ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།
ཏུན་ཧོང་ཡིག་ཆའི་ (IOL Tib J 595) གྲལ་དུ་ཚིགས་སུ་བཅད་པ་གཅིག་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་ཞེས་པ་ཀླུ་སྒྲུབ་ཀྱིས་མཛད་པར་གྲགས་པ་འདི་སྐད་དུ།
རང་གི་ངོ་བོ་ཉིད་མི་རྟག །དེ་བཞིན་ངོ་བོ་ངོ་བོ་མེད། །
རང་བཞིན་ངོ་བོ་ཉིད་མེད་པས། །དེ་ཕྱིར་སྟོང་དང་མི་རྟག་གསུངས། །
ཞེས་པའི་ཚིགས་བཅད་འདི་ཉིད་བསྟན་འགྱུར་དུ་མི་སྣང་ (Ye 2019: 342) ལ། འདི་དང་འདིའི་འགྲེལ་པ་གཉིས་རྒྱ་ནག་སྐད་དུ་ལོ་ཙཱ་བ་ཤེས་རབ་སྲེད་ཅེས་པས་བསྒྱུར་བ་ལས་བོད་སྐད་དུ་བསྒྱུར་བར་སྣང་ཞེས་བཤད་དོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།