ཏུན་ཧོང་གཏེར་ཡིག་ཐོན་པའི་བོད་བཙན་པོ་སྐབས་ཀྱི་ཤེས་རབ་སྙིང་པོ་བསྡུས་པ།
࿓།:། རྒྱ་གར་སྐད་དུ། ། ཨརྱཕྲཇཉ་པ་མྱྀ་ཏ་ཧྀ་ད་ཡཱ། བོད་སྐད་དུའཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྙིང་པོ་བམ་པོ་གཅིག་གོ ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། འདི་ལྟར་འཕགས་པ་ཀུན་ནས་སྤྱན་རས་གཟྀགས་གྱི་དབང་པོ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱྀན་པ་ཟབ་མོ་སྤྱད་པ་སྤྱོད་པའི་ཚེ། རྣམ་པར་བལྟས་ན། ལྔ་ཕུང་དེ་དག་ངོ་བོ་ཉིད་ཀྱི་སྟོང་པར་མཐོང་ངོ། །
འདི་ནྀ་ཤ་རྀའི་བུ་གཟུགས་སྟོང་པ་ཉིད་དེ། སྟོང་པ་ཉིད་ཀྱང་གཟུགས་སོ། ། གཟུགས་དང། སྟོང་པ་ཉྀད་ཐ་དད་པ་ཡང་མ་ཡྀན། གཟུགས་དང། ཡང་ཐ་མྱི་དད་དོ། །གག་གཟུགས་པ་དེ་སྟོང་པ་ཉིད། གག་སྟོང་པ་ཉྀད་པ་དེ་གཟུགས་ཏེ། ། དེ་བཞིན་དུ་ཚོར་བ་དང། འདུ་ཤེས་དང། འདུ་བྱེད་དང། རྣམ་པར་ཤེས་པའོ། ། དེ་ནི་ཤ་རིའྀ་བུ། ཆོས་ཐམས་ཅད་སྟོང་པ་ཉྀད་ཀྱི་མཚན་མ་སྟེ། མྱི་སྐྱེ་མྱྀ་འགོག། མྱྀ་གཅང་མྱྀ་བརྩོག་མྱི་འཕེལ་འབྲི། དེ་ལྟ་བས་ན། ཤ་རིའྀ་བུ་སྟོང་པ་ཉིད་ལ་གཟུགས་ཀྱང་མྱེད། ཚོར་བ་ཡང་མྱེད། འདུ་ཤེས་ཀྱང་མྱེད། འདུ་བྱེད་ཀྱང་མྱེད། རྣམ་པར་ཤེས་པ་ཡང་མྱེད། མྱྀག་དང་རྣ་བ་དང་སྣ་དང། ལྕེ་དང་ལུས་དང་ཡྀད་ཀྱང་མྱེད། ཁ་དོག་དང། སྒྲ་དང། དྲི་དང་རོ་དང་རེག་དང། ཆོས་ཀྱང་མྱེད། མྱྀག་གི་ཁམས་ནས། ཡིད་ཀྱི་ཁམས་སུ་ཡང་མྱེད། རྀག་པ་ཡང་མྱེད། མ་རིག་པ་ཡང་མྱེད། རིག་པ་ཟག་པ་ཡང་མྱེད། རྒས་ཤྀང་ཤི་བ་ཡང་ཡང་མྱེད། རྒས་ཤྀང་ཤི་བ་ཟད་པ་ཡང་མྱེད། སྡུག་བསྔལ་དང། འདུས་པ་དང། འགོག་པ་དང། ལམ་ཡང་མྱེད། ཤེས་པ་ཡང་མྱེད། ཐོབ་པ་ཡང་མྱེད། མ་ཐོབ་པ་ཡང་མྱེད། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པ་ལ་གནས་ཏེ། སྤྱོད་པས། སེམས་སྤྱོད་པ་ཡང་མྱེད། སེམས་མི་སྤྱོད་པ་ཡང་མྱེད། དེ་ལྟར་མྱེད་པ་ལ་གནས་པས་ན། ལོག་པ་ལས།ཤྀན་ཏུ་འདའས་ཏེ། ཐུབ་པ་ནྀ་མྱ་ངན་ལས་འདའས་པའོ། དུས་གསུམ་རྣམ་པར་བཞུགས་པའྀ་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱྀ་ཕ་རོལ་ཏུ་ཕྱིན་ལ་གནས་སྟེ། སྤྱོད་པས། བླ་ན་མྱེད་པ་གཡུང་དྲུང་དུ་རྫོགས་པའྀ་བྱང་ཆུབ་ཏུ་མངོན་བར་སངས་རྒྱས་སོ། དེ་བས་ན། ཤེས་པར་བྱ་སྟེ། ཤེས་རབ་ཀྱྀ་ཕ་རོལ་ཏུ་ཕྱིན་པ་ཆེན་པོའི་སྔགས། རིག་པ་ཆེན་པོའྀ་སྔགས། བླ་ན་མྱེད་པའྀ་སྔགས། མཉམ་བ་དང་མྱྀ་མཉམ་བའི་སྔགས། སྡུག་བསྔལ་ཐམས་ཆད་རབ་ཏུ་ཞྀ་བའྀ་སྔགས། དབེན་ཏེ་མྱྀ་བརྫུན་བས་ན། ཤེས་རབ་ཀྱྀ་ཕ་རོལ་ཏུ་ཕྱིན་པའྀ་སྔགས་སྨྲས་སོ་སྔགས་ལ་ཏད་ཐྱ་ཐཱ་འགའ་ཏེ། འགའ་ཏེ་ཕ་ར་འགའ་ཏེ་ཕ་རའ་སང་འགའ་ཏེ་བྷོ་དེ་སྭ་ཧཱ། །
འཕགས་པ་ཤེས་རབ་ཀྱྀ་ཕ་རོལ་དུ་ཕྱིན་པའྀ་སྙིང་པོ་རྫོགས་སོ། ། དཔལ་གྱྀ་ངང་ཚུལ་ཞུས།


དཔལ་ནཱ་ལེནྡྲ། བྱོན་པ་ལེགས།