༄༅། །མཁན་སློབ་ཆོས་གསུམ་གྱི་གསོལ་ འདེབས་བསྡུས་པ།
རྒྱལ་ཀུན་རིགས་ཀྱི་ཅོད་པན་གསུང་ རྡོ་རྗེ། །
རང་བྱུང་སྤྲུལ་སྐུ་སྔགས་ཀྱི་སློ བ་དཔོན་ཚུལ། །
བོད་ཁམས་སྐྱོབ་པའི་གཉེན་གཅིག་ བཀའ་དྲིན་ཅན། །
ཨོ་རྒྱན་སངས་རྒྱས་གཉིས་པ་ལ་གསོ ལ་བ་འདེབས། །
རྒྱལ་ཀུན་གསང་བ་འཛིན་པའི་དབང་ཕྱུ ག་གང་། །
སྟོན་པའི་རྒྱལ་ཚབ་སྡོམ་བརྩོན་ བཤེས་གཉེན་ཚུལ། །
བསིལ་ལྡན་ཐོག་མའི་མཆོད་གནས་བཀའ་ དྲིན་ཅན། །
མཁན་ཆེན་བོ་དྷི་སཏྭ་ལ་གསོལ་བ་ འདེབས། །
རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་འཇམ་ དཔལ་དབྱངས། །
ཞིང་འདིར་བསམ་བཞིན་ཆོས་སྐྱོང་རྒྱ ལ་པོའི་ཚུལ། །
གངས་ཅན་བསྟན་པའི་ཤིང་རྟ་བཀའ་དྲི ན་ཅན། །
མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་ གསོལ་བ་འདེབས། །
རྩེ་གཅིག་སྙིང་ནས་རྗེས་དྲན་བདག་ སོགས་རྣམས། །
ཚོགས་གཉིས་ཡོན་ཏན་མཛོད་ལ་དབང་ འབྱོར་ཞིང་། །
རྣམ་གསུམ་རིང་ལུགས་དྲི་མེད་སྔ་ འགྱུར་སྲོལ། །
གླིང་བཞིའི་ཁྱོན་ཀུན་རྟག་ཁྱབ་ འཕེལ་རྒྱས་ཤོག །
ཅེས་པའང་རིགས་ཀྱི་བུ་འཕྲིན་ལས་ནོ ར་བུས་དོན་དུ་གཉེར་བའི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཔལ་ བསམ་ཡས་མི་འགྱུར་ལྷུན་གྱིས་གྲུ བ་པའི་གཙུག་ལག་ཁང་དུ་བྲིས་པ་ཡོ ངས་སུ་དགེའོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།