༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ཕེབས་གསལ[1]། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཀའ་ཁྲིད་འདི་ཉིད་སྔ་འཕྲོས་ཧིན་དྷི་དང་། རྒྱ་ཡིག །དབྱིན་ཡིག་བཅས་སྐད་ཡིག་གསུམ་ནང་བསྒྱུར་ནས་ཡོད་དགོས་པ་གལ་ཆེན་པོ་རེད་འདུག །པཎ་གྲུབ་བཅུ་བདུན་གྱི་གསུང་རྣམས་ང་ཚོས་བདག་པོ་བརྒྱབ་པ་ཞིག་ཆགས་ཡོད། སྤྱིར་པཎ་གྲུབ་བཅུ་བདུན་རྣམས་ང་ཚོ་བོད་པའི་དགེ་རྒན་ཡིན་པར་མ་ཟད།
རྒྱ་གར་བའི་དགེ་རྒན་ཡང་ཆགས་ཡོད། ཝ་རཱ་ཎ་སཱིར་ཧིན་དྷིའི་ཐོག་བསྒྱུར་རྒྱུར་བསམ་བློ་གཏོང་དགོས། ཞེས་གལ་གནད་ཆེ་བའི་ལམ་སྟོན་བཀའ་སློབ་སྤྱི་བོའི་མཛེས་རྒྱན་དུ་ཕེབས་པ་ལགས་སོ།།
[1] ཕྱི་ལོ་ ༢༠༡༧ ཟླ་བ་ ༥ ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་པཎ་གྲུབ་བཅུ་བདུན་གྱི་གསུང་རྣམ་ལས་གཞིའི་སྐོར་གུས་འབངས་ཕྱོགས་སྒྲིག་པ་ཐུབ་བསྟན་ཡར་འཕེལ་སྙན་སྒྲོན་ལམ་སྟོན་ཞུ་སླད་གཟིམ་ཆུང་མཇལ་བཅར་སྐབས་སྩལ་བའི་ལམ་སྟོན་བཀའ་སློབ།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།