤྱོད་པའི་བསྒོམ་དོན་མདོར་བསྡུས། ༧༧ བདེ་བར་གཤེགས་པའི་གཞུང་རྣམ་འབྱེད། ༧༨ ཡོན་ཏན་བདུན་བསྟན་པའི་གཏམ། ༧༩ བསླབ་བཏུས། ༨༠ བསླབ་བཏུས་མངོན་རྟོགས། ༨༡ ཐེག་ཆེན་ཉི་ཤུ། ༨༢ སཱ་ལུ་ལྗང་པའི་ཚིག་ལེའུར་བྱས་པ། ༨༣ རྟེན་འབྲེལ་སྙིང་པོ། ༨༤ རྟེན་འབྲེལ་སྙིང་པོའི་རྣམ་བཤད། ༨༥ རྨི་ལམ་གྱི་གཏམ། ༨༦ བྱང་སེམས་ཀྱི་རྣམ་བཤད། ༨༧ བླ་མེད་བསྟོད་པ། ༨༨ སྲིད་པ་ལས་འདས་པ། ༨༩ ཡོན་ཏན་མཐའ་ཡས་པར་བསྟོད་པ། ༩༠ ཡོན་ཏན་མཐའ་ཡས་པར་བསྟོད་པའི་འགྲེལ་པ། ༩༡ ཡོན་ཏན་མཐའ་ཡས་པར་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ། ༩༢ ཁྱད་པར་འཕགས་བསྟོད། ༩༣ ལྷ་ལས་ཕུལ་བྱུང་། ༩༤ སྐྱབས་འགྲོ་བདུན་ཅུ། ༩༥ སྐྱབས་འགྲོ་ཡན་ལག་དྲུག་ཅུ། ༩༦ དྲི་མེད་རིན་ཆེན་འཕྲིན་ཡིག་བཅས་ཆོས་ཚན་གོ་དྲུག་གི་དཀར་ཆག་བཀོད་ཡོད། འོན་ཀྱང་འདིའི་ནང་བསམ་གཏན་ཆོས་དྲུག་རྩ་འགྲེལ་གཅིག་ཏུ་བརྩིས་པ་དང་། མི་སྡུག་པ་སྒོམ་པའི་རིམ་པ་གཉིས་གཅིག་ཏུ་བརྩིས་པ། དཀོན་མཆོག་གསུམ་རྗེས་སུ་དྲན་པ་ཞེས་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ། དགེ་འདུན་རྗེས་སུ་དྲན་པ་གསུམ་གཅིག་ཏུ་བཀོད་པ་དང་། དེ་བཞིན་མཎྜལ་གྱི་ཆོ་ག་རིགས་གསུམ་ཡོད་པ་དག་ཀྱང་གཅིག་ཏུ་མཛད་པ་རྣམས་སོ་སོར་ཕྱེ་ན་ཆོས་ཆུང་བརྒྱ་རྩར་ཆོས་ཚན་ ༡༠༣ བཞུགས་ཤིང་། དེ་དག་གི་མཛད་པ་པོ་དང་། བསྟན་བཅོས་ཀྱི་མཚན་རྒྱས་པ། སྒྲ་སྒྱུར་མཛད་པ་པོའི་ལོ་པཎ། ཆོས་ཚན་གཅིག་དང་ཐ་དད་ཀྱི་བཞེད་ལུགས་བཅས་ཞིབ་པ་གཤམ་གསལ་ལས་རྟོགས་པར་འགྱུར་རོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༡ ནས་ ༣༢༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།