༄༅། །ཕྱི་ལོ་ ༢༠༢༡ ཟླ་བ་ ༡༡ ཚེས་ ༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ་རྣམས་ལ་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་གསུང་ཆོས་ལས་བཏུས།
ད་ལན་ང་ཚོ་མི་ལུས་ཐོབ་ཅིང་། སངས་རྒྱས་ཀྱི་བསྟན་པ་དང་མཇལ་བར་མ་ཟད། དེའི་ནང་ནས་ཀྱང་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་སངས་རྒྱས་ཀྱི་བསྟན་པ་ཐབས་ཤེས་ཟུང་དུ་འབྲེལ་ཞིང་། ཟབ་པ་དང་རྒྱ་ཆེ་བའི་ཉམས་ལེན་གྱི་གནད་ཆ་ཚང་ཡོད་པ་འདི་ལྟ་བུ་ཞིག་དང་མཇལ་བ་འདི་ཉིད་མཇལ་གོ་ཆོད་པ་ཞིག་བྱེད་དགོས། ཞེས་བཀའ་སློབ་སྩལ་ཏོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།