༄༅། །མཛེ་རིགས་བཅོ་བརྒྱད་ཀྱི་རྟགས་བཅོས་ཡོད་ལགས།
རྡོ་རྗེ་བདེ་ཁྲོས་ཀྱི་དགོངས་པ་ལས་བྱུང་བ།
ལེའུ་དང་པོ། བདུད་རྩི་ཉི་མ།
དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འགྲོ་བའི་སྡུག་བསྔལ་སེལ་མཛད་པའི། །རྗེ་བཙུན་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་བདེ་འཁྲོས་ཀྱི་ལེའུ་བཅུ་བདུན་པའི་གདམ་ངག་ཏུ་འགྲོ་བ་ཡིན་གསུང་ངོ་། །དེ་ནས་མངོན་པར་བཤད་བྱ་བ་འགྲོ་བ་དུག་གིས་གདུངས་པ་ལ། གདུག་པའི་དབང་ཆེན་ལ་སོགས་པའི་གནོད་པ་འདི་ལྟར་འབྱུང་བར་འགྱུར་ཞེས་པས་དེའི་བརྟག་པ་དང་། བསྲུང་བ་བསྟན་པ་ནི།
བདག་གིས་སེམས་ཅན་འགྲོ་རྣམས་ལ། །སྡུག་བསྔལ་ནད་ཀྱིས་ཉན་[ཉེན]པའི་ཕྱིར། །བློ་ཆུང་ཤེས་རབ་དམན་ལགསཀྱང་། །སྙིང་རྗེས་འགྲོ་བའི་དོན་དུ་བརྩམས། །མཛེ་རིགས་རྣམ་པ་བཅྭོ་[བཅོ]བརྒྱད་ལས། །གསོར་རུང་བརྒྱད་སྐེ་འཇིང་འགོ་[མགོ]རུས་ཉ་[ཉྭ]བཞི་ཚིགས་བཞི་པོ་ལ་དང་ཁུར་ཚོས་དཔུང་པ་དང་ངོ་དང་གསོར་མི་རུང་བ་བརྒྱད་སྤྱི་གཙུག་སྨིན་འཚམས་[མཚམས]སྣ་རྩེ་གསུམ། གཉན་གོང་སྙིང་ཁ་ལྟེ་བ་གསུམ། ཐེ་[མཐེ]བོང་ཆུ་སོ་གཉིས་ཏེ་བརྒྱད། །སྐམ་མཛེ་གཤེར་མཛེ་གཉིས་ནི་སྟེ་བཅོ་བརྒྱད་དོ། །དེ་ལ་གསོར་རུང་བའི་ཟིན་པ་བརྒྱད། གསོར་མི་རུང་བ་ཚེ་ལོ་བསྲིང་། །ཤ་ཤ་རོ་ཕོལ་མིག་དུག་རུས་དུག་སྤུ་ཁ་སྤུ་མིག་སྤུ་བྱི་དུག་གསུམ། །དུག་གསུམ་ལྡན་ན་གསོར་མི་རུང་སྟེ་གཞབ། །རེ་རེ་ལ་ནི་ཐེ་ཙོམ་མེད། །གཉིས་པ་དག་ཀྱང་གསོའ་བར་བཤད། །དེ་ལ་གསོ་བའི་ལུགས་ལ་གསུམ། །སྔགས་དང་ཏིང་ངེ་འཛིན་དང་རྫས་གླ་རྩི་གུ་གུལ། བཙན་དུག་རུ་རྟ། །དེ་གསུམ་མཐུ་དང་ནུས་པ་མཉམ། །དེ་ཡང་རྫས་ཀྱི་ནུས་པ་མྱུར་འདི་ལྔ་དཔག་ཚད་ཙམ་དུ་འབྲོས་ཞེས་གསུངས་སོ། །
མངོན་པར་ཤེས་པ་དང་ལྡན་པའི་སློབ་དཔོན་གསུམ་ལ་ཞུས་པའི་དང་ཤིང་ཀུན་རྩི་བོ་ཆེ་རོའི་རོ་དང་ཚ་དང་མུ་ཟི་རྒྱ་ཚིལ་མི་ཤ་དང་ཟ་ཤོ་ར་[རྭ]གཞོབ། དྲི་ཆུ་རཀ་ར་གླ་རྩི་ཤུ་དག་བཞི་གཉན་དང་བཙན་དང་ཀླུ་དང་ས་བདག་ཐུབ། གནས་དྲུག་ཏུ་བསྐུའོ། །བྱིས་པ་ལོ་བརྒྱད་ལོན་པའི་ཆུ། ར་དཀར་བ་དམར་གྱིས་བསྡུས་པའོ་སྦྱོར་བ་འདི་ནི་བདུད་རྩིའི་ཞེས་བྱ་ཤ་རུལ། སྤྱིར་ན་རྫས་ལ་རྣམ་པ་ལྔ། །བཟའ་དང་བཏུང་དང་བྱུག་པ་དང་། །གླ་རྩི་མུ་ཟི་བཙན་དུག་ཤུ་དག་དུར་སྤྲུ་མ་དྲུག་བཅང་། ནུབ་དང་པོ་བཏང་པས་སོ་བཅང་དང་སྤྲུ་བ་ཨ་དྲ་མཆོད་སྨན་ནི། ཀླུ་དང་བདུད་དང་ཐེ་བྲང་དམ་སྲི་ཐུབ། ཀླུ་དང་བཙན་དང་ས་བདག་ཀླུ་སྐམ་དང་། ཀླུ་དང་རྒྱལ་པོ་མ་མོ་ཐུབ་ཀླུ་བཙན་ཐུབ། རིམས་དང་འགོང་པོ་ས་སྲིན་ཆུ་སྲིན་ཀླུ་སྲིན་མ་རྣམས་ཐུབ་བདུག་པ་རྟ་བོན་དང་སྲེ་མོ་ཤ་མུ་ཟི་རྒྱ་སྤོས་ཙན་དན་དང་རྒྱ་སོལ་དུད་པ་བདུག་རྣམ་པ་ལྔ། །དང་པོ་བཏང་བས་སྙིང་འདར་འགྲོ། །གཉིས་ནུབ་གཉིས་ནས་པ་ནས་ནི་སྙིང་སེང་འོང་། །དེ་ཕྱིས་ན་བར་གྱུར་པ་ན། །གང་དུ་ན་བར་བྱུག་པར་བྱ། །འཕོ་ཡིང་ན་ན་ཡོར་ཡང་བྱུག །ཉམས་སུ་སྐྱུགས་སྨན་བཏང་སྙམས་[སྙམ]བྱེད། །སྣར་བདུག་ཕྱིས་བྱུང་དགོས་ཆེད་དུ། །བཅང་བའི་སྨན་ནི་བསྟན་པར་བྱ། །ཉམ་ང་བག་ཚ་མེད་པར་ནི། །མཁར་དུ་ཞུགས་སྙམ་བྱེད་པའོ། །བྱུག་པ་རྒྱན་གྱི་འཁོར་ལོ་འོ། །རིམས་དང་གག་པ་ལྷོག་པ་དང་། །འགོ་བའི་ནད་ཀྱིས་ཚུགས་མི་འགྱུར། །གསེར་གྱི་ཞོ་འཛག་ཐར་ནུ་དང་། རྒྱལ་པོ་ཆེན་པོ་འོག་ནས་སྟོན་བཞི་བསྲེས་ཏེ། ཕྱི་མ་བྱས་ཏེ་ཉིན་ཞག་གཅིག་མནན་ནས། བསྐུས་ནས་[ན]ལག་མཐིལ་དུ་ཡང་སྤུ་སྐྱེའོ།།
མཛེ་རྣམས་ཐམས་ཅད་གསོ་བའི་ཐབས། །དངུལ་ཆུ་མུ་ཟི་གླ་བ་དང་། །ཟེ་ཚ་ཞོ་གཉིས་བླུག་པར་བྱ། །ལྕགས་སྟུན་[གཏུན]ནམ་རྡོའི་གར་བུར་[བུས]མཉེ། ཚ་ལ་དང་སྟར་བུས་ལྡེ་གུ་བྱ། དུ་བ་མ་ཤོར་མེ་མདོག་ཕྱིན། འབྲས་བུ་གསུམ་གྱི་ཕྱེ་མ་དང་། །ཙི་ཏྲ་ཀ་དང་བྱི་ཏང་ཀ །ཛཱ་ཏི་དང་ནི་རྣམ་པ་གསུམ། །མངར་དང་སྦྲང་རྩིས་རིལ་བུ་བྱས། །ཞག་ནི་དགུ་རུ་གཏང་བར་བྱ། །དེ་ཡི་བར་དུ་ཁ་ཟས་ནི། །ཤ་ཆང་ཉ་གསུམ་གཏང་བར་བྱ། །ཉིན་དང་མཚན་ལ་བདུག་པར་བྱ། །ག་པུར་བཅུད་ལེན་སྣག་[རྣག]མཛེ་སོས།།
ཤ་རོ་ཕོལ་དམིག་[མིག]ཐམས་ཅད་འཇོམས་པའི་སྨན། །སྣ་ལ་ཤ་རོ་ཚོར་རམ་མི་ཚོར་བལྟའ། །སེན་སྐོར་བྱས་ལ་ཤ་རོ་དྲན་པས་ཟུར་གཅིག་བྱ། བྱ་སྒྲོ་དང་ཁབ་ཀྱིས་བཙལ། །རྙེད་ནས་ཚོར་བ་མེད་པ་ལ། །སྤྱང་དུག་པ་དང་གོ་ཐལ་བ། །རེ་ལྕག་ཞོ་དང་སྦྱར་ལ་བྱུག །བཞག་[ཞག]གསུམ་གྱིས་ནི་དར་གྱིས་འོང་། །དེའི་ཤུལ་དུ་མི་བྱ་བར་བདུད་རྩི་མར་གསུམ་བྱུག །མིའི་འོ་མ་སྐྲོགས་[དཀྲོགས]པའི་མར་བྱ་བྱ་སྒོང་སླང་གི་ནང་དུ་མར་དང་བསྲེས་པས་གདུལ་ལོ། །དེ་དུ་བ་དང་ནལ་ནུལ་གྱིས་འོང་ངོ་། །དེ་ནས་མར་དང་བྱེ་ནས་འོང་ངོ་། །སྒོ་ངའི་སེར་བ་བྱེ་མེ་ཆེ་ཆུང་རན་པར་བྱའོ་མར་བདུད་རྩི་མར་ནི་རྫ་མི་ཆེ་མི་ཆུང་བའི་ནང་དུ། ཞབས་སུ་སྲན་མ་འབྲིང་པོ་ཤོང་བའི་བུག་པ་གསུམ་བྱ། དེའི་ནང་དུ་ཐང་མ་ཟུར་གསུམ་དུ་བརྩེགས་ལ། དེ་ནས་བདུད་རྩི་མི་ཆེ་མི་ཆུང་བར་བཏགས་ལ་བླུག་གོ །འོག་ཏུ་ལྕགས་སམ་རྫ་སླུག་རྩི་ཅན་གཞུག་གོང་མ་ས་གསེབ་ཏུ་སོལ་མེ་གཞུག །དུ་བ་མ་ཤོར་བ་མེ་ཏོག་ཕྱིན་པའོ་དང་གསུམ། །བྱུག་པས་ཆུ་སེར་ཐོན་ནས་འོང་། །ཆུ་སེར་ཆད་ནས་དོམ་མཁྲིས་དང་། །བྲག་སྤོས་བྱུག་པས་རྨེན་པར་འགྲོ། །རྨེ་[རྨ]དང་སེར་ཀ་སྔོན་པོར་བྱས། །མི་སོས་རྣག་ཆུ་སྔོན་པོ་འཛག །མནམ་པོར་འཛག་ཅིང་རྟིང་[གཏིང]འཚོ་དཀའ། །རྨའི་ཁོ་ར་ཁོར་ཡུག་ཏུ། །རི་ཤོ་བསག་[བསྲེག]པའི་ཐལ་བ་དང་། །ཤ་རུ་དང་ནི་གཡུ་ལོ་མ། །མར་རྙིང་སྦྱར་ཏེ་རྔམས་སུ་ནི། །མཚན་གང་བྱུག་ཅིང་རྨ་ཁ་ཡན་པར་བཞག །ཤ་ཡིབ་མར་རྙིང་ཡོད་ཚད་གཏང་། །ཤུག་པའི་ཤུན་པའི་ཐལ་བ་དང་། །བུ་རམ་དོམ་མཁྲིས་སྦྱར་ལ་བྱུག །དེ་ཡིས་སོས་པར་ངེས་པ་ཡིན། །གཤེར་མཛེ་བཅོས་ཐབས་ལགས་སོ། །རྗེ་བཙུན་ཞལ་གྱི་གདམས་པ་ཡིན། དེས་སློབ་དཔོན་བདག་ལའོ།།
བགེགས་ནི་དང་པོ་ནད་འཇུག་སྟེ། །ནད་དེ་ལྷན་གཅིག་སྐྱེས་པའི་ཕྱིར། །བགེགས་བྱུང་བས་ནི་ནད་མི་སོས། །མཛེ་ལ་ཆུ་སེར་བྱུང་བས་ནས[ན]། །ཤ་མདངས་བར་དང་དོན་སྙིང་གི །ཆུ་སེར་སྐམ་པའི་མན་ངག་ལ། །ས་བཅུད་མུ་ཟི་དངས་མ་བསྒྲོགས་བྱེད་དང་། །རྭ་ཡི་རྒྱལ་པོ་བསེ་རུ་འདྲེན་བྱེད་དང་། །རྩིའི་ཐིགས་པ་སྦྲང་རྩི་སྦྱོར་བྱེད་དང་། །བཅུད་ལེན་མུ་ལ་རམ་ཉེ་བ་དང་ཉེའུ་ཤིང་མ་རྣམ་གཉིས་དང་། །སྨན་མཆོག་ཆོས་སྨན་རྣམ་འབྱེད་ཨ་རུ་ར། །སེང་ལྡེང་དང་ནི་སྐྱེར་པ་དང་། །པི་པི་ལིང་དང་གསོ་[སོ]མ་ར་ཙ་ཐ་ཀར་རྡོ་རྗེ་དང་། །འདབ་ཆགས་མེད་ན་ར་དམར་མ་བྱ་ཐ་མའི་མངར་གྱིས་བྲན། །ཁ་ཡོ་དམིག་སླེད་[མིག་སླེ]སྲོང་བྱེད་ཅིང་། །ཡན་ལག་ཆད་པ་སོས་པར་བྱེད། །སྐམ་གཤེར་གཉིས་ཀ་གསོ་བའི་མཆོག །རིལ་བུ་ཤ་བའི་རིལ་མ་ཙམ། །སུམ་བྱར་དག་ཀྱང་གཏང་བར་བྱ། །མར་ཀར་དག་ལ་སྦྲུས་ནས་སུ། །མཛེ་རིགས་བཅོ་བརྒྱད་སོས་པར་བྱེད། །བདུད་རྩི་ཉི་མ་རྫོགས་སོ།། །།
ལེའུ་གཉིས་པ། སྨན་མཆོག་གདུང་བའི་ནད་སེལ།
ད་ནི་སྐམ་མཛེའི་བཅོས་ཐབས་ལ། །ཤ་བཀྲག་ཏིང་[གཏིང]ནས་བསྐྱེད་པ་དང་། །སྐྲ་དང་ཁ་སྤུ་སྨིན་མ་སྐྱེ་བའི་སྨན། །རི་བོ་མཆོག་ལ་སྐྱེ་བའི། །རྒུན་[དགུན]ཀྱང་མི་སྐམ་བདུད་རྩི་བཞི། །བཀྲག་མདངས་སྐྲ་དང་སྨིན་མ་སྐྱེད་པ་ཡི། །རྒྱལ་པོ་བཞི་ལ་བློན་པོ་དགུ་ལ་ཕུར་མོ་སྟག་ཤ་རེ་རལ་དང་། །ཧོང་ལན་[ལེན]འབུ་སུག་དགུ་དྲུས་དང་། །སྤང་རྩི་དོ་བོ་སྟག་[རྟ]པགས་པ་དང་། །ནས་[ནགས]ཀྱི་ཀྱི་ལྕེ་དཀར་པོ་དགུ། །ཤ་བཀྲག་བསྐྱེད་ཅིང་ཡོ་བ་བསྲོང་[སྲོངས]། །སྐྲ་དང་སྨིན་མ་བརྟེན་[བརྟན]བྱེད་ཅིང་། །རི་བོ་མཆོག་ལ་སྐྱེས་པའི། །གསེར་གྱི་ཞོ་འཛག་གཡུ་ལོ་རྒྱས། །མིང་ནི་ཚེར་སྔོན་ཞེས་སུ་གྲགས། །གོང་གི་ཐང་དང་དེ་སྦྱར་ནས། །གང་དུ་བྱུག་སར་སྤུ་རྣམས་སྐྱེ། །དེ་རྣམས་སྦྱར་བའི་ཐབས་བསྟན་པ། །ཆུ་ནི་བྲེ་ཚད་རེ་རེ་ལ། །རྒྱལ་པོ་བཞི་ནི་སོ་སོར་བསྡུ། །བྲེ་བཞི་ལ་ཕུལ་བཞི་འབྱུང་། ཕུལ་བཞི་གཅིག་ཏུ་དྲིལ་ལ་ཕུལ་གང་ཚད་དུ་གཏང་། ཕུར་མོ་དྲིས་བསད་གོང་གི་ཚད་དང་མཉམ། གཞན་རྣམས་མཉམ་ཞིང་ཞིབ་པར་བྱ། །གོང་མ་རྟེན་ཏེ་རིལ་བུ་བྱས། །རའམ་མཛོའི་འོ་མ་ལ། །སྲོད་དང་ཐོ་རངས་ཞག་བདུན་བཏང་། །ལོ་རུ་བཏང་ཡང་ལྟོ་བ་མེད། །ཟླ་བ་གཅིག་ཏུ་བཏང་བ་ཡིས། །སྐྲ་དང་ཁ་སྤུ་སྨིན་མ་རྣམས། །སོས་ཀ་ཡི་ནི་རྩ་[རྩྭ]བཞིན་སྐྱེ། །བཀྲག་དང་མདངས་ཀྱང་རབ་ཏུ་སྐྱེ། །སྨན་མཆོག་གདུང་བའི་ནད་སེལ་ཞེས་བྱ་བ་རྫོགས་སོ།། །།
ལེའུ་གསུམ་པ། བཅོས་སྤྱད་རིན་ཆེན་ཉི་མ།
རྨ་དང་སེར་ཀ་སོས་མི་འདོད། །ཉ་རྒངས་[ཉྭ་སྒང]རྣག་ཆུ་འཛག་པ་དང་། །ཤ་རོ་ཕོལ་མིག་ཤ་ཡི་ཕེམ། །གདོང་པ་མེ་དང་ཉི་མ་སེར་བུ་གསུམ། །གང་ལ་རེག་ཀྱང་མི་བཟོད་པ། །ཙག་ཙག་རེས་གྲངས་[གྲང]རེས་སྐྲངས་པ། །རེས་ཁོལ་ན་ནི་དིང་དིང་པོ། །ན་བེམ་བེམ་པ་ཤ་མེ་ལོང་ཐོག་ཏུ་བཞག་པ་བཞིན། གྲང་སིབ་སིབ་པ་དང་། རྩ་འཁྱུག་པ་དང་། རེངས་ཀྱི་ཚོར་བ་མེད་པ་དང་། །བྱད་བཞིན་འགྱུར་ལྡོག་ཆེ་རྣམས་ལ། །བགེགས་སྤྱིའི་རྟགས་སུ་བསྟན། །བགེགས་དང་ནད་རིགས་གང་ཡིན་ཀྱང་། །བཅོད་སྤྱད་རིན་ཆེན་ཉི་མ་འདིས། །རབ་ཏུ་སོས་དང་འབྲིང་དུ་སོས། །ཐ་མ་མཛེ་པོ་དར་མ་ཡང་། །ལོ་གཅིག་སོས་པར་ཐེ་ཙོམ་མེད། །དེ་རྣམས་སྤྱིའི་བཅོས་ཐབས་ལ། །འབྲས་བུ་གསུམ་དང་ཚིལ་ཆེན་ཕུལ་བཞི་གདུས་ལ་གཏང་། དེའི་དུས་སུ་གོས་དྲོར་བྱའོ། །སྐོམ་དུ་གར་ཆང་བླུད་པར་བྱ། །རྟ་བོང་ཆེན་པོའི་ཤ་ཚོགས་གཏང་། །བུ་རམ་མུར་ཞིང་རང་གི་དྲི་ཆུས་ཁྲུས་བྱ། ཕན་བརྟགས་[རྟགས]ལུས་ལ་རྔུལ་འབྱུང་སྐྲངས་འཚོ་ཞིང་། སོས་ན་གནོད་མེད་ནད་ནི་རླུང་མཁྲིས་ཡིན། ལོག་ནོན་ཚིལ་ཆེན་བྲེ་གང་དང་། །རྩི་དམར་[མར]འབྲུ་མར་བྲེ་གསུམ་བཏུལ། །གོང་དང་འདྲ་བར་ཞག་དགུ་གཏང་། །དེས་མ་ཕན་ན་གདོན་ཡིན་པས། །ཁྲུས་རིན་པོ་ཆེ་ཕྱག་ཤིང་བྱའོ། །
ཨ་བ་རྒྱ་ཚ་པི་པི་ལིང་། །བུ་རམ་ཀ་ར་གུ་གུལ་དཀར། །དེ་ཚོ་ཆུ་སེར་དག་གིས་བཤལ། །མཛེ་འགོ་བྱུང་ལ་བཏང་ན་སྐྲངས་ཀྱང་ཞིབ། །ལུས་འཇམ་བྱིལ་གྱིས་མཆིའོ། །དེ་ནས་གང་གི་བཟའ་བ་དང་། བྱུག་བཏུང་གདགས་པ་ལ་སོགས་པ་ཡང་བྱ། ལུས་པོ་རུལ་ཞིང་འཐིབས་པ་ལ། །རྩིབས་[རྩིབ]རྣམས་རེངས་ཤིང་རྩ་རྣམས་འཁྱུག །བྱད་བཞིན་ལྕི་ཞིང་ཤ་མདོག་འགྱུར། །ས་བདག་གདུག་པའི་རྟགས་ཡིན་པས། །སྣ་ལ་གོང་གི་བཤལ་བཏང་ནས། །གཞོབ་སྣ་དགུ་ཁྱིའི་[མིའི]སྐྲ་རྟ་སྤུ་ཁྱི་སྤུ་ར་སྤུ་ར་[རྭ]གཞོབ་ལུག་སྤུ་ཕག་སྤུ་བོང་བུའི་སྤུ་བ་གླང་སྤུ་ཡིས་བྱེད་པ་ན། །བུ་མོ་བཞིའི་མངལ་ཁྲག་དང་། །སྔགས་པ་ཆེན་པོའི་དྲི་ཆེན་སྦྱར་ལ་བཏང་། བྱུག་པ་དག་ཀྱང་ཚུལ་བཞིན་ཏེ། །མུ་ཟི་རྟ་བོན་གླ་རྩི་དང་། །གོང་གི་རྫས་ཀྱི་ཕྱེ་མ་རྣམས། །རྒྱ་ཚིལ་དྲོན་མོ་དང་སྦྱར་ལ། །འཐུག་སྲབ་བ་ཀོ་ཙམ་རེ་བྱུག །ཞག་རེ་རེ་ཞིང་[བཞིན]དྲི་ཆུས་བཀྲུ། །ལག་པའི་སྐྱོར་གོང་རྩ་ཡང་གཏར། །ལང་[ལོང]རྩ་དག་ཀྱང་གཏར་བར་བྱ། །གོང་གི་བྱུག་བདུག་པ་ཡང་བྱ། །ཨྠི།
སྙིང་མི་དགའ་ཞིང་འགྲོ་སྙིང་འདོད། །ངུ་སྙིང་འདོད་ཅིང་ཤ་བཀྲ་འབྱུང་། །ཕལ་བའི་གདོན་གྱི་རྟགས་ཀྱང་ཡིན། །ཕ་བོང་དྲག་[དྲེག]པ་མཆོད་སྨན་དང་། །སྤྱང་ཁུའི་བྲུན་དང་ཟ་འོག་གཞོབ། །སྦྱིན་སྲེག་བྱས་པའི་ཐལ་བ་དང་། །སྐེ་ཚེ་གོང་གི་རྒྱལ་པོ་བཞི་དང་རྣམས་མེ་ལ་བསྲེག་ལ་བདུག །ཐལ་བ་ཤ་བཀྲ་དག་ལ་བྱུག །དེ་ནས་གོང་གི་ལྔ་ཡང་བྱ། །ཐེ་ཙོམ་མེད་པར་སོས་པར་འགྱུར།།
རྡོ་རྗེ་བདེ་ཁྲོས་ཀྱི་ལེའུ་དགུ་པའི་ཆ་ལག་ལ། ཐིག་ལེ་བསྲུང་བ་ནི། ཉལ་ཁར་རྡོ་རྗེའི་བུ་གར་ཡི་དམ་ལྷའི་ས་བོན་ཧཱུཾ་ངམ་ཡང་ན་ཨ་དཀར་པོ་གཅིག་བསྒོམས་ལ། ཨོཾ་ཨ་པར་ནན་ཀྲ་ཏྲིག་ཧཱུཾ་ཕཊ་སྭཱཧཱ། ཞེས་པ་བརྒྱ་རྩ་བརྒྱད་བཟླས་ལ། ཉལ་བ་ལ་སོགས་པ་བྱའོ། །ཡང་ན་རང་གི་དྲི་ཆུ་ཁྱོར་བ་རེ་རྒྱུད་ནས་གསང་སྔགས་བཏབ་སྟེ་ལུས་ལ་བྱུག་ཅེས་པས་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་ལ་བཏུང་ངོ་། །དེས་ཀྱང་མ་ཕན་ན་ཐིག་ལེ་དེ་རང་དང་སྦྲང་རྩི་དང་མུ་ཟི་གསུམ་རིལ་བུ་སྲན་ཙམ་བྱས་ལ་ལྟོར་གཏང་ངོ་། །སློབ་དཔོན་སྟོན་དར་གསུང་།
དྲི་ཆེན་རྒྱུད་ནས་སྒོག་པ་ཤུ་དག་དྲི་ཆེན་རྣམས་ཞེས་པ་ནི་ལ་མར་ཁུ་བྱ་ཐབས་ལ་གསུམ་སྟེ། དང་པོར་རྒྱུ། བར་དུ་བསྲག་[བསྲེག]ཐབས། ཐ་མ་བཙས་[བཅོས]ཐབས་སོ། །དེ་ལ་དང་པོ་རྒྱུ་ནི་སྔོ་ལ་སོགས་པའི་ཟས་ངན་རྣམས་མི་ཟ་བའི་ལྟོ་སྣུམ་པར་བྱ་བའི་དེ་ལ་བྱའོ། །གཉིས་པ་བསག་[བསྲེག]ཐབས་ནི་རྫ་མ་གཅིག་གི་ཞབས་ལ་བུག་པ་འགའ་བྱས་ལ་དེའི་ནང་དུ་དྲི་ཆེན་སྐམ་པོ་རྣམས་བླུགས་ལ། དེའི་ཞབས་སུ་སྟེགས་བུ་གཅིག་ཏུ་ཆུ་བླུགས་ལ་དེ་རྫ་མའི་ཞབས་དང་གཉིས་གཏུགས་ལ་འདག་པ་བརྒྱག་ལ་བཞག །ལ་མ་བཟང་པོས་བསྲགས་[བསྲེགས]ལ་བསྐོར། རིལ་མ་ཐལ་བར་འགྲོ། ཅི་ལ་བྱུག་ཀྱང་ཕན་ནོ། །གནས་དབེན་ཚ་བས་གཅིག་ལས་མ་བྱས་གསུངས། ཨྠི།། །།
ལེའུ་བཞི་པ། ལས་ཕྲ་མའི་གདམས་པ།
དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྡོ་རྗེ་བདེ་འཁྲོས་ཀྱི་ལེའུ་བཅུ་དྲུག་པ་ལ་དོན་རྣམ་པ་བཞི་སྟེ། གླང་པོའི་ལྤགས་[པགས]པ་ལ་བརྟན་[བརྟེན]ཏེ་གནོད་བྱེད་གཟིར་བ་དང་། འབྲུའི་པད་མ་ལ་བརྟན་[བརྟེན]ཏེ་ཆར་དབབ་པ་དང་། ཐོད་པ་མཚན་ངན་ལ་བརྟེན་ཏེ་ཕྱིར་བཟློག་པ་དང་། དྲག་སྔགས་ལ་བརྟན་[བརྟེན]ནས་བསྲུང་བ་དང་བཞིའོ། །དེ་ལ་དང་པོ་གནོད་གཟིར་བ་ནི། གླང་པོའི་ལྤགས་[པགས]པར་འབྲུག་བྲིས་པ་ཞེས་པ། གླང་ཁྱུ་བ་དམར་པོའི་ལྤགས་[པགས]པ་ལ་འབྲུག་བྲི། དེའི་ལྟེ་བར་གང་གནོད་པའི་གཟུགས་བྲིས་ལ། གང་མིང་ཞེས་པ་གང་གནོད་ཀྱི་མིང་ལིང་ཀ་དེའི་སྙིང་ཁར་བྲི། བཅུག་སྟེ་ཞེས་པ་གནོད་བྱེད་དེ་ལྷས་དགུག་པ་ལ་སོགས་པ་དགུག་པ་གསུམ་འཁྲོས་པ་ལྟར་བྱ། དེ་ནས་དེ་གནོད་བྱེད་དངོས་སུ་བསྐྱེད་ལ། དྲག་སྔགས་བཟླས་ཞེས་པ་དྲག་སྔགས་བདུན་པ་སྤེལ་ཚིག་དང་བཅས་པ་བཟླས་ཤིང་གཟུགས་དེ་ལ་ཉུངས་ཀར་དང་དུག་སྣའི་ཐུན་གྱིས་གཟིར་བར་བྱའོ། །དེ་ནས་གོང་གི་སྦྱིན་སྲེག་གམ་མནན་པ་གང་རུང་གཅིག་བྱའོ། །དེས་ནི་གནམ་ལྕགས་ཏེ་ཐོག་འབབ་པ་ཟློག་པར་འགྱུར་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེས་ནི་གནོད་པ་བཟློག་པར་འགྱུར་རོ།།
གཉིས་པ་འབྲུའི་པདྨ་འདབ་བརྒྱད་ལ་ཅོས་[ཞེས]སོ། །མཁར་གཞོང་ངམ་མཎྜལ་གྱི་སྟེང་དུ་ནས་བརྡལ་ལ་དེ་ལ་པད་མ་འདབ་བརྒྱད་འཛུག་[མཛུབ]རིས་བྱ། ཀླུའི་གཟུགས་བརྙན་བྲིས་ནས་ཀྱང་ཞེས་པ་བྲི་ཟེར་ཀྱང་བག་ཟན་ལ་གཟུགས་བྱས་ལ། ལྟེ་བ་ལ་སོགས་མ་མེད་བཞག །འདབ་མ་བརྒྱད་ལ་ཀླུ་བརྒྱད་སྟོད་མི་ལ་སྨད་སྦྲུལ་འཁྱིལ་བར་འདུག་པ་སྦྲུལ་འགོའི་[མགོའི]གདེངས་ཀ་ཅན་ཐལ་མོ་སྙིང་ཀར་སྦྱར་ནས་གཙོ་བོ་ལ་འདུད་པའི་ཚུལ་དུ་བཞག་ནས་དེ་ལ་དྲག་སྔགས་བརྒྱབ་ཅིང་གཟིར་ན་དེ་རྣམས་ཀྱིས་དབུས་ཀྱི་གཙོ་བོ་ལ་གསོལ་བ་བཏབ་ནས་དེས་དུས་སུ་ཆར་འབེབས་པར་འགྱུར་རོ། །དེ་ནས་ཀླུ་མཆོད་དང་ཀླུ་གཏོར་ལ་སོགས་པ་ཕུལ་ལ་ཀླུ་གཟུགས་དེ་རྣམས་ཆུར་བསྐྱལ་ལོ། །དེས་ཆར་དབབ་པའོ།།
གསུམ་པ་ཕྱིར་བཟློག་པ་ནི། ཐོད་པར་ཨེ་བྲིས་སྔགས་ཀྱིས་བསྐོར་ཞེས་པ་ཐོད་པ་མཚན་ངན་གྱི་ནང་དུ། དུག་ཁྲག་གིས་གྲུ་གསུམ་གཅིག་བྲིས་ཏེ། དེའི་དཀྱིལ་དུ་སྔགས་པ་དེའི་ལིང་ཀ་བྲི། ཡང་ན་ཤོག་གུ་ལ་སོགས་པ་ལ་བྲིས་ལ་དེ་ལ་དུག་ཁྲག་བྱུག་ལ་བཞག །ལིང་ག་དེའི་མཐའ་མ་སྔགས་ཀྱིས་བསྐོར། སྔགས་ལ་གང་ཡིན་པ་དེའི་རྣམ་ཤེས་ལྷ་ལ་སོགས་པ་གསུམ་གྱིས་བཀུག་ཅིང་ལིང་ག་དེ་ལ་ཁོའི་སྲུངས་མ་ངོ་ཤེས་ན་ཡང་བཀུག་ལ་བསྟིམས་ལ། དུག་ཐུན་དང་དྲག་སྔགས་སྤེལ་ཚིག་དང་བཅས་པ་བཟླས་ཤིང་ཐུན་བརྒྱབ་པས་གསད་པ་དང་གཟིར་བ་ལ་སོགས་པའི་ལས་བྱས་པར་བསམ་མོ། །དེ་ནས་ཐོད་པ་དེ་རང་གི་མལ་འོག་ཏུ་དོང་གྲུ་གསུམ་གཅིག་བྲུས་ལ་དེར་གཞུག །དེའི་སྟེང་དུ་རང་འདུག་ཙམ་ན་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་འདུག་གོ །འདྲེ་གདོན་ལ་བྱེད་ན་ཡང་དེ་བཞིན་དུ་བྱའོ། །དེས་ནི་དགྲ་བགེགས་མྱུར་དུ་བརླག་པར་འགྱུར་རོ།།
བཞི་པ་བསྲུང་བ་ནི་སྲོག་ཆགས་འཇིགས་པར་གྱུར་པ་ལ་ཞེས་པ་མིའམ་ཕྱུགས་ལ་སོགས་པས་[པ]ནད་དམ་གདོན་གྱིས་འཇིགས་པར་གྱུར་ན། གྲོ་གའམ་ཤོག་བུ་ལ་དུག་ཆུས་དྲག་སྔགས་བྲིས་ལ་དེ་རྡོ་རྗེ་བདེ་འཁྲོས་སུ་བསྐྱེད། དེ་ལ་ཡེ་ཤེས་སེམས་དཔའ་གཞུག །དེ་ལ་མཆོད་པ་རྣམས་ཀྱིས་མཆོད་ལ་ཉུངས་ཀར་ལ་དྲག་སྔགས་བཏབ་པ་དང་གཉིས་གཅིག་ཏུ་དྲིལ་ལ་དར་རམ་རས་སུ་བཏུམ་ནས་མི་ཕྱུག་[ཕྱུགས]གང་ཡིན་པ་དེ་ལ་བཏགས་ནས་བསྲུང་བའི་མཆོག་ཏུ་འགྱུར་རོ། །ལེའུ་བཅུ་དྲུག་པའི་དོན་པྲད་ཛྙ་[པྲཛྙཱ]མ་ཏིས་ཤེས་རབ་བློ་གྲོས་སྦྱར་བའོ། །དགེའོ།། །།
ལེའུ་ལྔ་པ། དྲག་སྔགས་ཚོད་ཟིན་བྱས་པའི་མན་ངག
རྡོ་རྗེའི་ཁྱུང་རྡོ་རྗེ་བདེ་ཁྲོས་ཀྱི་ཁྱུང་ལ་ཕྱག་འཚལ་ལོ། །དྲག་སྔགས་བཅྭ་[བཅོ]བརྒྱད་སྔགས་ཀྱི་རྒྱལ་པོ་དོང་མ་ར་ན་སོད་སོད་ཀྱི་ཤམ་བུ་བཏག་[བཏགས]མེ་དང་འདྲ་བ་འདི། །སྨྲ་བ་སྤངས་ལ་བཟླས་བརྗོད་བྱ། །འདི་འདྲའི་ནུས་པ་གཞན་ན་མེད། །སྔགས་ཀྱི་རྒྱལ་པོ་འདི་རྣམས་སོ། །ཨོཾ་མྲ་ཚག་[ཚེག]བར་བཞི་བཅུ་རྩ་ལྔ་པ་ཁྲག་རྦུད། སྙིང་ཁྲག་རྦུད། དུག་ཁྲག་རྦུད། སྙིང་ཏི་ནག་པོ་ཤན་ཏི་ཀུ་རུ་ཡ། ར་ཛ་ཐུམས། ཨ་ཏི་རྦུད། ར་ཛ་ཤག་ཐུན་ནན་སོད། ར་ཛ་ཁ་ཏྲི་ནན་སད། ར་ཛ་ཧ་ཏྲི་པུ་ཏྲི་ནན་སད། རྒྱལ་པོ་གནས་ནས་དཀར་འདོད་ན། །མན་ངག་འདི་དང་ལྡན་པར་བྱ། །སྟོང་བའི་ངང་ལས་ཁྲོཾ་ས་བོན་གཅིག་བསམ། །ཁྲོཾ་འགྱུར་བྱ་ཁྱུང་རྒྱལ་པོར་བསམ། །གཤོག་པ་གཉིས་འཇིག་རྟེན་ཕྱོགས་བཅུ་ཁམས་གཡོས། །གཤོག་པ་གཉིས་ཀྱི་སྟེང་དག་ན། །ཕྱག་གཡས་གཡོན་གཉིས་ན་གཡུ་མདོག་རྡོ་རྗེ་རྒྱ་གྲམ་བསམ། །ཐུགས་ཀར་ཁྲོཾ་དང་ལྡན་པར་བསྒོམ། །ཡེ་ཤེས་སེམས་དཔའ་གང་ལྟ་བུ། །མདུན་གྱི་ནམ་མཁའ་དག་ལ་བསྒོམ། །དམ་ཚིག་ཡེ་ཤེས་གཉིས་ཀའི་ཐུགས་ཁའི་ཁྲོཾ་ལས་འོད་འཕྲོས་པས་སྤྲུལ་པ་ནི། དཔག་མེད་སྤྲོས་མགར་གྱི་ཚ་ཚ་ལྟར་གདུང་བ་དང་བརྡེགས་པ་དང་གསོད་པ་དང་གཅོད་པ་ལ་སོགས་པ་བྱས་ལ་བཟླས་ལ་གནོད་བྱེད་ཀུན། །རྡུལ་བཞིན་བརླག་བསམ་སྔགས་ཀྱང་བཟླས། །བཟླས་ལ་སྐྱོ་གྱུར་ཡེ་ཤེས་ནི། །དམ་ཚིག་བསྡུས་ལ་ང་རྒྱལ་བསྒོམ། །འཁོར་ལོ་དག་གིས་བདག་གཞན་བསྲུང་འདོད་ན། །མཁའ་ལྡིང་ལྟོ་བར་རྩིབས་བཅུ་པ། །རྩིབ་[རྩིབས]ལ་དྲག་སྔགས་གཡས་སུ་བསྐོར། །ལྟེ་བར་གཟུགས་དང་བདག་རཀྵ། །རབ་གནས་བྱས་ཏེ་དཔུང་གཡོན་གདགས། །དེ་ཉིད་གནས་པར་འདོད་ན་ཡང་། །ཁྱུང་མེད་འཁོར་ལོ་རྐྱང་པ་ལ། །རྩིབས་ལ་སྔགས་བཅུ་ལྟེ་བ་ནི། །ར་ཙའི་རུས་པ་ལ་སྟམ་བྷ་ཡ་ཞེས་བྲིས་ལ་གྲུ་གསུམ་ལ་བརྒྱངས་ལ་དགུག་གཞུག་བྱས་ལ་ཐུན་རྫས་སྣ་ཚོགས་པས་ཞག་བདུན་ལ་སོགས་པར་མནན་ཞེས་བསྐོར། དེ་དྲིལ་སོགས་པའི་མགོར་བཅུག་ལ་དུ་བཅུག་ལ་མ་ཐུབ་ན་ལན་གསུམ་བསྐྱར་མཆོད་རྟེན་རྒྱ་གྲམ་གནན། །སྔགས་བཟླས་དྲག་ན་རྒྱལ་པོ་ཡང་། །སྲོག་འདི་འཆད་རྟེན་ཡོད་པས་གི་འདུ་བྱེད་གཏོང་འགྱུར་བས། །དྲག་སྔགས་ཚོད་ཟིན་བྱས་ལ་བཟླས། །དེ་ཡང་མན་ངག་ཤིན་ཏུ་ཅེས་[གཅེས]། །རྫོགས་སོ།། །།གནོད་ཚབས་ཆུང་ན་སྲུངས་འཁོར་མེད་ཀྱང་ཆོག་སྟེ་ཅི་ནུས་བཟླས། འཁོར་ལ་འཁོར་ལོ་བདག་སྟེ་ཅི་ནུས་བཟླས། གནད་[གནོད]ཚབས་ཆེ་ན་གནན་པ་བྱ་གསུང་ངོ་།།
ལེའུ་དྲུག་པ། ཀླུ་གདོན་བརྟག་ཐབས།
ཤ་མདོག་ལ་བརྟག་པ་ནི། བྱད་སྐྱ་ལ་ཧམ་ཆགས་པ་ཤས་ཆེ་བ་གཅིག་བྱུང་ན་རྒྱལ་པོ་ཤས་ཆེ་སྟེ། སྙིང་མི་དགའ་འཁྲོ་སྙིང་འདོད། རྨི་ལམ་དུ་རྟ་དང་བུ་ཆུང་དང་ལྷ་ཁང་རྒོགས་[གོག]པོ་འོང་། དྲག་སྔགས་མང་དུ་བགྲང་། དམར་ལ་མདངས་ཆགས་པ་སྤྲིལ་[སྤྲེལ]གྱི་འཕོངས་འདྲ་བ་གཅིག་བྱུང་ན། མོ་གདོན་ཤས་ཆེ་སྟེ། འགོ་[མགོ]ན་ལྟོ་མི་ཞིམ། རོ་སྟོད་དམ་སོག་བྲག་[དབྲག]ན། གར་བསྡད་སར་སྡོད་སྙིང་མི་འདོད། སྐོམ་དད་ཆེ། ལུས་ལ་ཤ་འཕྲིགས་དང་། སྲོག་ཆགས་ཕྲ་མོ་ལུས་ལ་འཛག་པ་སྙམས་[སྙམ]བྱེད་པ་དང་། བྱད་ལ་སྤུ་འགྲུལ་[འདྲིལ]བ་མང་དུ་འབྱུང་། རྨི་ལམ་དུ་བུད་མེད་འོང་། ལུས་ཟུངས་འཆོར་བར་བྱེད་དོ། །བྱད་མདོག་སྨུག་ནག་ཅི་ལེ་བ་བྱུང་བའི་ཤོལ་འདྲ་བ་གཅིག་བྱུང་ན་ཀླུ་ཤས་ཆེ་སྟེ། ཤ་འཕང་ཤིན་ཏུ་མཐོ་བར་འོང་ངོ་། །
ལུས་ལ་ཤ་རོ་དང་སྦྲིད་པ་དང་རེངས་པ་དང་། ལུས་ཀྱི་ཡན་ལག་ནུས་པ་ཆུང་བའོ། །ལུས་ལ་སྨད་དུ་ཤུ་བ་སྐབས་སུ་འོང་བ་ཡིན། དེ་དྲགས་[དྲག]ན་གཞན་དུ་འོང་། ལུས་ལ་རྨ་བྱུང་ནས་སོས་སུ་མི་ཉམ་པ་དང་། བྱད་ལ་བྱེའུ་རྡོམ་བརྒྱབས་[བརྒྱབ]ནས་བྲེངས་བྲེངས་བྱེད་དོ། །དེ་ལ་སྔགས་འཇམས་[འཇམ]པོ་མང་དུ་བགྲང་ངོ་། །རྨི་ལམ་དུ་སྦྲུལ་དང་སྦལ་པ་ལ་སོགས་པ་དང་། ཆུ་མིག་དང་ཐང་དང་བྲག་ལ་སོགས་པ་འོང་། དམར་བཀྲའམ་ནག་བཀྲའམ། དེ་ལྟ་བུའི་མདོག་ཅན་ལ་ནི་བསེན་མོ་ཤས་ཆེ་སྟེ། ལུས་ལ་ཚག་ཚག་གྲང་སིམ་སིམ་བྱེད་པ་དང་། སྤུ་འགུལ་བ་མང་དུ་འོང་ངོ་། །རྨི་ལམ་དུ་སྒོ་དོག་མོ་མང་པོ་ལ་མི་ཤོང་བཞིན་དུ་འཛུལ་བ་དང་། ཤའི་གཡོས་བྱེད་པ་རྨི། ལར་གདོན་གཅིག་གདོན་ན་རྨི་ལམ་དུ་ཟང་ཟིང་མང་ལ་ནང་པར་བཟླ་རྒྱུ་ཆུང་བ་ཡིན། སྔགས་འཇམ་རྩུབ་སྤེལ་བ་མན་ངག་ཡིན།
གནོད་པ་ཆེ་ཆུང་བརྟག་པ་ནི། བྱད་ཀྱི་སྐྱོན་དེ་ཚོ་ཁ་ན་ཡོད་ན་གནོད་ན་གས་ཆུང་། བར་ན་ཡོད་ན་འབྲེང་[འབྲིང་]། གཏིང་ན་ཡོད་ན་གནོད་པ་ཆེ། དེ་གསུམ་ཅེས་[ཅེར]གྱིས་བལྟས་པའི་དུས་སུ་སྐྱོན་དེ་རྣམས་ཁ་ན་ཡོད་ན་གདོན་པ་ཡུང་[ཆུང]གསལ་ཁ་ཆེ་ལ་ཡུན་དུ་བསིངས་[བསྲིངས]ནས་བལྟས་ན་གསལ་ཁ་མུང་[ཆུང]ན་གནོད་པ་ཆུང་བས་གོ་བཟླས་ཀྱིས་ཆོག་རྟོགས་ན་ཅེར་གྱིས་བལྟས་པའི་དུས་སུ། ཡུངས་[ཡུན]བསྲིངས་ནས་བལྟས་པས་ཁྱད་མེད་ན། གནོད་པ་འབྲེང་[འབྲིང]བ་ཡིན་ཏེ་འཚམས་[མཚམས]བཅད་ལ་ཟླ་བ་བརྒྱད་དགུ་ཙམ་དུ་དྲགས་[དྲག]པར་བྱ་དེས་བདེའོ། །ཅེར་གྱིས་བལྟས་པའི་དུས་སུ་གསལ་ཀ་ཆུང་ལ་ཡུན་དུ་བསྲིངས་ནས་བལྟས་པའི་དུས་སུ་གསལ་ཀ་ཆེ་ན་གནོད་པ་ཆེ་བས་སྔགས་འཇམ་པོས་ཡུན་བསྲིངས་ནས་ལོ་བགྲང་དགོས་ཏེ། སྔགས་རྩུབ་པར་བྱས་ན་བསྒྲུབ་པ་ལོང་མེད་པར་མོད་ལ་འཁྱེར་རོ། །
དེ་ལ་ལུས་གནད་ཕེབས་པ་ནི། གོང་གི་བྱད་ཀྱི་སྐྱོན་དེ་རྣམས་ཅི་ཙུག་འདུག་ཀྱང་རུང་སྟེ། བལྟས་ལ་ལུས་ལ་ནད་ཡོད་པའི་རླངས་པ་མེ་ཏོག་ཡིན་པས། ལུས་ལ་ནད་ཀྱི་སྐྱོན་གང་ན་ཡོད་པ་དེ་ངོས་གཟུང་ངོ་། །བྱད་ཀྱི་རི་མོ་དེ་ཁ་མན་ཆད་ལ་ཡོད་ན། ལུས་ཀྱི་པུས་མོ་མན་ཆད་ན་ཡོད་ན། ཁ་སྣ་བུག་ན་འདུག་ན། པུས་མོ་ནས་སྤྱི་བོའི་བར་ལ། སྣ་བུག་ནས་མིག་གི་བར་ལ་འདུག་ན། ལུས་ཀྱི་སྤྱི་ནས་ལྟེ་བའི་བར་ལ་ཡོད་ན། མིག་སོར་ནི་དོན་སྙིང་ནས་གྲོལ་ལོ། །སྨིན་མ་གཉིས་ནི་ལག་པ་གཉིས་སོ། །དཔྲལ་བར་འདུག་ན་ལྟེ་བ་ཡས་ཅད་[བཅད]དོ། །བྱད་ངོས་གཉིས་ལ་འདུག་ན་གཡས་ན་གཡས་གཡོན་ནི་གཡོན་གྱིས་ཤེས་པར་བྱའོ། །དེ་ཡང་འགྲམ་པ་སྟོངས་ཀྱིས་དམར་ལ་ཉེ་བར་སོང་ན། སྟོད་ཀྱི་གནད་པ་སྨད་དུ་སོང་བ་ཡིན་ནོ། །དབུས་ཀྱི་སྣ་རྩེར་འདུག་ན་གསང་མདོ་ལ་ཡོད་དོ། །སྨིན་འཚམས་[མཚམས]ནས་སོག་བྲག་[དབྲག]དང་བྲང་དུ་འོང་ངོ་། །ཡང་ན་ལུགས་གཅིག་ལ་སྣའི་བུག་པ་ལ་རྐང་པ་གཏད། སྣ་བུག་ནས་སོར་གཉིས་འཇལ་སར་འགོ་[མགོ]བོ་གཏད་པའི། ལྷུ་དང་ཚིགས་གཡས་པ་དང་། གཡོན་དང་ཤེས་རབ་ཀྱིས་སོ་སོར་བརྟག་པར་བྱའོ།།
གཉིས་པ་ཚོད་འཛིན་པའི་མན་ངག་ན[ནི]། ཐོར་བུ་འབྱུང་བའི་རིམ་པ་དང་། ཆུ་སེར་གྱི་དུས་གསུམ་བྱེ་བྲག་དང་། འཁྲུལ་པ་སྤང་བ་དང་། འཚོ་བ་དང་མི་འཚོ་བའི་རྟགས་ཤེས་པར་བྱ། ཐོར་བུ་བྱུང་བའི་རིམ་པ་ནི། དང་པོ་བཟླས་པ་ལ་ཞུགས་ནས། སྙིང་པོ་བགྲང་ན་ཐོར་བུ་སྨུག་ཆུང་འགོ་[མགོ]ནག་པ་གནོད་པ་ཡོད་པར་སྐབས་སུ་འོང་སྟེ། དེ་ཙམ་ན་བགེགས་ཀྱི་གནོད་པ་སློངས་པའི་དུས་ཡིན། དེའི་རྗེས་ལ་ཐོར་པ་སྨུག་དམར་བ་ཆེ་ཐོ་རེ་བ་སྐབས་སུ་འོང་སྟེ། དེ་ཙམ་ན་ཤི་བའི་དུས་ཡིན་ཏེ། ཐོར་པ་འོང་དཀར་ཁམས་མི་བདེ་བ་འོང་། ཁར་ཐོན་པ་དང་ཁམས་བག་བདེར་འགྲོ་བ་སྙམ་པ་སྙམ་བྱེད། དེའི་དུས་སུ་མཐོན་[མཐོ]དམན་མང་དུ་འོང་ངོ་། །དེའི་རྗེས་ལ་ཐོར་པ་དམར་སྐྱ་ཅར་ཅར་འོང་། གནོད་པ་ཡོད་པར་མང་དུ་འོང་ངོ་། །ཟ་ཞིང་འཕྲུག་པས་ཚབས་ཆེ་བས་ཤ་གས་པས་ཆུ་སེར་ཡང་མང་དུ་འོང་། ཁ་ཅིག་ལ་གློག་པ་བུན་བུན་འོང་། ན་ཚ་ཡང་ཤིན་ཏུ་ཆེ་བར་འོང་། དེ་ཙམ་ན་ནད་པ་ཡང་བྲེག་ནས། སློབ་དཔོན་ཡང་སར་པ་ཚོལ་དུ་འགྲོ། སློབ་དཔོན་ཡང་ཉམས་དྲོད་ཆུང་ན། ངས་མི་འོང་བར་འདུག་པས། ཁྱེད་རང་གཞན་མ་ལ་འཇུས་ཟེར་ཏེ་འོང་སྟེ། དེ་ཙམ་ན་ཁ་ཚུར་ལ་བལྟས་ངེས་པ་ཡིན། རུས་ཀྱི་གནད་ཐོན་པ་ཡིན། དེའི་རྗེས་ལ་མཐོན་པོ་དམར་འགྲོ་སྟེ། བྱད་ལ་མཐོན་[མཐོ]དམན་མི་འོང་། རྩུབ་མོ་འཇམ་དུ་འགྲོ་སྟེ། བྱད་ཐོར་པ་དང་ན་ཚ་རྩུབ་མོ་འོང་། ཤ་བཀྲ་ཡང་། ཡང་སིང་གི་གཏིང་ནས་འགྲོ། བྱད་སོར་ཆུད། སེན་མོ་ཡང་སྨུག་ལམ་གྱིས་གཏིང་ནས་འོང་། ལྟོ་ཡང་ཞིམ། གཉིད་ཀྱང་ཆུང་། སྔགས་ཀྱང་ཉིན་མཚན་མེད་པར་ཟློས་ནུས། སྙིང་ཡང་དགའ། དེ་ཙམ་ན་ཐོར་པ་དཀར་ལ་འགོ་[མགོ]ནག་པ་ཡེན་རེ་འོང་བ་འབྱུང་སྟེ། དེའི་འཕྲོ་ལ་གཟེར་ཐབས་དང་། གླང་ཐབས་ལ་སོགས་པ་ནད་གང་ན་ཡང་འཚམས་[མཚམས]འདོན་རན་པ་ཡིན། དྲག་ཐལ་བྱ་བ་ཡང་དེ་ཙམ་ན་འོང་བ་ཡིན། ཞག་མང་ཙམ་ན་འཆི་ཉིན་[ཉེན]ཡོད་པ་ཡིན་པས། འཚམས་[མཚམས]འདོན་པ་སྔ་ནས་རིང་པོ་ཐོགས་པས། ལར་དཀའ་བའི་དུས་ཡིན། ཞུ་འཁྱགས་འཚམས་[མཚམས]བྱ་བ་ཡིན། ཚོད་འཛིན་གལ་ཆེ་བའི་དུས་ཡིན།
ཚོད་འཛིན་པའི་ཆུ་སེར་གྱི་དུས་གསུམ་མི་ཤེས། གཞན་གྱི་ཚོད་འཛིན་མི་ཤེས་ཏེ། དེ་ཡང་དཔེར་ན་ཁུག་ཆོས་བ་སུ་སའི་མེ་ཏོག་དེ་དང་པོ་ས་ལ་སྐྱེས་ཙམ་ན་དམར་བ་མདངས་དང་ལྡན། དེ་ཡང་ཞག་འགའ་ཙམ་ན་སྔར་གྱི་མདངས་ཉམས་ནས་སྨུག་ཏུ་འགྲོ། དེ་ནས་ཞག་འགའ་ཙམ་ན་སྐམས་ན་ནག་ཅོམ་[བཅོམ]གྱིས་འགྲོ། དཔེ་དེ་བཞིན་དུ་ལུས་ཀྱི་གནོད་པ་རྒྱས་པའི་དུས་སུ། རླངས་བྱད་ལ་མེ་ཏོག་ཏུ་འོང་བ་དེ། སྔགས་མ་བགྲངས་ཀྱང་གནོད་པ་ཆེ་བའི་དུས་སུ། ནུས་པ་མ་ཐོན་པའི་དུས་སུ་དམར་ལ་མདངས་དང་ལྡན། སྔགས་བགྲངས་ནས་ཟླ་བ་འགའ་ཙམ་ན། སྔར་གྱི་རི་མོ་དེ་སྨུག་མདོག་དམར་དུ་འགྱུར་ཏེ། ལྟག་ཆོགས་[བརྟག་ཆོག]པའི་དུས་ཡིན། དེ་ན་ཟླ་བ་འགའ་ན་སྔར་གྱི་སྨུག་དམར་དེ་ནག་ཅོམ་[བཅོམ]གྱིས་འགྲོ་སྟེ། གདོན་ལེགས་པར་ཐུབ་པའི་དུས་ཡིན་པས་འཚམས་[མཚམས]འདོན་ནོ།།
དེ་རྣམས་ཀྱི་དུས་སུ་ཡོང་ནོར་བ་འོང་བས། ནོར་ལ་རེ་བརྒྱད་ཤེས་པར་བྱ། མ་སློངས་པའི་བདེ་བ་དང་འདོན་རན་པའི་བདེ་བ་གཉིས་ནོར་ལ་རེ། མ་སློངས་པའི་བདེ་བ་ནི་གཉིད་ཆེ། སྡོད་སྙིང་འདོད། ཤེད་ཆུང་། ལྟོ་མི་ཞིམ། ཤ་འཕང་མཐོའ་བར་འོང་། འདོན་རན་པའི་བདེ་བ་དེ་ལ་[ལས]བཟློག་[ལྡོག]པའོ། །དྲག་སྔགས་ཀྱིས་གདུག་པའི་མི་བདེ་བ་དང་། དྲག་ཐལ་བའི་མི་བདེ་བ་གཉིས་ནོར་ལ་རེ། གདུབ་[གདུག]དྲགས་པའི་མི་བདེ་བ་ནི། ཤ་འཕང་ཤིན་ཏུ་མཐོའ་བར་འོང་། གཟེར་ཐབས་སྟོད་དུ་འོང་། སྙིང་དགའ། ཤ་སྟོང་སྦོས་ན་དྲག་སྔགས་མངས་པ་ཡིན། དྲག་ཐལ་བའི་མི་བདེ་བ་དེ་ལས་བཟློག་[ལྡོག]པའོ། །ཐུབ་པའི་ལོག་པ་དང་། མ་ཐུབ་པའི་ལོག་པ་གཉིས་ནོར་ལ་རེ། ཐུབ་པའི་ལོག་པ་ནི། འཚམས་[མཚམས]ཐོན་པའི་རྗེས་ལ། མི་བདེ་བ་བག་རེ་འོང་བ་ཡིན་ཏེ། ཆོས་ཉིད་དེའི་ཚིག་ཇེ་རེང་[རིང]ཇེ་རེང[རིང]ཆ། ན་ཚབས་ཀྱང་ཇེ་ཆུང་ཇེ་ཆུང་ལ་ཆ་བས། སྔགས་བགྲང་མི་དགོས། མ་ཐུབ་པའི་ལོག་པ་དེ་ལས་བཟློག་[ལྡོག]པ་ཤེས་པར་བྱའོ། །གནོད་པ་བྱང་བའི་ཤུལ་དང་། ད་ལྟ་གནོད་པ་གཉིས་འདྲ་སྟེ་ནོར་ལ་རེ། ད་ལྟ་གནོད་པ་ནི་ཤ་འཕང་མཐོ་བར་འོང་། རི་མོ་མདངས་ཆེ་བང་འོང་། ཐོར་པ་སྨུག་ཆུང་འགོ་[མགོ]ནག་པ་ཡང་སྐབས་སུ་འོང་། གནོད་པ་འབྱུང་བའི་ཤུལ་ནི། དེ་ལས་བཟློག་[ལྡོག]པ་ཤེས་པར་བྱའོ།།
འཚོ་བ་དང་མི་འཚོ་བའི་ཚད་བཟུང་བ་ནི། གཞན་གྱི་ལུགས་ལ་མང་དུ་བཤད་ཀྱང་འདི་ལ་གཉིས་ཏེ། ལས་ཀྱིས་རྣམ་པར་སྨིན་པའི་མཛེ་གསོར་མི་རུང་། དུས་ལས་ཡོལ་བ་གསོར་མི་རུང་། ལས་ཀྱིས་རྣམ་པར་སྨིན་པ་ནི་མིས་ལྟ་བས་མི་མཛེས་ལ། རང་གིས་ཚོར་བ་ཆུང་བ་ཡིན། ལས་ཀྱིས་རྣམ་པར་སྨིན་པ་ཡིན་པས། དེ་ལས་[ལ]འཇུའ་བར་མི་བྱའོ། །དུས་ལས་ཡོལ་བ་ཡིན་ཏེ་བསྲུང་དུས་སུ་མ་བསྲུང་བ་ཡིན་ཏེ། མཆུའི་པད་མ་ཡལ་བ་དང་། མིག་རྩ་ཐམས་ཅད་ཡལ་ནས་མིག་སྔོ་རིགས་ཀྱིས་སོང་བ་དང་། གདོང་གློ་བ་བརྒྱངས་པ་བཞིན་དུ་སོང་བ་ནི། དུས་ལ་ཡོལ་བ་ཡིན་པས་ན། དེ་ལྟ་བུའི་བསྲུང་བ་མི་བྱ། མིས་ཀྱང་འཕྱ་བར་འོང་། རང་ཡང་ཉམས་དྲོད་ཆུང་བར་ཆ། དེ་ལྟ་བུ་ལ་འཇུ་བར་མི་བྱའོ།།
ཨོཾ་སྭཱ་སྟི། མན་ངག་འདིའི་ལུགས་ཀྱི་མཁར་རྣམ་པ་དྲུག་སྟེ། སྤྱི་བོ་གདོལ་པའི་མཁར་ནི་ཤེས་པ་ལྗི་[ལྕི]ལ་ངམས་[ངམ]ནག་པ་བྱུང་ན་དཀའ། སྨིན་འཚམས་[མཚམས]ཀུའི་མཁར་ནི། གདོང་ཤ་སྨུག་པོ་བྱུང་ན་དཀའ། སྔོ་ནག་ཏུ་བྱུང་ན་མི་སོས། བྱད་སྐྱ་སྐྲངས་ན་སླ། གླང་ཤུ་བྱུང་ན་སླ། ཁྱོ་གའི་སྣ་བུག་གཡས་འགགས་ན་དཀའ། བུད་མེད་ཀྱི་གཡོན་འགགས་ན་དཀའ། བྱད་སྨུག་ནག་ཏུ་འདུག་ན་ཀླུ་གནོད་པས་མི་ཐུབ། སྣ་རྩེ་དམར་ལ་མིག་རྩ་དཀར་ན་མི་ཐུབ། སོའི་ལྷ་བ་ཤོར་ན་དཀའ། བྱད་དམར་ལ་བྱེའུ་རྗེས་བྱུང་ན། ཤ་མཐངས་བར་ན་གནས་པ་སླ། དེ་ཙོ་བྱད་ཀྱི་བརྟག་ཐབས་རྫོགས་སོ།།
སྙིང་ཀ་རྒྱལ་པོའི་མཁར། སྙིང་མི་དགའ་ལ་ཤེས་པ་འཕྱོངས་པ་ཁྱེར་ན་ཐུབ་བོ། །གྲོད་པ་ཆེ་ལ་ཚིག་པ་ཟ་ན་རྒྱལ་པོ་གནོད་པས་ཐུབ་བོ། །ཤེས་པ་ལྗི་[ལྕི]ལ་ཚིག་པ་ཟ་ཞིང་ངམས་[ངམ]ནག་ན་མ་མོ་གནོད་པས་དཀའ་འོ། །ལུས་ལ་ཤ་བཀྲ་བྱུང་ན་སླའོ། །ཤ་བཀྲ་སྨུག་པོ་བྱུང་ན་མི་ཐུབ། ལུས་ལ་འབྲུམ་པ་བྱུང་ནས་སྲ་ན་མི་དགེ། སྙིང་[སྙི]ན་དགེ ། དེ་ལ་ཆུ་སེར་བྱུང་ན་མི་དགེ། ཁྲག་བྱུང་ན་དགེ། འབྲུམ་པའི་བརྟག་ཐབས་སོ།།
ཕོ་བ་མ་མོའི་མཁར་ཡིན་པས་ཤེས་པ་ལྗི[ལྕི]། དང་ཀ་མི་བདེ་ན་དཀའ། ཕོ་བ་ལྗིད་རོ་སྟོད་བརྒྱངས་ན་དཀའ། ཕོ་བ་འཁྲོལ་ཞིང་མི་དགའ་ན་སླ། ཕོ་བ་མ་མོའི་བརྟག་ཐབས་སོ། །ལག་མཐིལ་གཉིས་ཀྱི་བདུད་ཀྱི་མཁར། ལག་པའི་གོང་ཤ་ཤོར་ན་དཀའ། སོར་མོའི་བཀྲག་ཤོར་ན་དཀའ། སོར་མོ་བེར་བ་ལངས་ན་དཀའ། ལག་པ་འཕྲིས་[མཁྲིག]མ་དམར་ཅུམ་ཅུམ་བ་བྱུང་ན་སླ། ཉ་སྒངས་[ཉྭསྒང]བྱུང་ན་སླ། ལག་པ་བྱི་བཞུག་[གཞུག]ཏུ་བྱུང་ན་དཀའ། ལག་པའི་བརྟག་ཐབས་སོ།།
པུས་མོ་གཉིས་གཉན་གྱི་མཁར། གཞོགས་བཤད་ཞིང་རྐང་པ་སྦྲིད་ན་དཀའ། པུས་མོ་གཉན་གོང་དུ་རྨ་བྱུང་ན་དཀའ། པུས་མོའི་ལྷ་ང་ནས་ཡར་སོར་བཞི་འཇལ་བའི་སར་ཤ་རོ་བྱུང་ན་མི་ཐུབ། ལྷ་ང་ནས་ཡར་མར་ཁྱུད་[མཁྱིད]རེ་འཇལ་བའི་སར་ཤ་རོ་བྱུང་ན་དཀའ། པུས་མོའི་གཉན་གོང་གི་བརྟག་པའོ།།
གནད་བཞི་ལ། སྤྱི་བོ་སྨིན་འཚམས་[མཚམས]གཉིས། རྐང་མཐིལ་གཡས་གཡོན་གཉིས་དང་བཞི་པོ་དེ་ལ་ཐེབས་ཀླུ་ནག་པོ་ཡིན་པས། བཞི་ཀ་མ་ཟིན་ན་མི་ཐུབ། ཁྱོ་ཀའི་[གའི]རྐང་པ་གཡས་པ་དང་། སྨིན་འཚམས་[མཚམས]སུ་བྱུང་ན་དཀའ། རྟགས་ཀྱང་ཤེས་པ་ལྗི་[ལྕི]ལ་འཐིབས་པའོ། །བུད་མེད་ཡིན་ན་རྐང་མཐིལ་གཡོན་པ་དང་། སྤྱི་གཙུག་ན་ཟིན་ན་དཀའ་འོ། །རྟགས་ཀྱང་བྱད་སྨུག་པོར་འོང་། སྣ་རྩེ་དམར་པོར་འོང་། ཤེས་པ་ལྗི་[ལྕི]བར་འོང་། ཁྱོ་ག་དང་བུད་མེད་གཉིས་ཀྱི་བརྟག་པའོ།།
ཤ་རོའི་བརྟག་ཐབས་ལ། མཚོ་ལྟར་གཏིང་ནས་མས་ཆགས་པའི་ཤ་རོ་ནི། དང་པོ་རུས་པ་ལ་འཇུག་སྟེ། གྲང་ལྷང་ལྷང་འོང་། ན་ཁྱུག་ཁྱུག་འོང་། དེ་ནས་རྩ་ལ་འཇུག་སྟེ། ཚ་ཁྱུག་ཁྱུག་པ་འོང་། སྦྲིད་བེམ་བེམ་པ་འོང་། དེ་ནས་ཤ་ལ་འཇུག་སྟེ། ཤ་བརྩེ་བེམ་སེ་འོང་། ཤ་མདོག་ཀྱང་སྨུག་པོར་འོང་། དེ་ནས་བ་སྤུ་ལ་ཞུགས་པ་ནི། བ་སྤུའི་རང་བཞིན་ནས་རྟགས་ནི། བ་སྤུ་གཞན་པས་འཇམ་སྙམ་བྱེད་པ་དང་། བ་སྤུའི་འདུག་ཚུལ་གཞན་པས་འཁྲུགས་ནས་འོང་། རེངས་སྙམ་བྱེད་པ་འོང་། དེ་ནས་འབྱི་སྟེ། རྟགས་ཀྱང་གཏིང་མི་ན། ཁ་ཚ། དེ་གཏིང་ནས་ཆགས་པའི་ཤ་རོ་ཡིན་པས་མི་ཐུབ། སྤྲིན་ལྟར་ཡས་ཆགས་པའི་ཤ་རོ་ནི། དང་པོ་བ་སྤུ་ལ་འཇུག་སྟེ། བ་སྤུ་འཇམ་ལ་སྲབ་ཏུ་འགྲོ། དེ་ནས་བ་སྤུ་འབྱི་ནས་ཤ་ལ་འགྲོ་སྟེ། རི་མོ་སེམས་ཅན་གྱི་གཟུགས་འདྲ་བ་འོང་། ཤ་རོ་མདོག་ཀྱང་དཀར་པོར་འོང་། དེ་བྱུང་ན་ཀླུ་རྗེའུ་རིགས་གནོད་པས། ལས་ཀ་ཡང་འཇམ་པར་གདུལ་ལོ། །ཤ་རོ་མདོག་དམར་པོ་བྱུང་ན་བྲམ་ཟེའི་རིགས་ཡིན་པས་བཟླས་པ་ཚན་བསྐྱེད་པར་བྱའོ། །ཤ་རོའི་མདོག་སྔོན་པོར་སོང་ན་ཀླུ་རྒྱལ་རིགས་ཡིན་པས། བཟླས་པ་ཚན་བསྐྱེད་ལ་བྱ། ཤ་རོའི་མདོག་ནག་པོ་བྱུང་ན་གདོལ་བའི་རིགས་ཡིན་པས་དྲགས་[དྲག]ལས་ཚན་ཆེ་བར་བྱའོ། །གླང་ཤུའི་མདོག་སྐྱ་གློག་བྱུང་ན་རྨོངས་[དམངས]རིགས་ཡིན་པས་འཇམ་ལ་གཉུགས་རིང་བས་[བར]བྱའོ། །སྤྲིན་ལྟར་ཡས་ཆགས་པའི་ཤ་རོ་བརྟག་ཐབས་སོ།།
རྟགས་ཀྱང་ཁ་མི་ཚ། གཏིང་ཚ་རུ་འོང་། གསོ་གླགས་ཡོད་དོ། །མིག་འགུལ་བ་དང་། ཤ་འཕྲིགས་པ་དང་། སྙིང་འདར་བ་དང་། གླང་ཤུ་དང་། ཤ་བཀྲ་དང་། དེ་ཙོ་གང་བྱུང་ཡང་ཤ་རོ་མེད་ན་རིམ་འགྲོ་[གྲོ]བྱའོ། །རིམ་འགྲོས་[གྲོས]མ་ཕན་ན་བཟླས་པ་འཇམ་པོ་བྱའོ། །ལུས་ལ་བསྲུང་བ་བཏགས་སོ། །རྩ་ལ་ཞུགས་པའི་རྟགས་ནི། སྙིང་འདར་བ་དང་། མིག་ཚག་པ་དང་། ཁ་ཡོ་བ་དང་། མིག་སླེ་བ་དང་། ལུས་པོ་སྦྲིད་པ་དང་། དེ་ཙོ་ནི་རྩ་ལ་ཞུགས་པའི་རྟགས་སོ། །ས་བདག་གི་བརྟག་ཐབས་སོ།།
ཡང་མཚོ་བཞི་ནི། སྤྱི་བཙུག་[གཙུག]དང་། སྙིང་ཀ་དང་། ལྟེ་བ་སྤུ་གསེབ་བོ། །དེ་ལ་སྤྱི་གཙུག་ཏུ་ཞུགས་པ་ནི། ཐོལ་ཐོལ་བྱེད་པའོ། །སྙིང་ལ་ཞུགས་ན་ཕྱོད་ཕྱོད་བྱེད་པའོ། །ལྟེ་བར་ཞུགས་པ་ནི་མཁལ་མར་འོང་། སྤུ་གསེབ་ཏུ་ཞུགས་པ་ནི་དང་པོ་ཟ་བར་འོང་། དེ་ནས་འབྱི། དེའི་རྟིང་ལ་ཤ་རོ་འབྱུང་། བཞི་ཀ་ལ་ཟིན་ན་མི་སོས་པས་མི་འབགས་སོ། །མཚོ་བཞི་བརྟག་ཐབས་སོ།།
ཐེབ་ཆེན་ཟ་བར་འོང་། མཁུར་ཚོས་སྨུག་ནག་ཏུ་འོང་། བུ་[བུད]མེད་ཡིན་ན་ནུ་མ་སྦྲིད་པར་འོང་། ཁྱོ་གའི་ཡིན་ན་རྡོ་རྗེའི་ནུས་པ་འཆོར་དུ་འོང་། པུས་མོ་གཉན་གོང་དང་འདྲའོ། །བཞི་ཀ་ནས་ཟིན་ན་མི་འབགས་སོ། །ཆགས་པ་བཞི་ནི། སྙིང་སྲོག་ལ་ཆགས་པས་མཆིལ་མས་གདབ། ལྟེ་བ་ལ་ཆགས་པས་མཆིལ་མས་གདབ། གཉན་གོང་ལ་ཆགས་པས་མཆིལ་མས་གདབ། སྙིང་ཀ་མན་ཅོད་[ཆད]དུ་སོས་ཀ་མིན་པས་མཆིལ་མ་མི་གདབ། སྤྱིར་ནི་གང་ལ་ཞུགས་ཀྱང་སྤྱི་གཙུག་དང་སྨིན་འཚམས་[མཚམས]སུ་མཆིལ་མ་གདབ། མཆིལ་མ་མེར་བསམ་ལ་གདོན་བསྲེགས་པར་བསམ་མོ།།
སྟོར་བ་བཞི་ནི། སྐྱེས་ཆེན་གྱི་སྟོར་པ་སྙིང་ལ་འབབས[བབས]། ཤེས་པ་ལྗི[ལྕི]། དང་ཀ་མི་བདེ། སྐེ་བ་འགགས་ཏེ་དེ་ལྟར་བྱུང་ན་ལེགས་ཀྱང་ཕན་མེད། རྐང་ལག་གཉིས་ཀྱི་སྟོར་བ་ནི། མཆིན་པ་ཡིན་པས་ཕོ་མཆིན་ལྗི[ལྕི]། རོ་སྟོད་རྒྱས་པར་འོང་། སྟེང་གདོན་འབྲོས་པ་ནི། སྲོག་རྩ་ནས་ཡིན་པས་འགྲོ་སྙིང་འདོད། མིག་རྩ་དགོད[རྒོད]། ཤ་སྐྱ་སྐྲངས་སུ་འོང་། འོག་གདོན་འབྲོས་པ་ནི། སྨིན་ཕྲག་ནས་གདོན་པ་དང་། རྐང་མཐིལ་ཡིན་གྱི། དེའི་རྟགས་ནི། སྨིན་མ་འབྱི། མིག་ཟླུམ་པོར་འོང་། མིག་སྤྲིན་དཀར་པོར་འོང་། ཤ་རོ་འོང་། མ་ཚོར་བར་རྨ་འོང་། སྟོར་བ་གཉིས་སུ་སྟོར་བ་ནི། བླ་[བརླ]བཞི་ནང་དུ་སྟོར་བ་ཞེས་བྱ་སྟེ། རྐང་ལག་ལ་གཉིས་དང་སྤྱི་བཙུག[གཙུག]བུད་མེད་ཀྱི་ནུ་མ། ཁྱོ་གའི་འདོམས་སུ་འཇུག་པ་སྟེ། ཤེས་པ་འཕྱོངས་པ་ཁྱེར་དང་། སྙིང་མི་དགའ་བ་དང་། གྲོད་པ་ཆེ་བ་དང་། དོན་མེད་པར་འཁྲོ་ཞིང་ཚིགས་སུ་འབྱུང་སྐྱོན་ན། ལོ་བཞི་ཙམ་ལོན། དེ་ནི་ངའི་ལུགས་ཀྱིས་ཟླ་བ་གསུམ་ཙམ་བྱེ་བྲག་ཕྱེད་དོ། །གདོན་དེ་མོ་གདོན་འབའ་ཞིག་གདོན། དེ་ནས་ཁྲག་ལ་འཇུག་པ་ཡིན་པས་བྱད་དམར་བར་འདུག་པ་དང་། བྱེའུ་རྗེས་སུ་འདུག་པ་དེ་ཞུགས་ནས་ལོ་ལྔ་ལོན་པར་བྱའོ། །ངའི་ལུགས་ཀྱིས་ཟླ་བ་ལྔའམ་དྲུག་གིས་བྱེ་བྲག་ཕྱེད་དོ། །འདྲེ་མ་མོ་གདོན་ནོ། །དེ་ནས་ཤ་ལ་ཞུགས་ཏེ། བྱད་སྨུག་ནག་ཏུ་འདུག་པ་ལ། ཤ་རོ་འདུག་ན་ཤ་རོའི་མདོག །མཆིན་ཀར་འདུག་ལོ་བདུན་ལོན་བྱའོ། །ངའི་ལུགས་ཀྱིས་ཟླ་བདུན་གྱིས་བྱེ་བྲག་ཕྱེད་དོ། །གདོན་མཚོ་སྨན་གནོད་ཤས་ཆེ། དེ་ནས་རུས་པ་ལ་འཇུག་པ་ནི། སོའི་ལྷ་བ་ཤོར་ནས་སོ་དཀར་ལ་འཚེར་བའོ། །དེ་ནས་ཐོད་པ་ལ་ཞུགས་པ་ནི། ཐོད་པའི་ལྷ་བ་ཤོར་ནས་མིག་ཡོན་པོར་སོང་། སྨིན་མ་འབྱི་ནས་འོང་། ཅང་མེད་པ་ལ་རྨ་བྱུང་ན་གདོན་གཉན་གནོད་ཅེས་བྱའོ། །གཞན་གྱི་བཅོས་ཀ་བྱ། དེས་མ་ཕན་ན་གོ་བཟླས་བྱའོ།།
དང་པོ་བྱད་ལ་ཞུགས་ན་ཀླུ་ཤས་ཆེའོ་ཞེས་བྱའོ། །དང་པོ་ལུས་ལ་ཤ་བཀྲ་འམ། གླང་ཤུའམ། ཤ་རོ་བྱུང་ན་ས་བདག་གནོད་པ་ཡིན་ནོ། །རྫས་ཀྱིས་བསྲུང་ཐབས་ནི། སྔགས་ཀྱིས་འདོན་ཐབས་ལ། སྤྱི་བཙུག་[གཙུག]ཏུ་མར་གདབ་བོ། །དེ་མ་ཐག་ཏུ་སྦྱིན་སྲེགས་[སྲེག]བྱའོ་ཐོན་ནས་འོང་། ཐོན་པའི་རྟགས་བྱད་སྨོལ་དུ་འོང་། གླང་ཤུ་འོང་། རྐང་ལག་སྐྲངས། སྐྲངས་ལ་ཆུ་སེར་དམར་པོ་འོང་། འབྲོས་པ་གཉིས་ནས་གདོན། བོང་ང་དང་། ལྕགས་ཕྱེ་དང་། ཆུ་དག་ནག་པོ་གསུམ་སྦྱར་ལ། རི་ལུ་རིང་ཐུང་བྱས་ལ། ཞིང་ཆེན་ལ་དྲིལ་བའི་ཕུར་བུ་གསུམ་བྱས་ལ། ལྦ་ལྕགས་[སྦ་ལྕག]གི་རྩེ་མོ་ལ་བཏགས་ལ། ནད་པ་བྲབ་མེ་ཕུང་དུ་བསམ་ལ། གླ་རྩི་དང་། གུ་གུལ་ནག་པོ་དང་། ངར་ཆུ་ལ་སྦྱར་ལ་སྔགས་བཏབས་[བཏབ]ལ་ཁྲུས་བྱའོ། །གཏོར་མ་གཏང་སྔགས་ཀྱི་འདོན་པ་ནི། རང་ལྟར་བསྐྱེད་ལ་སྔགས་བཟླས། ནད་པ་དེ་སྦུར་མ་འམ་བལ་འདབ་ལྟ་བུར་བསམ། མཆིལ་མ་ཐུ་ཐུ་བྱས་པ་ཙམ་གྱིས་དངོས་མེད་དུ་ཅོམ་ཅོམ་ཚིག་པར་བསམ། ལྕེ་དང་སྐེ་བ་ལ་ཞུགས་པ་ནི། སྔགས་སྙིང་མི་འདོད། ཁ་སོ་སྐྲངས་པ་སྙོམས་བྱེད་ན་ཞུགས་པའི་རྟགས་ཡིན། ཚིག་པ་ཟ་ན་སྙིང་ལ་ཞུགས་པའི་རྟགས་ཡིན། དང་ཀ་མི་བདེ་ན་ཕོ་བ་ལ་ཞུགས་པའི་རྟགས་ཡིན། ལུས་པོ་འདར་ཞིང་ཕྱོངས་པ་ཁྱེར་ན་མཁལ་མ་ལ་ཞུགས་པའི་རྟགས་ཡིན། སོའི་ལྷ་བ་ཤོར་ན་གླད་པ་ལ་ཞུགས་པའི་རྟགས་ཡིན། མིག་ཆུ་འཛག་ན་རུས་པ་ལ་ཞུགས་པའི་རྟགས་ཡིན། སྐྲ་འབྱི་ན་ཤ་མཐངས་བར་དུ་ཤོར་བའི་རྟགས་ཡིན། ཤ་འགུལ་བ་དང་། ཤ་འཕྲིག་པ་དང་། ཚ་ཀྱུག་ཀྱུག་བྱེད་པ་ལ་སོགས་པ་བྱུང་ན། རྩ་ལ་ཞུགས་པ་ཡིན། བྱད་སྨུག་པོར་གྱུར་ནས་འགྲོ་ཙམ་ན། རྐང་ལག་སྦྲིད་བེམ་བེམ་པ་བྱུང་ན། ཆུ་སེར་ནག་པོ་བྱུང་བའི་རྟགས་ཡིན་པས་དཀའ། དེ་ལ་སྣ་བུག་འགགས་པ་བྱུང་ན་མི་འཚོ། སྤྱིར་འདིའི་ལུགས་ཀྱིས་མཚན་མ་ལ་བརྟག་ཐབས་ལ། ནང་པར་ནད་པ་སྟོན་དུ་བྱུང་བའི་དོ་ནོབ་[ནུབ]རང་གི་ལུས་ལ་མི་བདེ་བ་བྱུང་ན། གང་ན་མ་བདེ་བ་དེ་ནད་པ་དེ་ལ་ཡོད་པ་བརྟག་པ་ཡིན་པས། རང་ལ་བྱུང་བ་དེ་ཕར་དྲི་ལ་ཁྱོད་ལ་འདི་འདྲ་ཡོད་དམ་བྱའོ། །དེ་ལྟར་མ་བྱུང་ན་རྨི་ལམ་ལ་འོང་སྟེ། དར་ནག་པོ་བཙུགས་ནས་བྱུང་ན་བཟང་ངོ་། །མེ་མེད་[ཆེན]པོར་སྦར་ན་བཟང་། ཆུ་ཆེད་[ཆེན]པོ་འབབ་འཕྲོ་བཅད་ན་བཟང་། མཚོ་སྐམས་ན་བཟང་། ནད་པ་དེའི་ཕྱོགས་ཀྱི་སྦུར་མ་ལ་རླུང་གིས་ཁྱེར་བ་བྱུང་ན་བཟང་། རང་མཚོའི་ནང་དུ་ཞུགས་ནས་བསྡད་ན་ངན་ནོ། །མཚོ་མཚེའུ་འམ་ཁྱི་ཉ་སྦལ་གྱིས་མཐོང་བ་ན་འདུག་ན་ཀླུ་གནོད་པས་དཀའ། ནད་པ་སྟོན་པའི་མི་དེ་བུད་མེད་ཡིན་ན་ཆས་བཟང་། ཁྱོ་ག་དང་སྦྲགས་ནས་བྱུང་ན་བཟང་ངོ་། །གློ་ལ་གྲི་བཙུགས་ནས་བྱུང་ན་བཟང་ངོ་། །མཚན་མའི་བརྟག་ཐབས་རྫོགས་སོ།། །།
ལེའུ་བདུན་པ། ནད་ཆེན་གསོ་བའི་ཐབས།
ཨོཾ་སྭཱ་སྟི། བླ་མ་ཡི་དམ་ལྷར་བཅས་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་ཕན་གདག་[གདགས]ཕྱིར། །ནད་ཆེན་གསོ་བའི་དཔྱད་དག་ནི། །ཕྱིན་ཅི་མ་ལོག་སྙིང་པོའི་དོན། །རིམ་པ་བཞིན་དུ་བྲི་བར་བྱ། །ནད་ཆེན་གསོ་བའི་ཐབས་འདི་ལ་གསུམ་སྟེ། དང་པོར་ཡིན་མེན་[མིན]བརྟག་པ་དང་གཅིག །བར་དུ་བསླབ་པར་བྱ་བ་དང་གཉིས། ཐ་མ་ཚོད་བཟུང་བ་དང་གསུམ་མོ། །དང་པོ་བརྟག་པ་ནི། ཅེར་[གཅེར]མཐོང་གིས་མ་རྟོགས་ན། གདོང་ཁྲུས་བྱས་ལ། གདོང་ཕྱར་བ་དང་ལོག་པ་དང་བཀྱེད་པ་དང་བརྒྱུད་པ་དང་། མཐོ་བ་དང་དམའ་བ་དང་། གྲིབ་མ་དང་ཉི་མ་དག་ལ་འགྲམ་པའི་སྟོང་སྟོང་བའི་ཤ་རྣལ་མ་དང་བསྡུར་ཞིང་ཉེས་པའི་སྐྱོན་རྣམས་ལེགས་པར་བརྟག་གོ །དེ་ལྟར་བརྟག་པའི་དུས་སུ། གནོད་པ་ཆུང་བ་དང་། འབྲིང་བ་དང་ཆེ་བ་དང་། གསོ་དཀའ་བ་དང་བཞིར་ཤེས་པར་བྱའོ། །
དེ་ལ་དཔེར་ན་མཛེ་ནད་ནི་མེ་ཏོག་དང་འདྲ་སྟེ། རྩ་བ་ལ་སྐྱོན་ཡོད་ན་རྩེ་མོ་ལ་སྐྱོན་འོང་། ལུས་སྤྱི་ལ་སྐྱོན་ཡོད་ན་གདོང་པ་ལ་འོང་། མིག་གི་མཆན་གཉིས་སུ་པྲིས་[སྤྲིས]མ་སྲབ་མོ་ཡོད་ན་ཡིན། ཁབས་སུ་མངོན་པ་ཡོད་ན་ཡིན། མིག་རུས་ཁབ་ཀྱིས་བསྐོར་བ་འདྲ་ན་ཡིན། གདོང་པའི་སྤྱི་བཞིན་རྩུབ། མཐའ་ན་[ནས]ལྡོག་ན་ཡིན། ཁ་འཇམ་ན་གཏིང་ལྦོས་ན་ཡིན། མཁུར་ཚོས་རྩུབ་ལ་གས་ཆུང་ཡོད་ན་ཡིན། ལྦོས་ལ་འཐོར་བ་ཡོད་ན་ཡིན། འཇམ་ལ་ཐོར་བ་ཡོད་ན་ཡིན། འཇམ་ན་སྔོ་བཀྲར་སོང་ན་ཡིན། ལྦོས་ལ་སྔོ་བཀྲར་འདུག་ན་ཡིན། འཛེར་པ་ནག་པོ་གཏིང་དུ་ཟུག་ན་ཡིན། སྣ་གཤོལ་མཁྲེགས་ལ་སྣ་རྐང་དམར་ན་ཡིན། སྣ་ལ་ཟིལ་པ་ཆགས་ན་ཡིན། མཚུལ་པ་འགགས་ན་ཡིན། རྟགས་དེ་ཚོ་གང་བྱུང་ཡང་རུང་བ་གཅིག་གམ། གཉིས་སམ་གསུམ་དང་ལྡན་ན་ཡང་རུང་སྟེ། གནོད་པ་ཆུང་བ་ཐམས་ཅད་དང་ལྡན་མི་སྲིད་དོ། །འཇམ་ལ་བྱེའུ་རྗེས་ཡོད་ན་ཡིན། འཇམ་ལ་ཤ་བཀྲག་གསལ་ན་ཡིན། འཇམ་མ་གཏིང་འོད་ཡོད་ན་ཡིན། བཙོད་དང་རྒྱ་སྐགས་བྱུགས་པ་འདྲ་ན་ཡིན། བ་སྤུ་ཁུང་བུ་ཁ་བྱེ་ན་ཡིན། དབྲེའ་ལ་གཉེར་ཆུང་ཡོད་ན་ཡིན། དབྲེའ་ལ་ཐོར་ཆུང་ཡོད་ན་ཡིན། དམར་བཀྲ་ཐོར་ཆུང་ཡོད་ན་ཡིན། སྔོ་བཀྲ་ཐོར་ཆུང་ཡོད་ན་ཡིན། མཁྲགས་[མཁྲེགས]ལ་ཉི་འོད་ཡོད་ན་ཡིན། སྣ་སྒལ་སྦོམ་ལ་མཁྲགས་[མཁྲེགས]ན་ཡིན། རྟགས་དེ་གཅིག་གམ་གཉིས་སམ་གསུམ་དང་ལྡན་ན་ཡང་རུང་སྟེ། གནོད་པ་འབྲིང་ལྡན་ནོ། །
གདོང་པ་སྐམས་ལ་བཀྲག་མདངས་མེད་ན་ཡིན། སྐམས་ལ་གཉེར་ཆུང་ཡོད་ན་ཡིན། སྐམས་ལ་འཛེར་པ་ཡོད་ན་ཡིན། སྐམས་ལ་གདོང་འོད་ཡོད་ན་ཡིན། སྐམས་ལ་རས་རིས་མང་ན་ཡིན། སྐམས་ལ་ཐང་ཤ་ཆོད་ན་ཡིན། རྔ་ཕྱེ་དམར་པོ་བཏབ་པ་འདྲ་ན་ཡིན། སྤྱི་བཞིན་ཡུངས་[ཡུང]མ་གཤེར་བ་འདྲ་ན་ཡིན། ཤ་མཐའ་མཐོའ་ལ་ཤེལ་རིས་ཡོད་ན་ཡིན། ལྦོས་ལ་བཀྲག་མདངས་མེད་ན་ཡིན། མིག་ཀྱང་དབྱིབས་འཐུག་ལ་ལྦོས་ན་ཡིན། ཟླུམ་ལ་ཞག་ཆགས་ན་ཡིན། བཀྲག་མདངས་ཉམས་ནས་ཟ་ཞིང་སྦྲིད་ཆགས་ན་ཡིན། མིག་གི་གྲ་གྲ་ནས་རྩ་དམར་པོ་སིབ་སིབ་པོ་བྱུང་ན་ཡིན་ཏེ། རྟགས་དེ་ཚོ་གཅིག་གམ་གཉིས་སམ་གསུམ་དང་ལྡན་ན་ཡང་རུང་སྟེ། གནོད་པ་ཆེ་ཐམས་ཅད་དང་ལྡན་པ་ཡིན་ནོ། །ལུས་ལ་བརྟག་པར་བྱ་བ་ནི། ཚ་ཚག་ཚག་པ་ཡོད་ན་ཡིན། གྲང་སིམ་སིམ་པ་ཡོད་ན་ཡིན། སྤུ་འགུལ་བ་ཡོད་ན་ཡིན། ཟ་ལྕག་གིས་བྲབས་པ་འདྲ་ན། ཤ་བཀྲག་ལུད་ནས་ལྦོས་ན། ལུས་པོ་སྐམས་ལ་བཀྲག་མདངས་མེད་ན། ཡུལ་ན་མེད་པར་རིམ་ཡོད་ན། རྒྱུ་མཚན་མེད་པར་སྙིང་མི་དགའ་ན། ལྟོ་ལ་ཆེ་ཆུང་བྱེད་ན། ཟས་ལ་ཕོག་ཐུག་མེད་པར་ན་ཞིང་མི་བདེ་ན། ཡན་ལག་རུས་ཚིག་[ཚིགས]ཐིག་ལེ་བྱུང་ན། སེར་དགའ་གཏིང་རིང་བྱུང་ན། མ་རྐན་སོས་སུ་མ་ཉན་ན། མཆུ་ལ་ཐོར་པ་ཡང་ཡང་འོང་ན། ལུས་ལ་རྨ་དང་ཤུ་བ་རྒྱུ་མཚན་མེད་པར་སྐབས་སྐབས་སུ་འོང་ན། ཞ་རིངས་[རེངས]ལྷེད་ཡོད་ནི་ཕོལ་དང་བེམས་དང་ཤ་རོ་ལྟ་ཅི་སྨོས། ལུས་དང་བཞིན་རང་བཞིན་གཙོ་ཆེ། ལུས་ཞར་ལ་བསྟན་པ་ཙམ་དུ་ཟད། རྨི་ལྟས་གཞན་དུ་ཤེས་པར་བྱ།
ཕོ་ལ་གཡོན་དུ་བྱུང་ན་དཀའ། མོ་ལ་གཡས་སུ་བྱུང་ན་དཀའ། ཕོ་ལ་སྟོད་དུ་བྱུང་ན་གསོ་དཀའ། མོ་ལ་སྨད་དུ་བྱུང་ན་གསོ་དཀའ། རིགས་རྒྱུད་དུ་གྱུར་པ་གསོ་དཀའ། ཞུགས་ནས་ལོ་མང་དུ་ལོན་པ་གསོ་དཀའ། གོང་དུ་བསྟན་པའི་གནོད་པ་ཆེ་བ་རྣམས་གསོ་དཀའ། གཞན་ཡང་སྙིང་པོ་ལྔ་ལ་ཞུགས་(པ་)དཀའ་སྟེ། རུས་པའི་སྙིང་པོ་མཐར་ཐུག་པ་སོའི་བཀྲག་ཤོར་ན་གསོའ་དཀའ། ཆུ་རྒྱུད་[རྒྱུས]ཀྱི་མཐར་ཐུག་པ་སེན་མོའི་བཀྲག་ཤོར་ན་གསོ་དཀའ། སྐྲ་དང་སྤུའི་མཐར་ཐུག་པ་སྨིན་མ་འབྱི་ན། ཤ་རྣམས་ཀྱི་མཐར་ཐུག་པ་སྙིང་པོ་སྙིང་ལ་ཞུགས་པ། གླད་པ་དང་རྒྱུས་པའི་མཐར་ཐུག་པ་ལུས་ཀྱི་གཟུངས་[ཟུངས]ལ་ཞུགས་པ། ལུས་ཀྱི་བརྒྱན་ཤོར་བ་མ་གཏོགས། ཆུའི་ཟླ་བ་ཟག་པ་མ་གཏོགས་སོ།།
གཉིས་པ་བསླབ་པར་བྱ་བ་ནི། མཚམས་ཀྱི་བཅད་ཐབས་དང་། སྔགས་ཀྱི་བཟླའ་ཐབས་དང་། ཚིགས་བརྟག་པ་དང་། དབུགས་དབྱུང་བ་བཞིར་ཤེས་པར་བྱའོ། །མཚམས་བཅད་པ་ནི། ལྕགས་ཞུན་འཐེམས་པ་དང་འདྲ་སྟེ། ཞུན་ཀོ་[ཀོང]ཞིག་རལ་མེད་པ་གཅིག་དགོས་འགར་[མགར]བ་ལྕགས་ཀྱི་ཞུན་དང་དྲོད་ཚད་ལ་མཁས་པ་གཅིག་དགོས་པས། དེ་གསུམ་འཛོམ་ན་ལྕགས་ཞུན་ལེགས་པར་ཐེབས་ནས་འོང་། དཔེ་དེ་བཞིན་དུ་འཚམས་[མཚམས]གཅོད་པ་ཡང་། ཞུན་ཀོང་འདྲ་བའི་གནས་དབེན་པ་དང་། འཕྲལ་གྱི་དགོས་པ་བསྒྲུབ་སླ་བ་གཅིག་དགོས། སྦུད་པ་མེ་ལ་སྦུག་དྲག་པ་དང་འདྲ་བའི་སྔགས་གྲ་མ་ཆགས་ཟུར་མ་ཉམས་པར་ཟློ་རེམ་པ་གཅིག་དགོས། འགར་[མགར]བ་ལྕགས་ཀྱི་ཞུན་ལ་སོགས་པའི་དྲོད་ཚད་ལ་མཁས་པ་འདི་འདྲ་བའི། ཚོད་འཛིན་ལ་མཁས་པའི་སློབ་དཔོན་བསྡམས་པ་དང་། ཀློད་པ་ཤེས་པ་སྔགས་ཀྱི་བསྐྱེད་རིམ་ལ་མཁས་པ་གཅིག་དགོས། དེ་གསུམ་འཛོམ་ན་མཚམས་ལེགས་པར་འོང་བས། དེ་གསུམ་འཚོགས་པར་བྱའོ།།
གཉིས་པ་སྔགས་ཀྱི་བཟླས་ཐབས་ནི། གནོད་པ་ཆེ་ཆུང་གི་ས་ཕྱེ་སྟེ། ཀླུ་གནོད་པ་ཆུང་བ་དང་། རྒྱལ་བསེན་ཤས་ཆེ་བ་ལ། དང་པོ་ལས་ལ་སྦྱར་བ་དྲག་པར་བྱའོ། །མོད་ལ་སྒོར་དབྱུང་། གནོད་པ་ཆེ་ཞིང་ཡུན་རིང་བ་རྣམས་ནི། དཔེར་ན་རྩི་ཤིང་བམ་པ་དང་འདྲ་སྟེ། རྩི་ཤིང་བམ་པ་ནི་ཉི་མ་ལ་མ་བསྐམས་པར་དང་པོ་ཉིད་ནས་མེ་ཆེད་[ཆེན]པོ་བཏབས་[བཏང]ཡང་འབར་དུ་མི་རུང་བ་བཞིན་དུ། ཀླུའི་དུག་འཇགས་ནས་ཡུན་རིང་དུ་ལོན་པ་དེ་ལ་དང་པོ་ནས་ལས་ལ་སྦྱར་ན་སྔགས་དྲག་པོར་བཟླས་པས་བསྒྲུབ་ལོང་མེད་པར་མོད་ལ་ཁྱེར་ཏེ། མིར་མི་རུང་བར་འགྱུར་རོ། །རྩ་[རྩི]ཤིང་བམ་པ་དེ་དང་པོ་ཉི་མ་གཉིས་སམ་གསུམ་དུ་ལེགས་པར་བསྐམས་ནས། དེ་ནས་མེ་ཆེད་[ཆེན]པོ་བཏངས་[བཏང]ན་སྤྱད་དུ་རུང་བར་འོང་། དཔེ་དེ་བཞིན་དུ་ཀླུའི་དུག་ཡུན་རིང་དུ་འཇགས་པ་དེ་ཡང་རྩ་ཉི་མ་ལ་བསྐམ་པ་དང་འདྲ་བར། ཟླ་བ་གཉིས་གསུམ་ཙམ་བསྙེན་པ་བསྐྱལ་ལ། སློངས་པའི་རྟགས་བྱུང་ཙམ་ན། བསྙེན་པའི་སྔགས་སུམ་བརྒྱ་ཙམ་རེས་སྣ་དྲངས་ལ། ཐུབ་པའི་རྟགས་རོད་[རོ]ཉོག་གིས་མ་སོང་བར་དུ་དྲག་པོར་བྱའོ། །ས་རྩོད་ཆུ་རྩོད་པ་ཡིན་པས་ཁོ་དང་འགྲེན་[འགྲན]པའི་དུས་སུ་ཁོའི་རྟགས་མ་ཆོག་[ཆོགས]པར་ལ་དྲག་པོར་བྱའོ། །དེ་ནས་ཡང་དྲག་སྔགས་ཆ་དབྲིའ་ལ་འཇམ་པོ་མང་དུ་བགྲང་། དེས་ཁམས་ཇེ་བདེ་ཇེ་བདེ་འོང་། འགོ་[མགོ]ཆོགས་ནས་བདེ་བ་བཙལ་བ་མན་ངག་ཡིན།
གསུམ་པ་ཚིགས་[ཚིག]ལ་བརྟག་པ་ནི། སྔགས་དེ་ལྟར་བཟླས་པས། ཀླུའི་དུག་འཇགས་ནས་འབྲུ་ལ་འབྲུ་མར་རམ་ཏིལ་མར་བཞིན་ཞེན་པ་དེས། དཔེར་ན་ཝ་རྒྱལ་གཉིས་ཀྱི་ས་རྡོ་ལ་ཞུ་འཁྱག་མེད་པ་བཞིན་དུ་འདུག་པ་དེ་ལ། རྡ་[རྟ]ཟླ་གྲང་གཅིག་དང་དྲོ་གཅིག །སྒང་གཅིག་དང་གཤོང་གཅིག་བྱུང་བས། བྱའི་ཟླ་བ་ལ་ཆུ་དྲོས་ནས་འབོལ་གྱིས་འགྲོ་བ་བཞིན་དུ་འཚམས་[མཚམས]ལ་ཡང་ནི་ཡན་ཆད་དུ་ཝ་རྒྱལ་གྱི་ཟླ་བ་བཞིན་དུ་སྲིང་ངེ་འོང་། དེ་ནས་ལྷག་ཆོགས་ནས་རྟའི་ཟླ་བ་བཞིན་དུ་སྒང་གཅིག་གཤོང་གཅིག་འོང་སྟེ། དེ་ཡང་དང་པོ་ཡུན་མི་རིང་བར་འོང་། དེ་ནས་བདེ་མི་བདེ་ཕྱེད་མ་ཙམ་དུ་འོང་། དེ་ནས་བདེ་བ་ཡུན་རིང་དུ་འོང་། དེའི་དུས་སུ་རང་གིས་ས་བདག་ནད་ཀྱི་མཚན་ཉིད་ཤེས་པར་བྱས་ལ། བདེ་བའི་དུས་སུ་ཡང་སིང་པོར་མི་བྱ། མི་བདེ་བའི་དུས་སུ་ཡང་སེམས་ཞུམ་པར་མི་བྱ། བདེ་མི་བདེ་གཉིས་ཀ་གསང་། གནོད་པ་འབུད་པ་ཡིན་པས་རང་བཟླས་པ་ལ་འབད་པ་མན་ངག་གང་རུང་བྱས། དེ་ལ་སེམས་དཔའ་བར་བྱ། དེ་ལྟར་ཚིག་རིང་ཐུང་ལ་བརྟག་གོ །
དེ་ལྟར་བརྟག་ཅིང་བཟླས་པ་བྱས་པས། བྱའི་ཟླ་བ་ལ་ཆུ་འབོལ་ཤིགས་ཀྱིས་སོང་བ་བཞིན་དུ། ཚིག་འདིས་མ་འདྲོངས་པ་བཞིན་དུ། བདེ་བ་ཡུན་ཇེ་རིང་ཇེ་རིང་ལ་འོང་། མི་བདེ་བ་ཡུན་ཇེ་ཐུང་ཇེ་ཐུང་ལ་ཆ་ནས་ལྷོད་ཀྱིས་ཆ་བས། སེམས་དཔའ་བར་བྱ། འཇིགས་པ་མི་དགོས། འཇུག་[མཇུག]ཏུ་སློབ་དཔོན་བས་ཀྱང་རང་མཁས་པར་འོང་། དེ་ལྟར་ཚིགས་[ཚིག]ལ་བརྟག་གོ།
བཞི་པ་དབུགས་དབྱུང་བ་ནི། སྣ་ལ་སོགས་པ་གནོད་པ་ཆེ་བའི་སར་ཆུ་སེར་འདུས་ན་ཁ་ཚུར་བལྟས་པ་ཡིན། དེ་ནས་སྡོང་པོ་བཀའ་བ་བཞིན་དུ་ལོགས་འགྱུ་ཡང་འོང་། ལུས་ལ་འདར་བ་དང་། ཤེས་པ་འཕྱོ་བ་དང་། འཁྲོ་སྙིང་འདོད་པ་དང་། གཟེར་མིག་ལ་སོགས་གནོད་པ་མང་དུ་བྱུང་ན། སྔགས་རྩུབ་པ་བཞག །འཇམ་པ་བགྲང་། དེས་ཀྱང་བདེ་བར་མ་སོང་ན་དབུགས་དབྱུང་ཞིང་བདེ་བ་བཙལ། དེས་ཀྱང་བདེ་བར་མ་ཉན་ན། ཞག་འགའ་བཤོལ། དེ་ནས་ཡང་དེས་ལྕགས་བཅུགས་[བཅུག]པ་འདྲ་བ་གཅིག་བྱས་ལ་ཡང་དྲག་པར་བགྲང་། དེས་ཀྱང་དབུགས་དབྱུང་ཞིང་བདེ་བ་བཙལ། དེ་ལྟ་བུ་ལན་གཉིས་གསུམ་ཙམ་འགྲོ་འགྲོ་བྱ། དཔེར་ན་འབྲུ་མར་བཙིར་བ་དང་འདྲ་སྟེ། བརྡུངས་ཤིང་བརྡུངས་ཤིང་བཙིར་ན་ཡང་འོང་བ་དེ་བཞིན་དུ། ངལ་བསོ་ཞིང་བསོ་ཞིང་བགྲང་ན་གནོད་པ་འབུད་རྒྱུ་ཡང་ཡང་འོང་། དེ་ནས་བགྲང་དུ་མ་ཐུབ་ན་རོགས་བཏང་བར་རང་གིས་འཇམ་པ་བགྲང་། དེས་ཚར་ཆོད་ནས་ཤིན་ཏུ་བརྟན་པར་འོང་།
ཐ་མ་ཚོད་ཀ་བཟུང་བ་ལ་བཞི་སྟེ། མགོ་གཞུག་གི་འབབས་[འབབ]དང་། དབྱེ་རན་པ་དངོས་དང་། གོལ་ས་བརྟག་པ་དང་། བསྲུང་འཚམས་[མཚམས]བསྟན་པའོ། །དེ་ལ་དང་པོ་མཚམས་ཀྱི་སྣ་ལ། སྔ་ན་མེད་པའི་ལུས་ལ་ཚ་ཚག་ཚག་པ་དང་། གྲང་སིམ་སིམ་པ་དང་། ཚ་ལམ་ལམ་པ་དང་། གྲང་ཤུམ་ལྟར་བྱེད་པ་དང་། ཤེས་པ་རང་བཞིན་དུ་མི་གནས་པ་དང་། ཡར་སྐྱུགས་པ་དང་། མར་བཤལ་བ་དང་། རྨི་ལམ་དུ་ཚོ་འཕྲུལ་མང་པོ་འོང་ངོ་། །གནོད་པའི་བྱེ་བྲག་གིས་ལས་ལ་དངོས་སུ་འང་[འོང]སྟེ། དེ་ལ་བརྒྱག་བཙོག་ཀྱང་མི་བྱ། གཞན་ཡང་འཕྲོས་པ་མང་དུ་ཡོད་དེ་མ་བཟོད་པ་ཡིན། འཇིག་[འཇིགས]པར་མི་བྱ་སེམས་དཔའ་བར་བྱ། སྔགས་ཐང་ལྷོད་མེད་པར་བཤད་དོ། །དེས་མི་བདེ་བ་དྲག་པོ་སྐབས་སྐབས་སུ་བྱུང་ན་དབུགས་དབྱུང་ངོ་། །དེས་སྣ་རེ་རེ་ནས་སྣ་ཇེ་ཉུང་ཇེ་ཉུང་ལ་གཏད། འུབ་ཀྱིས་ཕྲི་ན་ཁོ་མི་ཐུལ། ལངས་ན་ཡང་དྲགས་[དྲག]འོང་བས་ཚོད་སྦྱར་ཞིང་བརྟག་གོ།
གཉིས་པ་དབྱེ་རན་པ་དངོས་ནི། ཆང་སློང་བ་དང་འདྲ་སྟེ་མ་ཕབས་[ཕབ]པར་སློང་ན་མི་འོང་། ཟགས་དྲགས་ན་མང་མི་འོང་། དེ་བཞིན་དབྱེ་སྔས་ན་མི་འོང་། དྲག་[དྲགས]ཐལ་ན་མི་འོང་། བར་འདིར་ནོར་བ་འོང་བས་གཟབ་དགོས་པ་སྟེ། དེ་བདེ་བ་ཕྱོགས་གཅིག་པས་ཞག་ཉི་ཤུ་རྩ་ལྔའམ། ཟླ་བ་གཅིག་གམ་སུམ་ཅུ་རྩ་ལྔའམ་བཞི་བཅུ་ཚུན་ཆད་བདེ་བ་བྱུང་ནས། དེ་ནས་ཁམས་ཕྱོགས་མཐའ་དག་ནས་ལོག་སྟེ། མཐའ་མ་སྔར་གྱི་གནོད་པ་ཅི་ལྟ་བ་བཞིན་དུ་འོང་། གནོད་པ་སར་པ་ཡང་མང་དུ་མང་དུ་འོང་། འཁྲོ་སྙིང་འདོད་པ་དང་། ཤེས་པ་རང་བཞིན་དུ་མི་གནས་པ་ལ་སོགས་པ་སྔར་གྱི་གནོད་པ་ཅི་ལྟ་བུ་འོང་བས། དེའི་དུས་སུ་མི་བོས་ལ་འཚམས་[མཚམས]ཤག་རལ་དུ་དབྱེ། སྔགས་ཟླ་བ་གཉིས་གསུམ་ཙམ་དུ་བཤོལ། དེ་ཡང་ཚོད་བླང་ཞིང་མི་འཇམ་པ་མི་མང་དུ་བགྲང་། དྲག་པའི་རྟགས་མ་བྱུང་ཡང་ཟུག་ནས་འགྲོ་རུ་མ་ཉན་ན། ཆོད་ཁོ་རང་བཟུང་བ་ཡིན་པས། མཚམས་དབྱེ་རན་པ་ཡིན། རིགས་གཅིག་ལ་མི་བདེ་བ་མེད་པར་གདོང་པའི་གནོད་པ་བཏངས་[བཏང]ན་དབྱེ་རན་པ་ཡིན། ལར་ངག་ལ་བཀའ་མ་ཕྱེད་ཀྱང་གདོང་པའི་བཏངས་[བཏང]ན་དབྱེ་རན་པ་ཡིན། གདོང་པའི་གནོད་པ་ནིནམ་ར་རི་ཏངས་ཙམ་ཡིན། སྐམ་པོ་རྣམས་ནི་ནམ་རླན་ཕེབས་ཙམ་ན་ཡིན། རློན་པ་རྣམས་ནི་ནམ་སྐམ་ཐག་ཆོད་ཙམ་ཡིན། བཀྲག་དང་མདངས་མེད་པ་རྣམས་ནི་བཀྲག་དང་མདངས་ཕེབས་ཙམ་ན་ཡིན། སྦོམ་པ་ནི་མཁྲགས་[མཁྲེགས]ལ་བཀྲག་ཕེབས་ན་ཡིན། མི་བདེ་བའི་ནང་ནས་བཟོད་པ་བྱུང་ན་འཚམས་[མཚམས]ཤོག་རལ་དུ་ཕྱེད། དེ་མ་གཏོགས་པའི་མཚམས་བྲིད་ཐབས་སུ་དབྱེ། དང་པོ་ནང་འཚམས་[མཚམས]ཕྱེ་ནས་གཙང་མ་གཉིས་གསུམ་ནང་དུ་གཞུགས[གཞུག]ཡི་དྭགས་ལ་དུམ་གྱི་བསམ་པས་དཀར་གསུམ་མངར་གསུམ་གྱི་གཏོར་མ་གཏང་། བདེན་པ་བདར་ལ་སོ་སོའི་གནས་གཏང་། དེ་ནས་ཕྱི་འཚམས་[མཚམས]ཀྱང་ཇེ་ལྷོད་ཇེ་ལྷོད་ལ་དབྱེའོ།།
གོལ་ས་ནི་བཟླས་པའི་རིམ་གྱིས་ཀྱང་འབྱེད་དོ། །གནོད་པ་བྱིན་པོ་ཆེ་རྣམས་ལ་བཟླས་པ་འཇམ་ལ་ཐུང་ན་བདེ། རྩུབ་ལ་མངས་ན་མི་བདེ་བར་འོང་སྟེ། མ་སློངས་པ་དྲགས་[དྲག]པ་ཡིན་སྙམས་[སྙམ]ནས་ཕྱེས་ན་ནོར། དང་པོ་ནས་བཟླས་པ་རྩུབ་ལ་རེམས་པར་བཟླས་པས་ཁམས་ལ་སྐྱེད་དུམ་གཅིག་བྱུང་ན་བདེ་བ་ཞག་ཉི་ཤུ་ཚུན་ཆད་བྱུང་ནས། དེས་ཁམས་བདེ་བ་ལ་དྲགས་[དྲག]སྙམ་ནས་ཕྱེས་ན་ནོར། རོགས་གཅིག་ལ་བཟླས་པ་རྩུབ་ལ་རེམས་པར་བྱས་པས། དེ་མི་བདེ་བ་ཡང་འབའ་ཞིག་ཏུ་འོང་སྟེ། དེས་སློངས་ན་བདེ་སྟེ་འོང་ལ། དྲགས་[དྲག]པ་ཡིན་སྙམ་ནས་ཕྱེས་ན་ནོར། བདེ་བ་གཅིག་ཞག་ཉི་ཤུ་ཚུན་ཆད་བྱུང་བ་ལ། དེ་ནས་མ་བདེ་ན་ཞེན་པ་ཡིན་སྙམས་[སྙམ]ནས་ཕྱེས་ན་ནོར། བགྲང་བས་བདེར་ཡང་མ་སོང་མི་བདེ་བར་ཡང་མ་སོང་བ་ལ་སྔགས་དབྲི་བ་དང་སྣོན་པ་ཚོད་བླངས་ཤིང་མ་བྱས་པར་ཕྱེས་ན་ནོར། ལར་བར་འདིར་མ་གཟབས་ན་ཐམས་ཅད་ལ་དོན་མེད་པར་ཆ་བས་ཚོད་བླངས་ཤིན་(ཏུ)བདེ་བ་བློབ་[བློ]ངེས་པ་བྱ་ཞིང་འཚམས་[མཚམས]དབྱེ། དེའི་དུས་སུ་རྫ་དཔེའུ་དང་འདྲ་བས། ཐུ་གཤམ་ཕོག་པས་ཀྱང་གནོད་པས། བསྲུང་འཚམས་[མཚམས]གལ་ཆེ།
དེ་ཡང་ཞེ་སྡང་དྲག་པོ་དང་། མཛེ་པོའི་ཟས་དང་། ནད་ཡུན་རིངས་སུ་ན་བའི་གོས་ཟས་མི་བསྙེན། རོ་བགས་དང་། བ་ས་བས་སངས་དང་། འདྲེ་ཅན་དང་། ཡུག་ས་མོ་དང་། དེ་རྣམས་ཀྱི་གོས་ཟས་དང་ཁ་འཕྲོ་བསྲུང་། གནས་མི་གཙང་བ་ལ་སོགས་པ་བསྲུང་། གཞན་ཡང་ཐབ་གཞོབ་དང་། བཤས་བྱེད་པའི་ས་དང་། མི་མང་པོ་འཚོགས་པའི་ས་དང་། ཡི་དྭགས་གནོད་པའི་ས་ཕྱོགས་ལ་བྱའོ། །ཡི་དྭགས་གནོད་པའི་ཞུ་སྣ་དང་གཏོར་མ་མི་བྱ། གཞན་གྱི་བསྲུང་བ་མི་བྱ། ནད་པའི་ཚོགས་སོགས་མི་བཟའ། འཐབ་རྩོད་དང་ཀུ་ཅོའི་སར་མི་ཆ། སེར་བ་མི་བསྔག[བསྔགས]། གཞན་ལ་མི་འཐབ། མི་འཁྱག་[ཁྱག]པའི་ཁུར་བུ་དང་། དྲག་ཤུལ་ཆེད་པ་[ཆེན་པོ]ཡང་གནོད་བསྲིད་[བསྲིང]མི་བྱ། གཞན་གྱི་བུད་མེད་ལ་མི་སྤྱད། ལར་མི་གཙང་བ་ཐ་[མཐའ]དག་ལ་འཛེམ། ཁྱུང་ལ་བཟླས་པ་བྱ་ན་བྱེའུ་མི་བསྐྲོག །ཚང་མི་བཤིག་སྒོང་[སྒོ]ང་མི་བཟའ། ཁོས་ཁམས་ཞབས་བཅད་པ་ཡིན་པས་གོ་བཟླས་ལ་རེམས་པར་བྱ། དེས་ཚིགས་ཇེ་རིང་ཇི་[ཇེ]རིང་ལ་བདེ་ནས་འགྲོ། མི་བདེ་བ་འཕྲན་ཚགས་[ཕྲན་ཚེགས]བྱུང་ཡང་འཇིགས་མི་དགོས། བླ་མའི་མན་ངག་དམར་ཁྲིད་དང་བཅས་པ། གདམས་ངག་འཐོར་བསྡུས་རིན་པོ་ཆེའི་འཕྲིང་[འཕྲེང]བ་ཞེས་བྱ་བ་རྫོགས་སོ།།
མཁའ་འགྲོ་མ་མིག་མ་ལགས་སོ། །འདི་ཡང་དེ་ཤས་དགོན་པ་བ་ལ་གནངས[གནང་]། དེས་སྣེལ་[སྣེ]ཟུར་བ་ལ། དེས་འགྲོ་བ་མང་པོའི་དོན་མཛད་ནས་གཞན་ལ་ཡང་སྤེལ་བས་འགྲོ་བ་མང་པོ་ལ་ཕན་ཐོགས། དེའི་གོང་དུ་གཞན་མ་སྤེལ་བ་ཡིན་བོད་ཀྱི་རྒྱལ་ཁམས་ཀྱི་བསྲུང་འཁོར་གཅིག་འདི་ལས་བྱིན་རླབས་ཆེ་བ་གཞན་ལ་མ་བྱུང་བ་ཡིན། འདི་ལ་རྩིས་ཤིན་ཏུ་ཆེ་བར་བྱ།། །།
ལེའུ་བརྒྱད་པ། ཀླུ་གདོན་གྱི་གནོད་པ་ཕྱིར་བཟློག་ཐབས།
ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དགེ་བའི་བཤེས་གཉེན་རིན་པོ་ཆེའི་སྣེ་ཟུར་བ་ཞལ་ནས་སྐྱེས་བུ་ནད་པའི་ཉ་ར་བྱེད་འདོད་ན། ནད་པ་དེ་དབང་ཆུང་ནས། ཡི་དྭགས་གནོད་པ་མིན། མི་དགེ་བ་བཅུ་སྤྱད་པའི་འབྲས་བུ་ཡིན་པས། དེ་སྦྱོང་དགོས་པ་ཡིན་གསུང་[གསུངས]། དེ་ཡང་བླ་མ་དང་དཀོན་མཆོག་དང་དགེ་འདུན་དང་གསུམ་གཞན་གྱིས་ཡི་[ཀྱང]སྦྱོང་ལ་བརྟེན་ནས་སྦྱོང་དགོས་གསུང་[གསུངས]། དེ་ལ་དང་པོ་ནད་པས་རང་རྒྱལ་བསེན་དང་བདག་ལ་སོགས་པ་ལ་ཡི་དྭགས་གནོད་པའི་རྣམ་པར་རྟོགས་[རྟོག]པ་བྱུང་ཙམ་ན། རང་ལ་བསྲུང་བསྐྱོབ་[སྲུང་སྐྱོབ]གཅིག་དགོས་པར་འདུག་སྙམ་ནས་བླ་མ་ཚོལ་བ་ཡིན། བླ་མ་རྙེད་བླ་མ་ཡང་སུ་ཐོད་ཐོད་ཀྱི་མི་ཆོག་ནས་རང་གི་ལུས་ཀྱི་མ་བདེ་བ་ཐམས་ཅད་མ་གསང་ནས་འཐོལ་ནས། བླ་མ་དེས་ཀྱང་སོས་ན་སོས། མི་སོས་བརྟག་ན་ངས་ཕན་མི་ཐོགས་པས་ཁྱོ་[ཁྱོད]རང་སློབ་དཔོན་གཞན་ལ་བླ་མ་མཉེས་ནས་རང་གི་རྒྱུད་ལ་ཡོན་ཏན་མ་ལུས་པ་སྐྱེ་བའི་ཞུས་བྱས་ལ་གཏང་། གསོ་བཏུབ་ན་དེས་བླ་མ་ལ་བསྙེན་བཀུར་བྱས་ལ་བཟླས་པའི་ལུང་ཞུ།
དེ་ནས་བཟླས་པའི་ལུང་ཕོགས་ནས། གནོད་པ་ཆུང་ན་བླ་མས་ཤ་རོ་ལ་སོགས་པ་མེད་ན་མཚམས་བཅད་མི་དགོས། གནོད་པ་ཆེ་ན་མཚམས་ཤ་རོ་ལ་སོགས་པ་བྱུང་ན་བཅད་དུ་བཅུག་སྔགས་འདི་བཟླར་བཅུག་ལ། འཚམས་[མཚམས]བཅད་པའི་ཤོམ་ར་ཐམས་ཅད་སློབ་པ་ཡིན་ཏེ། སྔགས་གཉིས་ཀྱི་བཟླ་སྲུངས་པ་གཅིག་དང་སྲོག་སྙིང་ཐབས་དང་། འཚམས་[མཚམས]མི་གཙང་བའི་ཟས་དང་ཁ་འཕྲོ་དང་གཡོག་བཞག་ཐབས་དང་། མཚམས་གཅོད་པའི་གནས་དང་། ཁ་ཟས་ཤ་ཆང་ལ་སོགས་པ་དྲོད་ཅན་ཟ་བའི་ཕྱོགས་དང་། ཆག་པ་བསྐྱལ་བའི་གཉན་སར་བསྐྱལ་ན་གནོད་པ་འོང་བ་ཡིན་ནད་མེད་པ་ཀུན་གྱིས་ཀྱང་ཁའི་ཕྱོགས་སུ་སོང་ན་གནོད་པ་བྱེད་པ་འོང་ཕྱོགས་ནི་ཆག་ཁང་བྱས་ལ་དེར་དོར་བྱས་ལ་དེར་འཆག །དེའི་རྗེས་ལ་བུལ་ཏོག་གི་ཆུས་སྦྱང་། བཟླས་པ་བྱ་བའི་ཉིན་མཚན་པྲིལ་ཕྲིལ་དུས་ཚོད་དང་། གཉིད་ལོག་པའི་དུས་ཚོད་དང་། འཚམས་[མཚམས]འགོ་འགོ་ལ་སྲུངས་གཅིག་བསྙེན་པའི་ཚུལ་དུ་བཟླ་ལ་བཟླས་པ་ཅི་ལྟར་བཟླ་བ་དང་། སྒང་ལ་ཅི་ལྟར་ལས་སྦྱོར་ལ་སྲོག་སྔགས་བཟླ་བཟླས་པ་དང་འཇུག་[མཇུག]ཏུ་ཅི་ལྟར་སྲུངས་གཅིག་པར་བཟླ་བཟླ་བ་དང་། འཚམས་[མཚམས]རན་པའི་དུས་ཚོད་དང་། བཏོན་ནས་མི་ལྡོག་པའི་བཟླས་པ་ཅི་ལྟར་བྱ་བ་དང་། རྗེས་བསྲུང་བའི་བཟླས་པ་དང་། མཚམས་གཡོག་ནང་འཁོར་དུ་གཏོགས་པ་དང་། ཕྱུག་དང་ཐོ་ཕྱི་ན་འཁོར་ཚད་ལ་མི་འཕྲོ་བའི་བསྲུང་བ་དང་། དེ་རྣམས་དུས་དང་སོ་མཚམས་གཅོད་པའི་ཤོམས་[ཤོམ]ར་བསྟན་པའོ། །
དེ་ནས་དང་པོ་འཚམས་[མཚམས]གཅོད་ཀར་ཚོགས་བསག་ཏུ་གཞུག་སྟེ། དེ་ཡང་དཀོན་མཆོག་གསུམ་ལ་པུ་ཙ་གྲུབ་ཚད་ཐང་ལྔ་ཙམ་བྱ། དགེ་འདུན་ལ་ཆོས་སྟོན་ཡོན་དང་བཅས་པ་བྱ། ཁབ་སྐུད་ཡན་ཆད་ཅི་འབྱོར་བ་བྱ། རྩ་བའི་བླ་མ་ལ་སྡིག་པ་སྦྱོང་བའི་ཆེད་དུ་ཡོན་ཅི་ཙམ་འབྱོར་བ་ཕུལ་ལ་སྐྱབས་འགྲོ་སེམས་བསྐྱེད་ཞུ། དེ་རྣམས་ཀུན་མ་གྲུབ་ན་ཡང་། དགེ་སློང་བཞི་སྡེ་ལ་ཇ་དྲངས་ལ། ཡོན་ཁབ་སྐུད་ཡན་ཅད་[ཆད]ཕུལ་ལ། གཏོར་མ་བརྒྱ་རྩ་བརྒྱད་གཏོང་བར་ཞུ། རང་ལ་གནོད་བྱེད་ལ་ཡང་གཏོར་མ་གཏང་ལ་བདེན་པ་བདར་ལ་གཏང་། ཁྱེད་རྣམས་ང་མཚམས་བཅད་ནས་བཟླས་པ་བྱེད་པ་འདི་ཁྱེད་ལ་མི་གནོད་ཀྱི། ཁྱེད་རྣམས་མི་དགའ་བ་མ་བྱེད་གཅིག[ཅིག] དེ་ནས་ཁྱེད་ལ་ཕོག་ཐུག་རྣ་བས་ཐོས་པས་ལུས་ལ་ཕོག་པའི་བྱུང་ན་ཡང་ཁྱེད་རྣམས་ཀྱི་སྡིག་པ་མང་པོ་མཛད་པ་ཡིན་གྱིས། བྱས་ལ་བདེན་པ་བདར་ལ་གནོད་པ་མི་བྱེད་ཀྱི་སྟེང་དུ་རང་ལ་ནུས་པ་ཡོད་ཚད་ཀྱིས་ཕན་འདོགས་པ་ཡིན་གསུང་།
དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་ལ། ཚེས་གྲངས་དང་རྒྱུན་སྐར་དང་ཉི་མ་དང་ཟླ་བ་བཟང་པོར་འཛོམ་པ་གཅིག་གི་ནུབ་མོ་དཀོན་མཆོག་ལ་གསོལ་བ་གདབ་ལ་པུ་ཙ་དང་ཆོས་སྐྱོང་ལ་གསོལ་བ་གདབ་གཏོར་མ་དང་། མཆོད་པ་ལ་སོགས་སུ་བཤལ་[བཤལ]དགེ་བཤེས་ལ་ཡོན་ཕུལ་གསོལ་བ་གདབ་ཇོ་བོ་ལ་ཡང་ཕུལ་ལ་གསོལ་བ་གདབ་ཁྱེད་རྣམས་བདག་ལ་བྱིན་གྱིས་བརླབས་སུ་གསོལ་ཞེས་བྱའོ། །འབྱུང་པོ་ལ་གཏོར་མ་གཏོང་བ་དང་། བར་ཆད་མི་འབྱུང་བ་དང་། གསང་སྔགས་མྱུར་དུ་འགྲུབ་པ་དང་། འཚམས་[མཚམས]མྱུར་དུ་ཐོན་པར་མཛད་དུ་གསོལ་ཞེས་གསོལ་བ་གདབ། ཕྱག་འཚལ་མེ་ཏོག་གཏོར། གསོལ་བ་ཡང་ནས་ཡང་དུ་གདབ། དུས་དོ་ནོབ་[ནུབ]ནས་བདག་གི་གནོད་པ་མ་སོལ་གྱི་བར་དུ་འཚམས་[མཚམས]བཅད་པར་བྱའོ་སྙམ་དུ་བསམ་ལ། དེ་ནས་བཅོམ་ལྡན་འདས་མི་གཡོ་བའི་བསྐྱེད་རིམ་བྱས་ལ། སྔགས་གཉིས་བཟླས་ལ་བདག་གི་ལུས་ཀྱི་གནོད་པ་ཐམས་ཅད་བསལ་བར་བྱའོ་སྙམ་དུ་སེམས་བསྐྱེད་པར་དམ་བཅའ་བྱེད་པའོ་གསུང་[གསུངས]། དེ་ཡང་ཅོད་[ཡན་ཆད]སྲོད་ཀྱིས་བྱེད་པའོ། །དེ་ནས་མཚམས་དམ་པར་བཅད་ལ། སྨྲ་བཅད་སྨྲ་བཅད་མ་བྱས་པར་མང་པོ་བཟླས་པ་བེས་[བས]སྨྲ་བཅད་བྱས་ནས་ཉུང་བ་བཟླས་པ་དགའ་བ་ཡིན་བྱས་ལ་ནད་འདི་མ་སོས་ཀྱི་བར་དུ་བཟླས་པ་བྱའོ་སྙམ་པའི་སེམས་ཀྱིས། ཉིན་མཚན་པྲིལ་ལི་པྲིལ་ལ་སྔགས་གཉིས་མི་འཇུག་དང་བཅས་པ་བཟླ་གསུང་[གསུངས]། དེ་ཡན་ཆོད་ཀྱིས་འཚམས་[མཚམས]བཅད་པའི་ཆོ་ག་བསྟན་པའོ།།
ད་མཚམས་ནས་བཟླས་པ་བྱེད་པ་ལ་ལུས་གང་ན་གནོད་པ་ཡོད་ཤ་རོ་དང་ཤ་འཕྲིག་ཡོད་ཡོད་ཀུན་བསལ་བའི་ཐབས་བསྟན་པ་ཡིན་ནོ། །དེ་ལ་ལུས་ཐམས་ཅད་ན་ན། ལུས་ཐམས་ཅད་མེའི་ཕུང་པོ་ཆེན་པོ་གཅིག་ཏུ་བསམ་ལ་མེ་འབར་བར་བསམ་ལ་སོས་ཏེ་འོང་གསུང་[གསུངས]། རང་གི་ལུས་སྔར་མེད་པ་ལ་ཕྱིས་བྱུང་ན་ལ་ན་ཚ་གློ་བུར་བ་ཡོད་ན་ཉི་མ་སྔ་དྲོ་དང་། གུང་དང་ཕྱི་འབྲེད་དང་སྲོད་དང་ནམ་གུང་དང་ཐོ་རས་[རངས]དང་དེ་རྣམས་ལ་སྣ་ལ་སྲུངས་གཅིག་པ་ལ་སྟོང་ཚོ་རེ་རེ་བཟླས་ལ་ཤ་རོ་ལ་སོགས་པ་ལ་གདབ། དེ་ནས་སྲོག་སྙིང་མིང་འཛུད་པ་སུམ་བརྒྱ་བཞི་བརྒྱ་གདབ། རང་གི་གང་ན་བའི་ས་དེ་ཤ་དང་རུས་པར་བཅད་ནས་ལྕགས་བསྲེགས་པར་[པ]བཞིན་མེ་འབར་བར་བསམ་ཞིང་། དེ་ལ་སེམས་གཏད་ལ་སྔགས་བཟླས་ཤིང་མཆིལ་མས་བྱུག །ཕུས་ཀྱང་གདབ་བསྐྱེད་རིམ་གསུམ་པོ་བྱ་མི་དགོས་དམིགས་པ་སྐོར་གསུམ་མི་ཤེས་པས་མི་ཁོབ་པས་གསུང་[གསུངས]།
དེ་ནས་བཟླས་པས་ཐུབ་ནས་ཚོད་བཟུང་ལ་སྲོག་སྙིང་བཟླའ། ཐུབ་པའི་བདེ་ན་བཟང་མ་བདེ་ན་ད་རུང་བྱ་རྟགས་ནི། ལུས་ཀྱི་ན་ཚ་དང་། ཤེས་པ་བདེ་མི་བདེ་བ་དང་རྨི་ལམ་གྱི་ཆོ་འཕྲུལ་དང་། གཞན་ཡང་བརྟག་དཔྱད་བྱས་ལ་དེ་རྣམས་དང་བསྟུན་ནས། གཟོད་ཀྱིས་བཟླས་པ་འཕྲིས་[འཕྲི]ལ་སྔར་གྱི་ཕྱེད་ཙམ་མམ། གནོད་པ་ཆེ་ཆུང་དང་སྦྱར་ལ་སྲོག་སྔགས་ན་ཚ་དང་རྨི་ལམ་དང་ཆོ་འཕྲུལ་སྲོག་སྔགས་བཟླས། ཚོས་མ་ཟིན་ནས་དྲགས་ནས་ཞག་འགས་[འགའ]དྲགས་ནས་སྲོག་སྙིང་ལ་འོང་། བཟླས་པས་མ་ཐུབ་བར་དུ་སྨྲ་བཅད་བྱས་ལ་བཟླ། བཟླས་པས་ཐུབ་ནས་[ན]ཟླ་བ་རེ་རེ་ཙམ་མམ། ཞག་ཉི་ཤུ་ཙམ་ངག་བསྡམས་ལ་སྲུངས་གཅིག་པ་ལ་མང་དུ་བཟླས། སྲོག་སྔགས་ཉུང་དུ་བཟླ་དུས་ཚད་འདིར་བབ་[བབས]ཙམ་ན་བླ་མའི་གདམས་ངག་དགོས། རང་གི་ཤེས་པས་ཐུབ་མ་ཐུབ་མི་ཤེས་པས་སྔར་གྱི་ཉམས་དྲོད་གཅིག་དགོས་ཏེ་ཡེན་པས་མི་ཤེས་པས་ཤེས་པ་ཞིབ་པར་འདུག་པ་ཁ་རྩང་ཅི་ལྟར་གསུངས་པ་འདུག་པས་ཀྱང་རྟགས་[བརྟག]དཔྱད་ཞིབ་པར་བྱེད་དགོས། རང་ཁོ་ན་ཚོད་ཆེ་བ་ཡིན་གསུང་[གསུངས]། སྲོག་སྔགས་ཉུང་ནས་ཀྱང་ཁོ་མི་ཐུབ། མངས་ན་ཡང་དྲགས་ཏེ་ཆ་བ་ཡིན། དེ་བས་ན་རྟགས་[བརྟག]དཔྱད་བྱ་ཞིང་སྲོག་སྔགས་མར་དབྲི་ཡར་བསྣན་ཅིང་བཟླས་པས་ཁོ་ཡང་ཐུབ་དྲགས་ཏེ་ཡང་མི་ཆ། ལར་གདམས་ངག་མ་ཐུབ་པར་འཕྲོ་བཅད་ན་མི་འོང་ཐུལ་བཞིན་དུ་ཡང་དྲག་སྟེ་ཆ་འདི་ན་ཡོད་གསུང་[གསུངས]།
འདིར་ཁ་ན་མི་ཤེས་ཞུ་འཁྱགས་ཀྱི་འཚམས་[མཚམས]བྱ་བ་ཡིན་གསུང་[གསུངས]། ཡིག་སྣ་འདི་ལ་བརྟན་[བརྟེན]ནས་བྱས་པས་ཆོག །གདམས་ངག་འདི་ནི་མེད་པར་བར་འདིར་རྡུགས་ནས་བརླག་པའི་གཏམ་རྒྱུད་མང་པོ་ཡོད། དེ་ངས་མི་སྨྲ། ཁོང་གི་མཚངས་[མཚང]ལ་འགྲོ། གསང་སྔགས་སྤྱི་ཙམ་ཡང་ལག་ལེན་གཙོ་བ་ཡིན། དེའི་ནང་ནས་ཀྱང་ཆོས་འདི་ནི་ལག་ལེན་དང་ཉམས་སུ་མྱོང་བ་གཅིག་གཙོ་བ་ཡིན་པས། སྐྱེས་བུས་མེད་པར་མ་མཛད་གཅིག[ཅིག] རང་གཞན་གཉིས་ཀ་རླག་[བརླག]སྟེ་འགྲོ་བ་ཡིན་ནོ། །
ལུས་སྦྱིན་དུ་ནི་བདེ་ལ། སེམས་མ་བདེ་བ་དང་སྙིང་མི་དགའ་བ་ལ་སོགས་པ་བྱུང་ན། འཚམས་[མཚམས]འོག་ལ་ནད་པ་དེ་ཞུད་ལ་སྡར་ཏེ་འོང་། མི་དང་ཕྲད་ན་ཁམས་ལོག་[ལེགས]པ་ཡིན་དེ་ནས་མི་དགོས་འཇེབ་[འཇེབས]པར་བྲལ་ནས་ཞུད་མི་སྡར་མི་དང་ཕྲད་ཀྱང་ཁམས་མི་ལེགས་གློ་སྙིང་མེའི་ཕུང་པོ་འམ་ཡང་ན་ཇོ་བོ་ཉིད་དུ་བསམ་ནས་བཟླས་པས་ཁད་ཀྱིས་ཞི་སྟེ་འོང་། བཟླས་པ་བྱས་ཙམ་ན་སྙིང་མི་དགའ་བའམ། སེམས་དགོད་དམ་ཅི་ཡང་རུང་བས་བཟླས་པའི་བར་ཆད་དུ་འགྲོ་བ་ཀུན་རང་ལ་གནོད་པའི་ཡི་དྭགས་ཡིན་པས། དང་པོ་བས་ཀྱང་དེ་ཙམ་ན་ཡི་དྭགས་གླད་སྲོག་སྔགས་དྲག་པ་བཟླས་པས་ཆོགས་[ཆོག]པ་ཡིན་དེ་ཁད་ཀྱིས་ཞི་སྟེ་འོང་། རྨི་ལམ་དུ་ཅི་ཐོད་ཐོད་བྱུང་ན་རང་ལ་གནོད་པའི་བགེགས་ཡི་དྭགས་དེ་ཡིན་པས། ཁྱེད་ཀྱི་བསླུ་བྲིད་ལ་ང་མི་ཉན་སྙམ་པས། འཁྲུལ་པ་ཡིན་ཁྱེད་ཀྱི་དགའ་དགའ་ལ་སོགས་པ་ན་ཕར་ལ་བསལ་བས་སོས་ཏེ་འོང་། རྨི་ལམ་རབ་རིབ་དང་བཟང་ངན་གྱི་རྟོག་གནོད་པ་བྱུང་ཡང་དམིགས་དང་དེ་བས་ཀྱང་སོས་ཏེ་འོང་གསུང་[གསུངས]། ལམ་དུ་འགྲོ་བ་ཞུགས་ནས་ཟང་ངོ་དང་ས་གཞན་དུ་བསྡད་ནས་བཟླས་ན་གཉན་ས་མ་གཏོགས་པ་ལ་ཉེས་པ་མེད། དེ་ནས་དམིགས་པ་གསལ་[བསལ]བར་བྱས་ནས་བཟླས་ན་ཁོ་རང་བྲེད་ནས་འབྲོས་པ་ཡིན།
དེ་ནས་ཁོ་ལ་ཡང་བཟླས་པའི་འོད་ཟེར་ཕོག་ནས་ཀྱང་། ཁོའི་སྡིག་སྒྲིབ་དག་པར་གྱུར་པའི་སེམས་བྱང་ཆུབ་ཀྱི་ཀྱིས་བཟླས་ན་རང་ལ་མི་གནོད་པ་ཡིན། རང་གི་ལུས་སྔར་ཅི་ལྟར་བཟླས་པའི་ལ་ཡོད་པའི་མེ་དེ་ལ་བགས་[བག]ཚ་བ་དང་ཉམ་ང་བ་མེད་པར་རང་གི་ལུགས་སུ་བཟླས་པ་བྱའོ། །ཀླུ་ལ་མིང་འཇུག་མི་བྱ་སྲོག་སྙིང་སྤྲེལ་དུ་མི་རུང་བས་སྲོག་སྙིང་རང་མི་སྤེལ་[སྤྲེལ]རང་གི་སྙིང་ཀའི་ས་བོན་ལས་འོད་ཟེར་གྱིས་བཀུག་ལ་རང་གི་སྔོན་དུ་ཡིད་ལ་བྱས་ནས། ཀླུ་འདི་རྣམས་ངའི་མ་ཡིན་སྙམ་དུ་སེམས་ཤིང་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་སྲུངས་གཅིག་པ་ལ་བཟླས། གཞན་ཡང་གཏོར་མའི་ནང་དུ་དཀར་སུམ་དང་མངར་གསུམ་ཀླུ་སྨན་དང་ཀླུ་གཟུགས་བཅུག་ལ། དེ་ནས་ས་བདག་ལ་ཞི་ཆོས་བྱ་ཞིང་རྒྱལ་བསེན་ལ་དྲག་ལས་བྱེད་པ་ཡིན་ཡང་རང་ལ་གནོད་པའི་ཀླུ་ཡོད་སར་སོང་ལ་གཏོར་མ་མང་པོ་བཏང་ལ་བདེན་པ་བདར། ཡང་ན་ཁྱིམ་ནས་གཏང་ཞིང་བདེན་པ་བདར། དེ་ལྟར་བྱས་པས་རང་གི་གནོད་པ་ཁད་ཀྱིས་ཞི་ནས་ཡོང་། གཞན་ཡང་གདོན་དེ་ལྟ་བུ་འཇིག་རྟེན་གྱི་གནོད་འགལ་ཅན་འདི་རྣམས་ཡིན། བེ་གར་དང་། རྩང་བཙན་སྲོག་བདག་དང་། བེ་ཐེལ་དང་། སྐར་ཆུང་རྒྱལ་པོ་དང་། སྣ་ཡོན་མ་དང་། བྲག་སྲིན་མོ་དང་། རྩིང་[རྩིས]འགོང་དང་། འབྱུང་པོ་འདི་རྣམས་ཡིན་པས་སྲོག་སྙིང་དུ་མིང་བཅུག་ཅིང་བཟླས། དེ་ནས་གཞན་ཡིན་པའི་ངེས་པ་ཡོད་ན་སྲོག་སྙིང་དུ་མི་བཅུག་ཅིང་བཟླ། བུད་མེད་དང་དུད་འགྲོ་མོ་བྱུང་ན་གཉིས་པོའི་མིང་གཞུག་ཁྱི་དང་བུད་མེད་བྱུང་ན་གཉིས་པོའི་མིང་གཞུག །མཛེ་པོ་བྱུང་ན་རྩིས་འགོང་གི་མི་[མིང]གཞུག །དེ་ཡང་དང་པོ་འཚམས་[མཚམས]འགོ་ལ་ཟླ་བ་གཅིག་ཙམ་སྲུངས་གཅིག་པ་ལ་ལ་སྟོང་ཚོ་དྲུག་དྲུག་བདུན་བདུན་ཙམ་བཟླ། སྲོག་སྔགས་གསུམ་མིང་འཇུག་གཅིག་པ་ལྔ་བརྒྱ་དྲུག་བརྒྱ་ཙམ་རེ་བཟླ། དེ་ནས་བཟླས་པའི་འཐབ་པ་ཡིན་པས་ན་སྒང་ལ་ཟླ་བ་ཕྱེད་དང་གཉིས་ཙམ་དུ་སྲོག་སྔགས་གཙོར་བྱས་ལ་མིང་འཇུག་བཞི་བཅུག་ལ་ཉིན་མཚན་འཕྲུགས་རེ་ལ་སྟོང་ཚོ་གསུམ་གསུམ་ཙམ་བཟླ་ཐོན་ནས་ཟླ་བ་ཕྱེད་ཙམ་ལ་སྲུངས་གཅིག་པ་ཤ་སྟག་བཟླ། སྲུངས་གཅིག་པ་ལ་སྟོང་ཚོ་རེ་རེ་ཙམ་བཟླ། ཐོན་ནས་སྟོང་ཚོ་བཞི་བཞི་ཙམ་ཡང་བཟླ། སྲུངས་གཅིག་པ་ལ་སྟོང་ཚོ་རེ་རེ་ཙམ་ཡང་བཟླ་དྲག་ལས་བྱེད་འདོད་ན་བཟླས། དེས་མ་ཐུལ་ན་སྲོག་སྔགས་ཕྱུངས་[ཕྱུང]ལ་མི་[མིང]འཇུག་ཀྱང་རང་ལ་གཞུག །གསུམ་ཐུམ་རིལ་ལ་མིང་འཇུག་རྣམས་བཅུག་ལ་སྲོག་སྔགས་ལ་གཤམ་[ཤམ]བུ་བཏགས་ལ་སྔགས་གཉིས་སྲོག་སྔགས་འདི་བཟླས་གནོད་བྱེད་འདི་མ་ར་ཡ་ཛ་ཛ་སྤེལ་ལ་ཡི་དྭགས་ལ་བརྒྱ། དེ་ཟླ་བ་ཙམ་མི་དགོས། ཟླ་བ་ཕྱེད་ཙམ་གྱིས་ཐག་ཆོད་དེ་འོང་། བཟླས་སྔགས་རིང་བས་འདི་མང་པོ་ཁ་ན་མི་ཐོན་པ་ཐོན་ཚད་ལས་མེད།
དེ་ནས་རྨི་ལམ་དང་ཤེས་པའི་ཁྱད་པར་དང་། ལུས་ཀྱི་རོ་ཉོག་ཉོག་འདུག་ན་ཐུབ་པ་ཡིན་ན་ཚ་དང་རྨི་ལམ་ཆོ་འཕྲུལ་དང་རོར་[རོ]ཉོག་གིས་སོང་མ་སོང་དང་། བཟླས་པ་མངས་ནས་མི་བདེ་བ་སྙམ་བྱེད་དེ་ཡང་མང་ན་ཕྱེ་འབྲེད་མི་བདེ་བར་འོང་བ་ཡིན། སྔ་དྲོ་བདེ་བ་ཡིན། དེ་རྣམས་དང་སྦྱོར་བས་སྲོག་སྔགས་འུབས་ཀྱིས་མི་བརྒྱ་ཙམ་དབྲི་བར་ཁ་སྨད་ལ་བརྟག་པ་བྱས་ལ། བདེ་བ་བཙལ། སྲོག་སྔགས་འུབ་ཀྱིས་ཕྲི་ན་མང་ཁོ་མི་ཐུབ་བོ། །ཡང་ན་ཡང་ལྡོག་[བཟློག]སྲིད་པས་ཚོད་ལ་ལེན་པ་ཡིན་པས་བཟླ། ཡར་སྣོན་མར་དབྲི་བྱེད་ཤིན་བདེ་ས་བཙལ། ལར་དེ་ཙམ་ན་སློབ་དཔོན་བས་རང་ཉམས་ཆེ་བ་ཡིན། མངས་ན་མི་བདེ་བ་སྙམ་བྱེད་ན་སྲོག་སྔགས་དབྲི་སྲོག་སྔགས་མང་བར་བྱུང་ན་ལེན་[ལན]གཅིག་དབྲི་སྙམ་པ་རང་གིས་ཀྱང་བདེ་སྟེ་འོང་བ་ཡིན། ཉུངས་ན་ནི་མི་བདེ་བ་སྙམ་བྱེད་ན་ནི་ཡར་བསྣན་ལ་བཟླ། སྲུངས་གཅིག་པ་ལ་མང་དུ་བཟླ། དེ་ནས་ཐུལ་ནས་སྲུངས་ཅིག་པ་ལ་ཤ་སྟག་བཟླ། སྲོག་སྔགས་མི་འཇུག་བཞི་པ་ལ་གནོད་པ་ཆེ་ཆུང་ན་ཙ་[ཚ]རྨི་ལམ་གྱིས་ཆོ་འཕྲུལ་དང་སྦྱར་ལ་ཉིས་བརྒྱ་སུམ་བརྒྱ་ཙམ་མང་ན་ལྔ་བརྒྱ་དྲུག་བརྒྱ་ཞག་འགའ་རེ་ཙམ་རེ་བཟླ། ལར་ཞིར་[ཞི]བར་བྱ།
དེ་ནས་དྲག་པོར་བྱེད་འདོད་ན་ཀླུ་གཟིར་དྲག་པོར་བྱས་ལ་སྲོག་སྔགས་བཟླས་ཏེ་དེ་ནི་དྲག་ལས་ཡིན། རང་ཡི་དམ་བཅོམ་ལྡན་འདས་མི་གཡོའ་བར་ཀྲོང་གིས་བསྐྱེད་ལ། དེ་ནས་དྲག་པོའི་ལས་ཀྱི་སྦྱོར་བའི་ས་རྐང་མཐིལ་གཉིས་དང་། མགྲིན་པ་དང་། འདོམས་དང་ལུས་ཀྱི་གནད་དེ་བརྒྱད་དུ་ཡི་གེ་རམ་རེ་རེ་ཙམ་བསམ་ལ། རམ་ལས་མེ་གྲུ་གསུམ་རེ་རེ་བསྐྱེད་ལ། དེའི་ནང་དུ་གནོད་བྱེད་ཀྱི་ཚོགས་མ་ལུས་པར་བསྲེགས་དྲག་པོ་འདི་སུ་ཐོད་ཐོད་ཀྱིས་བཟླས་སུ་མི་རྟེན་པ་ཡིན་པ་ལ་པར་བསམ་ཞིང་གསད་[གསང]སྔགས་རྒྱལ་བསེན་ཕྱུངས་[ཕྱུང]ལ་ཤམ་བུ་མི་འཇུག་རངས་པ་རྣམས་དང་བཅས་པ་བཟླ་རང་ལྷར་འདུག་པའི་ལུས་མཚོན་དང་ཉུངས་ཀར་ལ་སོགས་པའི་མཚོན་མ་རྣམས་ཀྱིས་གནོད་བྱེད་ལ་བརྟག་པའི་ཁྲོ་བོའི་སྤྲུལ་པ་དཔག་ཏུ་མེད་པ་འཕྲོ་བསམ་ཞིང་གསད་[གསང]སྔགས་བཟླ། དེ་ལྟར་བྱས་ན་མྱུར་དུ་གནོད་པ་སོས་ཏེ་འོང་། ཁ་དྲག་པོ་འདི་སུ་ཐོད་ཐོད་ཀྱིས་བཟླས་སུ་མི་ཉན་པ་ཡིན་བཟླས་པ་ལ་གཅིག་ལ་འདི་ཟླ་བ་གཅིག་ཙམ་ཚེགས་མེད་པར་འདུག །ད་བསྲུང་འཚམས་[མཚམས]ཉམས་ནས་ཁམས་ལོག་ན། བསྲུང་མཚམས་ཉམས་པའི་དམ་ཚིག་ཉམས་པ་བསྐང་བའི་བསམ་པས་རང་ཁྲུས་བྱས་ལ། དེ་ནས་མདུན་གྱི་ནམ་མཁའ་ལ་བླ་མ་དང་ཡི་དམ་སྤྱན་དྲངས་ལ། དེ་གཉིས་ལ་ཕྱག་འཚལ་མེ་ཏོག་གཏོང་ལ། བདག་གི་བསྲུང་མཚམས་ཉམས་པ་འདི་ཁྱེད་ལ་བཟོད་པར་གསོལ་ཞེས་ལེན་[ལན]གསུམ་བརྗོད། དེས་ཀྱང་ཁམས་ལོག་པ་དེ་སོར་ཆུད་དེ་འོང་།
ད་ནད་པ་ལ་བཟླས་པའི་ལུང་འབོགས་ན། ནད་པ་དང་ཡི་དྭགས་དེ་གཉིས་དུམ་བྱ་སྙམས་[སྙམ]པའི་བསམ་པས་འབོགས་པ་ཡིན་ཏེ། དེ་ལྟར་བྱས་ན་མི་འཕྲོ་བ་ཡིན། དེ་ལྟར་མ་བྱས་པར་ཡི་དྭགས་དེ་ལ་བཏགས་ན་ཁོས་རང་ལ་གནོད་པ་བྱེད་དོ། །གཞན་གྱི་སྔགས་མཁན་བྱེད་ནས་ཡི་དྭགས་གནོད་པ་ལ་སྔགས་འདེབས་པ་ན། ཡི་དྭགས་ལ་འདེབས་པ་ནད་པ་ལ་འདེབས་པ་ཡིན། ཡི་དྭགས་ལ་བཏབས་[བཏབ]ན་རང་ལ་འཕྲོ་བ་ཡིན། ནད་པ་གཉིས་ཁྱིམ་གཅིག་ཏུ་ཐབས་ཀྱི་མ་ཐུན་ན་འདུག་དགོས་ན། ཁོང་རང་གཉིས་ཕན་ཚུན་གཅིག་ལ་གཅིག་མི་གནོད་པའི་ཐབས་ལ། ཁྱེད་རང་གཉིས་ཚེ་ཐོག་མ་མེད་པ་ནས་གནོད་བྱེད་གནོད་བྱེད་དུ་གྱུར་པ་ཤ་མཁོན་ཤ་མཁོན་ཅན་དུ་གྱུར་པ་ཡིན་པས། ཁྱེ་རང་དང་འཐོབས་[ཐོབ]ཅིག །ང་དང་ཁྱེད་གཉིས་ལ་ཅིའི་འབྲེལ་བ་ཡང་མེད་དོ། །ཞེས་ནུབ་རེ་རེ་བཞིན་དུ་དེ་ལྟར་བརྗོད་དོ། །
ཁོང་གཉིས་ཀྱི་ཡི་དྭགས་གཅིག་ན་ཁྱིམ་གཅིག་ཏུ་བསྡད་ཀྱང་མི་སྟོ་མི་གནོད་པ་ཡིན། ཡི་དྭགས་མི་གཅིག་ན་བསྡད་དུ་མི་བཏུབ་པ་ཡིན། གཅིག་ལ་གཅིག་ཕན་ཚུན་གནོད་པ་ཡིན། སྔར་གྱི་ཐབས་དེ་བྱ། དང་པོ་མཚམས་བཅད་ནས་བཟླས་པ་བྱེད་པའི་ས་བདག་གཞི་ཡིན་ཡང་རུང་། གྲང་གསེབ་ཡིན་ཡང་རུང་། ས་ཕུག་ལ་སོགས་པ་ཡིན་ཡང་རུང་སྟེ། སྔར་འགྲས་པར་བེ་གར་དང་བསེན་མོ་དང་ས་བདག་གནོད་པ་ཡི་དྭགས་ཡོད་པའི་སར་མི་བསྡད། དེར་མཚམས་མི་བཅད། ཡི་དྭགས་མེད་པའི་ས་གཅིག་ཏུ་འཚམས་[མཚམས]བཅད་དགོས་པ་ཡིན། ཡི་དྭགས་ཆེ་སར་བསྡད་ན་རང་ལ་ཡོད་པའི་སྙིང་བསྣོན་བཏབས་[བཏབ]ནས་དེའི་གྲོགས་བྱ་ཐབས་སུ་སོང་ནས་སྔར་བེས་ཐུར་སྔར་བེས་[བས]འབར་དཀའ་ཞིང་འགྲོ་བ་ཡིན་གསུང་[གསུངས]།
དེ་ལྟ་བུ་མ་རྙེད་ན་ཡང་བག་ཙམ་དགས་ཆུང་སར་བསྡད་ལ་བཟླས་པ་བྱ་གསུང་། ས་གཉན་ས་ན་ཕར་ལ་འགྲོ་དགོས་པའི་དོན་བྱུང་ན། དམིགས་པ་གསལ་[བསལ]བར་བྱས་ནས་བཟླས་པ་བྱས་ཀྱིན་ཟང་ངེ་འགྲོ་བ་ལ་ཉེས་པ་མེད། ཁོ་རང་བྲེད་ནས་འབྲོས་པ་ཡིན། དེར་བསྡད་ནས་བཟླས་པ་བྱེད་མི་རུང་། བཟླས་པ་བྱེད་པའི་དུས་སུ་རྨི་ལམ་བཟང་ངན་ཅི་བྱུང་ཡང་། ཤེས་པ་དེ་ལྟར་འཁྲུལ་པ་ཡིན་སྙམ་ནས་བཟླས་པ་བྱས་པས་ངན་པ་དེ་བཟློག་ནས་འོང་། རྨི་ལམ་ངན་པ་ཡང་ན་ས་རབ་རིབ་ལ་ཟློས་པ་ལ་ང་ལ་རྨི་ལམ་ངན་པ་གཅིག་བྱུང་བྱས་པས་ངན་པ་ཟློག་ཏེ་འོང་བ་ཡིན་དེ་བཟང་པོའི་ཁྱད་པར་དུ་འགྲོ་བ་ཡིན། ལུས་བྱིན་དུ་ནི་བདེ་ཁ་གདོང་མི་བདེ་ན། གྲེ་བ་ནས་མེ་བྱུང་བས་ཁ་གདོང་ཡས་[ཡན]ཆད་གཞོབ་ཏུ་བསྲེགས་པར་བསམ་ལ་བཟླས་པ་བྱ།
ཡང་གྲེ་བ་ནས་སྔགས་ཀྱི་ཡི་གེ་བྱུང་བས། མེ་གསེབ་ཏུ་ཐིམ་པར་བསམ་ཞིང་བཟླས་པ་བྱས་པས་དེས་ཁ་གདོང་གི་ནད་སོས་ཏེ་འོང་། ཡང་ལུས་བྱིན་དུ་མི་བདེ་ན། ཡི་དྭགས་ཀྱིས་བྱས་ནས་གསུས་པ་འཕྱང་ན་བཤང་བའི་སྒོར་ཡི་གེ་རམ་གཅིག་བསམ་ལ། དེ་ལས་མེ་བྱུང་བས་སྐེ་རག་[རགས]བཅིངས་པ་མན་ཆད་གཞོབ་ཏུ་བསྲེག་པར་བསམ་ཞིང་། བཟླས་པ་བྱས་ཀྱང་འཕྲོ་བཅད་དེ་མ་རང་མི་དང་མ་འཕྲད་པར་འཚམས་[མཚམས]གཡོག་ལ་སྨན་པ་དྲིར་བཅུག་ལ་བྱ་ཆད་ན་ཡི་དྭགས་མན་ནད་ཡིན་པས་སྨན་གྱིས་བཅད་དོ།།
འཁོར་ནང་འཁོར་དང་ཕྱི་འཁོར་ཡང་སྐྱོང་ནད་པའི་སྲུངས་པ་ཡང་བྱེད་ན། ནད་པ་དེའི་ཡི་དྭགས་འཁོར་ལ་འཕྲོ་བ་ཡིན་པས། དེ་ལ་མ་ཚུགས་ན་འོག་རྟ་ལ་འཕྲོ་བ་ཡིན། དེ་ལ་མ་ཚུགས་ན་ར་བའི་ཕྱུགས་ལ་འཕྲོ་བ་ཡིན། ཐ་ན་ཁོས་བཅུགས་[བཅུག]དང་འཕྲ་བ་ཚུན་ཆད་བྱས་ནས་འཐབ་ཏུ་འཇུག །ཚེ་འདི་ལ་མ་ཚུགས་ན་བར་དོར་དེར་ཡང་མ་ཚུགས་ན་ཚེ་ཕྱི་མ་ལ། ཞི་གནག་ནས་གནོད་པ་བྱེད་པའོ། །གནོད་པ་ཕྱོགས་མཐའ་དག་ནས་བསྐྱལ་དུ་འོང་བ་ཡིན་པས་མི་ཚུགས་པར་བྱ་བའི་མན་ངག་ལ། རང་གི་ཕྱོགས་མེ་ཕུང་འབར་བ་གཅིག་ཏུ་བསྐྱེད་ལ། འཁོར་རྟ་དང་ཕྱུགས་དང་རང་བསྲུང་བར་འདོད་པ་ཐམས་ཅད་མེ་དཔུང་འབར་བའི་གསེབ་ཏུ་བསྐྱེད་ལ། དེ་ནས་སྔགས་ཡང་ན་རང་གི་འཁོར་དུ་གཏོགས་པ་ཞེས་བྱ་ལ་བདག་གི་འཁོར་དུ་གཏོགས་པ་རྣམས་ཀྱིས་སྲུངས་གཅིག་པའི་མི་བཅུག་ལ། ནུབ་རེ་བཞིན་དུ་སུམ་བརྒྱ་བཞི་བརྒྱ་ཙམ་རེ་བཟླ། དེ་ལྟར་བྱས་པས་ཡི་དྭགས་ཀྱི་ནུས་པའི་མཐུ་རྡུགས་ནས་མི་ཚུགས་པ་ཡིན་གསུང་[གསུངས]། ཡང་ན་ལུགས་གཉིས་པ་ཆོས་སྐྱོང་བའི་བསྲུང་མ་རྣམས་ལ་གཏོར་མ་གཏོང་ཕྲིན་ལས་བཅོལ། ཆོས་སྐྱོང་བའི་སྲུངས་མ་དམ་ཅན་རྣམས་ཀྱིས་བདག་གི་འཁོར་དུ་གཏོགས་པ་རྣམས་ལ་སྲུངས་པ་དང་བསྐྱབ་པ་དམ་པ་མཛོད་གཅིག་པའི་འཕྲིན་ལས་ཞུ། འདིས་ཀྱང་འཁོར་བསྲུང་བ་ཡིན། ལར་རང་ནུས་མ་རྫོགས་པར་མིའི་བསྲུང་བ་མི་བྱ། རང་དང་འཁོར་དང་ནད་པ་དང་བཅས་ནས་གཏན་བརླག་སྟེ་འགྲོ་བ་ཡིན། ད་རང་ནད་པའི་བསྲུང་བ་བྱེད་འདོད་ན། རང་ལ་མི་འཕོ་བའི་མན་ངག་རང་ཡི་དམ་ལྷའི་བསྐྱེད་རྫོགས་གཉིས་ལ་བརྟེན་ན་མི་འཕྲོ་བ་ཡིན། རྣམ་རྟོགས་[རྟོག]བཅོམ་ན་སྟོང་པ་ཉིད་རྒྱུད་ལ་སྐྱེས་ན་མི་འཕྲོ་བ་ཡིན། བྱང་ཆུབ་ཀྱི་སེམས་བརྟན་པོ་ཡོད་ན་མི་འཕྲོ་བ་ཡིན། ནད་པ་དང་ཡི་དྭགས་གཉིས་བདག་གིས་དུམ་བྱ་སྙམས་[སྙམ]པའི་བསམ་པས་ཡི་དྭགས་ལ་གཏོར་མ་སྦྱིན་ཅིང་བདེན་པ་བདར་ན་མི་འཕྲོ་བ་ཡིན།
དེ་ལྟར་བྱས་པར་རང་ལ་ནུས་པ་མེད་པར་ཡི་དྭགས་ལ་དྲག་བཏག་བྱས་ན་ཁོ་ཚིག་པ་ལོག་ནས་ཚུལ་[ཚུར]ནད་པ་དེས་གོན་པའི་གོས་དང་རང་གི་གོས་འདྲེས་པར་མི་བྱ་དེའི་མལ་དུ་མི་ཉལ་དེའི་ཁ་འཕྲོ་དང་། དེའི་ཕ་འཕྲོ་མི་བཟའ་བར་བྱ་འདྲེས་ན་རང་ལ་གནོད་པ་ཡིན་པས་དེ་དག་བསྲུང་བ་མན་ངག་ཡིན་ནད་པ་མི་གཙང་བ་ཡིན་པས་ཆོས་སྐྱོང་མི་གཙང་བ་ལ་སྡར་བས་རང་ལ་མི་ཚོགས་པས་མི་གཙང་བ་ལ་འཛེམ་པ་གལ་ཆེ་བར་བྱ་ཁྲུས་ལ་བརྩོན་པར་བྱ། ནས་པས་ཀྱང་གཞན་གྱིས་ལྷག་མ་ཟོས་ན་སྔགས་མི་འགྲུབ་པས་ན་མི་བཟའ་འོ་རྒོལ་བ་ཡིན་གསུང་[གསུངས]། སྤྱིར་སྔགས་གཉིས་བློ་ལ་ཡོད་པ་རང་གིས་ཀྱང་འཕྲོ་མི་ནུས་པ་ཡིན་གསུང་[གསུངས]། དེ་ནས་ཀྱང་འཕྲོ་བར་དགོས་ན་རང་དམིགས་པ་གསལ་[བསལ]པོ་བྱས་ནསརང་གི་མིང་བཅུག་ལ་སྲུངས་ཅིག་པ་ལ་ནུབ་རེ་བཞིན་ཉིས་བརྒྱ་སུམ་བརྒྱ་ཙམ་རེ་བཟླ། སྲོག་སྔགས་བརྒྱ་ཚོ་ཙམ་རེ་བཟླ། དམིགས་པ་གསལ་[བསལ]བ་རང་གིས་ཀྱང་མི་འཕྲོ་བ་ཡིན། དེ་ལྟར་བྱས་པས་འཕྲོ་ཡིས་དགོས་པའི་སྡུག་བསྔལ་བྱ་མི་དགོས་པ་ཡིན། རང་གི་ལོ་ཀག་དེ་བཟློག་པའི་བཟླས་པ་བྱ་ཐབས་ལ་བབ་[བབས]ན་ལོ་ཀག་ཟ་མའི་སྐག་ཆག་ཆེན་ཉམས་[ཉམ]ང་བ་ཐམས་ཅད་ཕྱིར་ཟློག་གཅིག་ཟློག་གཅིག་བྱས་ལ་བཟླ། རྨི་ལམ་ངན་པ་དང་བདག་གི་རྨི་ལམ་ངན་པ་དང་མོ་ངན་པ་ཕྱིར་ཟློག་གཅིག་བྱས་ལ་བདག་གི་ལོ་ཉེས་དང་ཕྱུགས་ཉེས་དང་བཀྲ་མི་ཤིས་པ་བཟློག་པ་ལ་ཡང་དེ་བཞིན་བྱ། བཀྲ་ཤིས་དང་བདེ་ལེགས་ཐམས་ཅད་བདག་ལ་སྲུངས་གཅིག་བཅུག་ལ་བཟླ།
མདོར་ན་འདོད་པ་ཐམས་ཅད་སྒྲུབས་གཅིག་པ་བཅུག་ལ་བཟླ། མི་འདོད་པ་ཐམས་ཅད་ལ་ཟློགས་གཅིག་བཅུག་ལ་བཟླ། དེ་མན་ངག་ཡིན་གསུང་[གསུངས]། རང་ལ་སྔགས་པའི་ལྷ་འདྲེའི་སྦོད་[རྦོད]གཏོང་བྱེད་པ་ཡོད་ན་དམིགས་པ་ཐ་མའི་ཁྲོ་བོར་བསྐྱེད་ལ། རང་གི་སྙིང་ཀའི་ས་བོན་གྱི་ཡི་གེ་ལ་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས། སྔགས་པ་དེའི་སྙིང་ཀ་ནས་འོད་ཟེར་གྱིས་དྲངས་ནས་རང་གི་མདུན་དུ་བཀུག་ལ། དེ་ནས་ཁོའི་ལྐོག་ཕུག་གི་ལྕེའི་འོག་ཏུ་ཙཀྲ་གཅིག་བསྐྱེད། དེའི་ཐོག་ཏུ་གསེར་གྱི་ཙཀྲ་གཅིག་བསྐྱེད་ལ། དེ་གཉིས་ཀྱི་བར་དུ་ལྕེ་འཐེམས་པར་བསམ་ལ། དེའི་སྟེང་དུ་གསེར་གྱི་རྡོ་རྗེ་བསྣོལ་མ་གཅིག་བསྐྱེད་ལ། དེ་རྣམས་ཐམས་ཅད་གཅིག་ཏུ་བསྡོམས་ལ་ལྕགས་ཕུར་ཟུག་གསུམ་པ་གཅིག་གིས་གཟེར་བཏབས་[བཏབ]ཡིད་ཀྱིས་ནན་ཆགས་དམ་པར་བྱ། དེ་ནས་ཡང་ཁྲོ་བོའི་དམིགས་པ་མ་ཤོར་བར་བྱས་ལ། ལག་པ་གཡས་པར་རལ་གྲི་བསྐྱེད་ལ། ཁོའི་གཉན་པ་རལ་གྲིས་ཁོའི་ལྕེ་རྡོག་པོར་སོང་ནས་བཟླས་པ་བྱེད་མི་ཉན་པ་ཡིན་ཁོའི་ལྷ་འདྲེ་རང་ལ་དྲག་པར་གནོད་ན་དམ་པར་བཅད་ལ་བཟླས་པ་བྱའོ་གནན་ནོ།།
ལག་པ་གཡོན་པའི་མཛུབ་མོ་ལྕགས་ཀྱུར་བསྐྱེད་ལ། དེས་ཁོའི་སྙིང་ཕུགས་ལ་བཟུང་། ལག་པ་གཡོན་པར་ཞགས་པ་བསྐྱེད་ལ། ཞགས་པས་འགའ་མིག་ཏུ་བཅུགས་[བཅུག]ལ། བཟུང་ཤིན་ཏུ་འདར་བ་འམ་ཁ་ནས་ཁྲག་སྐྱུག་པར་བསམ་ལ། དེ་ནས་དམིགས་པ་གཏན་[གཏད]པར་བྱས་ལ། ཨོཾ་ཙན་དྷ་མ་ཧཱ་རོ་ཤ་ན་བདག་ལ་གཞན་གྱི་ལྷ་འདྲེའི་སྦོད་[རྦོད]གཏོང་དང་སྔགས་བྱད་དང་། གཏད་ཀ་དང་ཀླུ་གདོན་གྱི་གནོད་པ་ཐམས་ཅད་ཕྱིར་ཟློག་གཅིག་ཟློག་གཅིག །ཨོཾ་སྤུ་ཏ་སྤུ་ཏ་མ་ཧ་ཀྲོ་དྷ་ཧཱུཾ། ཚ་ཏི་ཚ་ཏི་སྤོ་ཏ་ཡ་ཧཱུཾ་ཕཊ་སྭཱཧཱ་ཧཱུཾ་ཕཊ། མན་ངག་འདི་ཁོངས་སུ་ཆུད་ནས་སྔགས་པ་དང་འགྲས་རུང་མ་འགྲས་རུང་འདྲ་སྟེ། རྨི་ལམ་ན་ཡི་དྭགས་ངོས་བཟུང་བའི་ཐབས་ལ། བེ་ཐེའུ་གནོད་ན་རྨི་ལམ་ན་བཙུན་པ་དང་། བུ་ཆུང་དང་ཁྱི་དང་སྤྲེའུ་དང་། སྤྱང་ཀུ་དང་ལྔའོ། །འབེལ་ཐེའུ་གདོན་ན་ལྷ་ཁང་དང་འབག་དང་སེང་གེ་དང་སྤྱང་ཀུ་དང་དྲེའུ་དང་ལྔའོ། །རྩང་བཙན་གདོན་ན་ར་ཕོ་ཞོན་པ་དང་ར་སླག་[སློག]གྱོན་པ་དང་གསུམ་འོང་། རྩིས་འགོང་གདོན་ན་བཙུན་པ་དང་། མཛེ་ཕོ་དང་། མི་ངོ་འབྲུམ་ཅན་གསུམ་འོང་། སྣ་ཡོན་མ་དང་བྲག་སྲིན་མ་གཉིས་གདོན་ན། བུད་མེད་ཀྱི་ཚོ་འཕྲུལ་སྣ་ཚོགས་འོང་། ས་བདག་གདོན་ན་སྡིག་སྦྲུལ་ལ་སོགས་དུད་འགྲོ་སྣ་ཚོགས་འོང་། རྨི་ལམ་དུ་དེ་ལྟར་ངོ་ཤེས་པར་བྱས་ལ། སྲོག་སྙིང་དུ་དེ་ལྟར་ངོ་ཤེས་པར་བྱས་ལ། སྲོག་སྙིང་དུ་མིང་སྤྲེལ་ཞིང་དུ་བཟླ། ལར་ཡི་དྭགས་ངོས་མ་ཟིན་ན་དཀའ་བར་འདུག་པས། མོ་མ་རྣོན་པོ་རྫུན་མི་ཟེར་བ་ལ་མོ་བཏབས་[བཏབ]ན་ངོས་ཟིན་པ་སྲིད། ངོས་ཟིན་ན་དགྲལ་སླ་བ་ཡིན། དེ་ལྟར་བྱས་ཀྱང་ངོ་སྦས་ནས་ངོས་ཡེ་མ་ཟིན་ན་ང་ལ་ས་བདག་འདི་གནོད་དེ་སེམས་དཔའི་ཡོད་ན། ས་བདག་དེ་བཀུགས་[བཀུག]ལ་མདུན་དུ་ཡིད་ལ་བྱས་ལ། དེ་ནས་དམིགས་པ་གསལ་[བསལ]བར་བྱས་ལ། ས་བདག་ལ་དམིགས་པ་གཏད་ལ་བསྲུང་གཅིག་པ་རངས་པར་བཟླས་པས་དེ་ཡིན་ན་སྙིང་མི་དགའ་ཕྱོལ་གྱིས་འགྲོ་བ་ཡིན། ཚིག་པ་ཟ་ལོངས་ཀྱིས་འགྲོ་བ་ཡིན་པས་ཤེས་པ་འཁྲོལ་གྱིས་འགྲོ་བ་ཡིན། དེ་ལྟར་བྱུང་ན་ཞི་ཆོས་བྱ། འཇམ་ཆོས་བྱས་ན་མོད་ལ་གནོད་པ་སོལ་ཏེ་འོང་བ་ཡིན། དེ་ལྟར་བྱས་པས་དེ་ཙུག་མ་བྱུང་ན། དེ་མན་ནས་གཞན་དགོས་པ་ལྟ་བུ་ཡོད་ན་གོང་ལྟར་ངོས་བཟུང་ལ་ཆོ་ག་གོང་མ་ལྟ་བུ་བྱའོ།།
དེ་ལྟར་བྱས་ན་ངོས་མི་ཟིན་མི་སྲིད་པ་ཡིན། རང་ལ་རྒྱལ་བསེན་གནོད་ནས་གང་ཡིན་ངོས་མ་ཟིན་ན། ང་ལ་ས་ཕྱོགས་འདི་ནས་གནོད་དམ་སྙམ་པའི་གནོད་པའི་རྒྱལ་པོ་དང་བསེན་མོ་དེ་ཡིན་ནམ་སྙམ་པའི་དགོས་[དོགས]པ་ཡོད་ན། དེ་གང་ཡིན་ངོས་གཟུང་བའི་གདམས་ངག་ལ། དམིགས་པ་ཐ་མའི་ཁྲོ་བོར་བསྐྱེད་ལ། དེ་ནས་རང་གི་སྙིང་ཀའི་ས་བོན་གྱི་འོད་ཟེར་ལྕགས་ཀྱུ་འདྲ་བ་སྤྲོས་ལ་ཡི་དྭགས་དེའི་སྙིང་ནས་དྲངས་ལ། རང་གི་མདུན་དུ་ཡིད་ལ་བྱས་ལ། རང་གི་དམིགས་པ་གསལ་[བསལ]བར་བྱས་ལ། ཡི་དྭགས་དེའི་སྙིང་སྲོག་སྙིང་བཅུག་ལ། ཁོ་ལ་གཏད་ལ་གསལ་བར་བྱས་ནས་བཟླས་པས་མ་ཡིན་ན་གོང་བཞིན་དུ་འོང་། ཡིན་ན་སྲོག་སྙིང་དུ་མིང་བཅུག་ནས་བཟླས་པས་སོས་ཏེ་འོང་། ཐབས་དེ་བྱས་པས་སྙིང་མི་དགའ་བ་ལ་སོགས་པ་མ་བྱུང་ན་མན་[མིན]པས་མི་རུང་ངོ་། །མེན་[མིན]པར་བརྡུངས་ན་ཡང་རང་ལ་གནོད་པ་བྱེད་དུ་འོང་། དེ་ནས་གཞན་ཡིན་སྙམ་ན་ཡང་གོང་བཞིན་ངོས་བཟུང་། དེ་ནས་བཟླས་པ་གོང་བཞིན་དུ་བྱའོ།།
སྤྱིར་འཚམས་[མཚམས]བཅད་ནས་བཟླས་པ་བྱེད་ཀྱི་བར་ལ་རང་བསྐྱེད་རིམ་བརྟན་པར་བྱས་ལ། རང་གི་སྙིང་ཀའི་ས་བོན་གྱི་ཡི་གེ་ལས་འོད་ཟེར་སྤྲོས་ལ། ཡི་དྭགས་མདུན་དུ་བཀུག་ཅིང་ཡིད་ལ་བྱས་ལ་བཟླས་པ་བྱས། དེ་ལྟར་མ་བྱས་ན། བཟླས་པ་བྱེད་ཀྱི་རིང་ལ་ཁོ་བྲོས་ནས་མི་གནོད་པ་བཞིན་བྱས་ནས། འཕྱིས་བཟླས་པ་འཕྲོ་བཅད་ཙམ་ན་གོང་[གང]ནས་འོང་ཆ་མེད་པར་གནོད་པ་ཡིན། སྐྱེས་བུ་ནད་པ་གསོ་བ་ཡང་དཀའ་མོར་གདའ་འོ། །དང་པོ་འཚམས་[མཚམས]བཅད་མ་ཐག་ཏུ་ནད་པ་དེ་ན་ཚ་ཡང་ཆུང་། ཤེས་པ་ཡང་སོས་ཏེ་འོང་བའི་རྟགས་བདེ། ཁམས་ཀྱང་བདེ་སིང་ངེ་འོང་བ་སྙམ་བྱེད་པ་གཅིག་དགོས་པ་ཡིན་གསུང་[གསུངས]།
དེ་ནས་བཟླས་པ་སྒང་ལ་བབ་[བབས]ཙམ་ན་ཚ་ཡང་ཆེ་རྨི་ལམ་དུ་ཆོ་འཕྲུལ་ཡང་ཆེ། མིག་ཡི་དྭགས་དེ་ཡང་ཕྱི་མ་ལ་འོང་བའི་རྟགས་ཡིན་ཚུམ་ཚུམ་[བཙུམ་བཙུམ]བྱས་མ་བྱས་ཆ་མེད་པར་ཟིང་ཟིང་དུ་འཛིང་དུ་འོང་བ་ཡིན། རང་གི་སེམས་ལ་ཡང་བཟླས་པས་ཡི་དྭགས་བཟླས་པའི་སྒོང་[གོང]ལ་ཁོ་དུ་འཐབས་པས་བསླངས་སྙམ་པ་གཅིག་དགོས་པ་ཡིན། དེ་ནས་ཞག་འགའ་ལ་ན་ཚ་རྨི་ལམ་དང་ཆོ་འཕྲུལ་འཕྲི་ནས་ཡང་ཆུང་དུ་སོང་། ཤེས་པ་ཡང་བདེ་སྙིང་དགའ་ཡས་ཡས་བ་གཅིག་དགོས། ལུས་ཀྱང་ཡང་དང་ཀ་ཡང་བདེ། རྒྱུ་བ་ཡང་གྲིམས་སྙིང་ཡང་དགའ་སོང་ངེ་བྱེད། གཉིད་བྱས་ཀྱང་གཉིད་མི་བྲོ་བར་བཟླས་པ་སྐྱེན་མི་བྲོ་བར་བཟླས་པ་ཉིན་པྲིལ་པྲིལ་བྱས་ཀྱང་ཆད་པ་མེད། མཚན་ཡལ་ཡལ་བྱེད་སྙིང་ཕྱིར་ལ་ཇེ་འདོད་ཇེ་འདོད་བྱེད། སྔར་བེས་[བས]བདེ་བ་འོང་གཙང་སང་ངེ་ཡང་ཕྱོད་དེ་བྱེད་གདོས་པ་ཡིན། རྟགས་དེ་རྣམས་ཚང་ན་འཚམས་[མཚམས]འདོན་རན་པ་ཡིན་ནད་པ་དེ་སོས་ཏེ་འོང་གསུང་[གསུངས]། མི་སོས་པའི་རྟགས་ནི་དེ་ལ་[ལས]བཟློག་[ལྡོག]པ་ཤེས་པར་བྱའོ། །ཤ་ནག་ཚོས་ཚོས་པ་དྲི་ལ་སོགས་པ་དང་གཉེར་ཆུང་ལེབ་ཀྱིས་སོང་བ་ན་ཕོལ་མིག་ཡིན་པས་དེ་རྣམས་མི་སོས་ཡི་དྭགས་དང་པོ་གང་ནས་ཞུགས་ཀྱི་ཞུགས་པ་ནི་ངེས་མེད་པས་གང་ནས་ཞུགས་ཀྱང་བསྲུང་བ་བྱ་དེ་དང་པོ་ལྡག་ཞུ་ནས་ཞུགས་ནས་ཐ་མ་སྲིན་ལག་ནས་འབྲོས་པ་ཡིན། ཁམས་བདེ་ཙམ་ན་རང་བཞིན་གྱིས་སྙིང་དགའ་བར་ཆ། སེམས་དཔའ་ཆེར་བྱེད། དེ་ཙམ་ན་རེས་འགའ་དགའ་རེས་འགའ་མི་དགའ་བ་དང་། སེམས་ཞུམ་པ་འོང་བ་ཡང་མི་ལྟོ་[སྟོ]བ་ཡིན། དང་པོ་གླགས་ཆོགས་ནས་བཟླས་པ་མང་ཉུང་གང་ཡང་རུང་བས་བདེ་མི་བདེ་བར་འོང་བ་ཡིན། དེ་ཁོ་ན་འཕྲོ་མ་བཅད་པར་བཟླས་པས་དང་པོ་བདེ་བའི་ལུས་དང་འདྲ་བར་འོང་བ་ཡིན། དེ་ནས་འཕྲོ་མ་བཅད་པར་བཟླས། ཕྱིས་ཤ་རོ་ཐོན་ཡང་ཤ་སྦྱིན་དེ་བྱས་དབྱར་དགུན་གཉིས་སུ་ཕོར་མི་ཆུད་པར་འོང་བར་འདུག་ཇེ་བདེ་ཇེ་བདེ་ལ་བདེ་ཙམ་ན། འཚམས་[མཚམས]འདོན་རན་པ་ཡིན། དེ་ལ་མ་བཏོན་ན་བཅོས་ཐལ་བ་ཡིན་པས་བརླག་སྟེ་སོང་བ་ཡོད་པ་ཡིན། དུས་ཚོད་དེ་གལ་ཆེ་བ་ཡིན་ནོ།།
དང་པོར་མཚམས་བཅད་ནས་བཟླས་པ་བྱེད་ཙམ་ན། ལུས་ཤ་རོ་ཡོད་པ་དེ་ཕེམ་ཕེམ་ཆེར་འཕེལ་བར་ཆེར་འགྲོ། དེས་འུབས་འུབས་ཆུང་དུ་འགྲོ་བ་ཡིན་དེ་ལ་རྟོག་པ་མེད། དེ་ཙུག་འདུག་ཀྱང་བཟླས་པ་བྱེད་ཀྱིན་སྔགས་ཀྱི་མཆིལ་མས་བྱུག་ཕུས་བཏབས་[བཏབ]པས་ཇེ་ཆུང་ཇེ་ཆུང་ལ་ཤ་རོ་ཐོན་ཏེ་འོང་བ་ཡིན། མ་ཐོན་ཡང་ཆེར་མ་སོང་བར་འདུག་ན་སོས་ཐུབ་ནས་འདུག་ན་སྐྱེད་འབྱུང་བ་ཡིན། ལར་ཡི་དྭགས་གཅིག་དང་དབལ་ན་ཤ་རོ་དེ་མ་སོས་ཀྱང་མི་ལྟོ་[སྟོ]སྟེ། དེས་གནོད་པ་མི་སྐྱེལ། ཡི་དྭགས་དང་མ་བྲལ་ན་ཤ་རོ་མེད་ཀྱང་གྲོགས་མེད། ཤ་རོ་བསལ་དཀའ་བ་ཁ་ན་མེན་[མེད]། ཤ་འཕྲིགས་ཀྱང་བསལ་དཀའ་བ་ཁ་ན་མེན་[མེད]། ཡི་དྭགས་ཤེས་པ་ལ་ཞུགས་པ་ཁ་ན་བསླང་དཀའ། ཡི་དྭགས་དེས་ཤེས་པ་བསྒྱུར་ནས་བཟླས་པ་བདག་གི་མི་འཕོའ་བར་འོང་རྒྱལ་བསེན་ཡིན་ན་གར་དགར་དགར་འཕོ་ཞིང་འཕྲིག་པ་གཤའ་མ་བྱེད་མི་སྟེར། བཟླས་པ་མ་ཐེམ་ན་མི་ཐུབ། ཤེས་པ་ལ་ཞུགས་པའི་རྟགས་ནི། རོ་རྒྱབ་གཟེར་ནས་ན། གློ་སྙིང་མི་ཐུབ་པར་ཁར་ཙངས་ཙངས་པར་འོང་བ་ཡིན། ཤེས་པ་གཅུར་ཧྲིལ་ཧྲིལ་རྒྱལ་བསེན་གྱི་ནད་ཡིན་ཏེ་འོང་བ་ཡིན། ཡི་དྭགས་ཀྱི་གནོད་པ་ཆེ་བ་ཡིན་པས་སུས་སུ་མི་ཕོལ་བ་ཡིན། ར་དེ་ལ་རང་འཁྲུས་བྱས་ལ་ལམ་དུ་དཀྱིལ་ཀྲུང་[དཀྲུང]ལེགས་པར་བྱས་ལ། དེ་ནས་ཡིད་ཀྱིས་རང་གི་རྩ་བའི་བླ་མ་མདུན་གྱི་ནམ་མཁའ་ལ་རང་གི་སྤྱི་བོར་སྤྱན་དྲངས་ལ། དེ་ནས་བླ་མ་རང་གི་སྤྱི་བོ་ན་མར་ཐིམ་ནས་རྐང་མཐིལ་གཉིས་སུ་ཐོན་ནས། དེ་ནས་བླ་མ་མདུན་གྱི་ནམ་མཁའ་ལ་བཞུགས་སུ་གསོལ་ལ། བླ་མ་དེ་ལ་ཡན་ལག་བདུན་པས་མཆོད་བསྟོད་མང་པོ་བྱས་ལ་གསོལ་བ་བཏབས་[བཏབ]ལ་དེ་ནས། རང་གི་སྤྱི་བོར་སྤྲན་དྲངས་ལ་རང་གི་ལུས་ལ་བསྟིམ་ལ། རང་བླ་མའི་ང་རྒྱལ་དུ་བྱས་ལ་བཟླས་པ་གཉིས་དྲག་པོར་བྱ། དེ་ཡང་སྲོག་སྔགས་མང་པོ་བཟླས་ན་དེས་མི་བདེ་བ་སོལ་ཏེ་འོང་། ཕོ་ལ་ཡི་དྭགས་གདོན་ན་རྨི་ལམ་དུ་བན་དེ་དང་བུ་ཆུང་དང་བུད་མེད་འདི་གནོད་ཆེ་བས་བསལ་དཀའ་བ་ཡིན་གོང་ན་ཞིབ་ཏུ་བྱ་ཆགས་པ་སྤྱོད་དུ་འོང་དེ་སོགས་པ་མཆན་དུ་ཉལ་དུ་འོང་། ལུས་ཀྱི་ས་བོན་ཐམས་ཅད་ཕྱིར་འཆོར་རོ། །
ས་བདག་གནོད་ན་ཆུ་དང་ཉ་ལ་སོགས་པ་འོང་། ཕོ་ལ་མོ་ལ་གནོད་ན་ཁོ་རང་འདྲ་གྲོགས་པོར་བྱས་ཤིང་མཚན་དུ་ཉལ་མོ་རྨི། མོ་ལ་ཕོ་རྨི། གཞན་རྣམས་ལ་ནི་ཐུན་མོང་དུ་རྨིའོ། །ལར་ཡི་དྭགས་མི་གནོད་པ་མེད་དོ། །བུངས་ཀྱིས་མི་ཚོར་བ་ཡིན། ཚོར་བ་རྣམས་ཀྱིས་ཀྱང་རང་རླུང་གིས་མ་ཁྱེར་བར་དུ་གསང་ནས་བསྡད་དེ། དེ་ནས་རླུང་གིས་མིས་མཛེ་གླིངས་ནས་ཁྱེར་ཟིན་ནས་གདོད་ཀྱིས་སློབ་དཔོན་རེ་རེ་བཙལ་ཏེ། དེས་དེ་ལ་ཕན་མི་ཐོགས་པས། དེ་ལ་མ་བརྩམས་པ་དགའ་གསུང་[གསུངས]། ཆོས་ཟིན་པ་མིན་པ་ཁྱོད་ལ་རྨི་ལམ་ཅི་རྨིས་ལུས་ལ་ན་ཚ་ཅི་ལྟ་བུ་ཡོད་ང་ལ་སྨྲོས་དང་ཕན་ཐོགས་མི་ཐོགས་དཔྱད་ཀྱི་ཁོང་ལ་དྲིའོ། །ལར་ནད་པ་གསོ་རྟགས་[བརྟག]དཔྱད་བྱས་ནས། ཚབས་ཆུང་བ་འདི་ནི་སོལ་ཏེ་འོང་སྙམ་པའི་ནད་པ་ལྟ་བུ་རང་གིས་ཐུལ་འོག་ཏུ་ཆུད་པ་གསོ། དེ་མེན་[མིན]ན་འབུལ་བ་བག་རེ་དང་བསྙེན་བཀུར་བག་རེ་ལ་དམིགས་ནས་ཡིན་རུང་མན་[མིན]རུང་ཐམས་ཅད་འཇུས་ནས་རང་གི་སྐུ་བསོད་ལ་གནོད་པས་རྟགས་[བརྟག]དཔྱད་ཞིབ་ཏུ་འབྱེད་དགོས་པ་ཡིན། མ་ཡགས་ན་རང་རླུང་གིས་འཁྱེར་ཉེན་ཡོད་གསུང་[གསུངས]། ལར་འདི་མ་གཟབས་ན་མནར་མེད་དུ་འགྲོ་བ་ཡིན་ནོ། །ཡགས་ན་དོན་ཆེ་བ་ཡིན་ཏེ། བཙུན་པ་བྱས་ནས་བུད་མེད་ཀྱི་བསྲུང་བ་མ་མཛད་གཅིག་[ཅིག] རླག་[བརླག]སྟེ་འགྲོ་བ་ཡིན། བཙུན་པ་ལྟ་བུ་དང་སྐྱེས་པ་ལྟ་བུ་དང་དེ་ལྟ་བུ་ཀུན་ལ་བཟླས་ལུང་བག་རེ་བྱ་གསུང་[གསུངས]། གནོད་པ་དང་ནད་ཚོ་མགོ་ནོན་ནས། གནོད་པ་ཆུང་བའི་རིགས་ལ་ཞུད་ལ་མི་སྡེར་[སྡར]བར་ཟླ་གཅིག་ཙམ་ལ་བདེ་སིང་ངེ་འདུག་པ་ལ། དེ་ནས་བཟླས་པ་དྲག་པ་དང་། མང་དུ་བྱས་ན་ཇེ་བདེར་མི་འགྲོ་ན་ཀློད་རན་པ་ཡིན། གདོན་པ་ཆེ་བ་ལ་ཟླ་བ་གཉིས་གསུམ་དུ་འདེབས་དགོས་པ་ཡིན། བཟླས་པ་དྲགས་པ་ནི་ཚོར་ཚུར་ལ་ནི་ད་རུང་མི་ལྡོག་པའི་སྐབས་སུ་སྔགས་ཀྱི་ནུས་པ་ཞི་བར་བྱ་ཐབས་སོ། །དེ་ནས་དྲག་པོའི་མཚན་མ་ཉུར་[མྱུར]དུ་དྲག་སྔགས་དབྲི།
ཆེ་གེ་མོའི་བྱད་བྱེད་མཁན་སྔགས་ཀྱི་ནུས་པ་ཟུང་། སྔགས་ཀྱི་ནུས་པ་ཆིངས། སྔགས་ཀྱི་ནུས་པ་ཤིག །སྔགས་ཀྱི་ནུས་པ་སོད། གསུམ་སྤྱི་བོར་ཁ་རིང་ཤོས་ལ་སྲོག་སྙིང་ཤམ་བུར་བཏགས་ཐུམ་རིལ། དྲུག་ཐུམ་སྙིང་གི་རིལ། རུང་ཐུམ་རིལ། ཀུན་ཐུམ་རིལ། བན་དྷེ་ཕོ་བ་ཁར་ཤ་ཡ་རྒྱུ་སྨད། ནབ་དྷེ་རྐང་མཐིལ་གཡས་འདི་ཡང་སྲུངས་གཅིག་སྲུངས་གཅིག་པའི་ལུགས་ཅིག་ཡིན་ཤ་ཡ། ཧ་ཧ་ཧ་ཧ་རྐང་མཐིལ་གཡོན་སྟམ་སྟམ། གནོད་བྱེད་ཀྱི་མིང་བཅུག་ལ་མ་ར་ཡ་ཛ་ཛཿ ཐུམ་རི་ལི་ལི། ལར་རང་གི་ནད་སོས་པར་བྱ་བའི་ཆེད་དུ་བཟླས་པ་བྱ་སྙམ་དུ་བསམ། ཡི་དྭགས་ལ་ཞེ་སྡང་གིས་སྔགས་མི་གདབ་སྲུངས་གཅིག་པ་ལ་དྲགས་ཀྱིས་དོགས་པའི་སྡུག་བསྔལ་མེད་རིགས་མང་དྲགས་པའི་དུས་སུ་སྡོད་དགོས་པ་ཡང་འོས་ཀྱིན་འདུག་དེ་ཀུན་ཡང་འཕྲལ་གྱིས་ཉམས་སུ་མྱོང་བས་ཤེས་ཏེ་འོང་། བདེ་བ་བཙལ། ཀླུ་གཟེར་དྲག་པོའི་དུས་སུ་ཡང་། ཟས་ཟ་བའི་དུས་སུ་ཡང་། ཟན་ལ་སྦལ་ལྕོང་དང་། སྦྲུལ་དང་ཉ་ལ་སོགས་པའི་གཟུགས་བརྙན་ལ་དགུག་གནོད་བྱེད་གཞུག་བྱས་ལ། སླ་ངར་བླུག་ལ་ཚེར་མ་ཅན་གྱི་ཤིང་ལ་བརྔོས་ཤིང་ཟ། གྲེ་བ་ན་མར་རུལ་རུལ་ཚིག་པར་བསམ། ཞིང་ནང་གི་སྦྱིན་སྲེགས་བྱ།
ཨོཾ་ཙན་མིང་འཇུག་གཉིས་པ་གསུམ་པ་གློ་རྒྱག་ལ་ཡང་འདིས་དྷ་མ་ཧ་རོ་ཤ་ན་བདག་ལ་གནོད་པར་བྱེད་པའི་ས་བདག་མ་ར་ཡ་སྲུངས་ཅིག་པའི་དོད་ལ་སྔགས་འདིས་ཛཿ ཛཿ སོལ་སོལ་ཆོམ་ཆོམ་བདག་གི་ཀླུའི་ནད་ཐམས་ཅད་དང་། ཀླུའི་དུག་ཐམས་ཅད་སོལ་སོལ་ཆོམ་ཆོམ། བདག་ལ་གནོད་བྱེད་སོལ་ཆོམ་ཆོམ། ཨོཾ་སྤུ་ཏ་སྤུ་ཏ་མ་ཧཱ་ཀྲོ་ཏ་ཧཱུཾ། ཚ་ཏི་ཚ་ཏི་སྤོ་ཏ་ཡ་ཧཱུཾ་ཕཊ། སྭཱཧཱ་ཧཱུཾ་ཕཊ། འདི་རྣམས་ཀྱང་རྡོ་བླག་ལ་སོང་བ་མེན་[མིན]པ་ལ་མི་བྱ། འདི་ཕྱེད་སྲོག་སྙིང་ལོགས་སུ་ཕྱུངས་[ཕྱུང]བ་ལ་མི་འཇུག་བཞི་པའམ་ཚགས་བར་རེ་རེ་ཅན་ལ་གསུམ་ཐུམ་རིལ་ཤམ་བུར་བཏགས་ལ་ཕྱེ་བཟླ། མྱུར་དུ་ཤན་ཕྱེ་སྟེ་འོང་བ་ཡིན་ཤ་སེན་མོ་བཏབས་[བཏབ]པ་མི་ཚོར་བ་ལ་སོགས་པའི་གནོད་པ་ཆེ་བ་ཡོད་ན་འཚམས་[མཚམས]དམ་པར་བཅད་ལ། འཚམས་[མཚམས]གཡོག་གཉིས་ལ་བཟླ། གཞན་ལ་མི་བཟླ་སྙམ་དུ་བྱས་ལ། དེ་གཉིས་གཅིག་མེད་ན་གཅིག་གིས་བྱེད་དུ་གཞུག །དེ་མ་ཡིན་པའི་མི་སོ་མ་དང་ཕྲད་པར་མི་བྱ། ཆོས་བཟླས་པའི་ལུགས་གཞན་དང་འདི་ལ་བསྲེ་བཅོལ་མི་བྱ།
བཟླས་པ་གྲངས་ཀྱི་ཁ་ན་མེད། མ་སོས་བར་ལ་བཟླ་སྙམ་པའི་བསམ་པས་ཉིན་མཚན་པྲིལ་པྲིལ་བཟླའ། གཏོར་མ་ནང་ནུབ་མ་ཆགས་[ཆག]པར་བྱ། དེ་ཙུག་བྱས་པས་མགོ་ལ་རྒོལ་བའམ་ན་ཚ་དང་ཆོ་འཕྲུལ་འོང་། དེ་ཙམ་ན་སྐྱབས་འགྲོ་བྱ། སེམས་དཔའ་ཆེར་བྱ་འདི་མན་ངག་ཡིན་གསུང་[གསུངས]། དེས་དགོལ་ཇེ་མི་ནུས་ཇེ་མི་ནུས་འགྲོ། དང་པོ་བདེ་བ་སྙམ་ཙམ་ན་ཡང་བདེ་བ་མེན་[མིན]པས་དེ་ལ་དགའ་བ་མི་བྱ། མི་བདེ་བ་བྱུང་ཙམ་ན་ཡང་མི་དགའ་བ་མི་བྱའོ། །དེ་ལྟར་བྱས་པས་མོད་ལ་ཚེར་མ་བཏོན་པ་འདྲ་བ་གཅིག་མི་འོང་། འཇུག་[མཇུག]ཏུ་ཇེ་བདེ་ཇེ་བདེ་ལ་ཤ་རོ་ཚབས་ཆེ་སར་ཟ་ཞིང་ཕྲུགས་[འཕྲུགས]པས་རྨར་སོང་ནས་ཆུ་སེར་འོང་། དེ་བས་ཀྱང་ཚབས་ཆུང་ན་ཤ་གཡའ་ཞིང་ཆུ་སེར་འོང་། དེ་བས་ཀྱང་ཚབས་ཆུང་ན་ཤུས་ཤིང་ཆུ་སེར་འོང་། དེ་བས་ཀྱང་ཚབས་ཆུང་ན་སྐྱི་བུན་བུན་ཙམ་འོང་། དེ་ལྟར་བྱུང་ནས་ཤ་རོ་སོར་ཆུད་གནོད་པ་ཐམས་ཅད་མེད་ནས་ཟླ་བ་གཉིས་སམ་ཕྱོགས་གཅིག་ཏུ་བཟླས་པ་བྱས་ཀྱང་བོད་རུང་། ཡང་བདེ་བ་གཅིག་བྱུང་ན་སོས་པ་ཡིན་པས། དེ་ཙམ་ན་སོས་བཞིན་དུ་ཅིག་ཆར་བཟླས་ན་ཡང་གཡག་རྒོད་བསད་པས་ཆད་མ་བསད་པས་འདས་ན་ཚུར་ལྡོག་ཏུ་འོང་བ་དང་འདྲ་བ་གཅིག་ཡིན་གསུང་སླར་ཡང་ལྡོག་པ་ཡིན། འཕྲོ་བཅད་ཀྱིས་བཅད་ན་ཡང་ལྡོག་སྲིད་པས། འཚམས་[མཚམས]ཕྱེ་ལ་བཟླས་པ་སྔར་གྱི་ཕྱེད་ཙམ་སྲིད་ངེས་བཟླས་སོ། །བསྲུང་འཚམས་[མཚམས]ཞེ་སྡང་ལ་སོགས་པ་དམ་དུ་བསྲུང་། གཏོར་མ་དུམ་གྱི་བསམ་པས་མ་ཆགས་[ཆག]པར་གཏང་། དེ་ལྟར་ལོ་གཉིས་ཙམ་མམ། དབྱར་རྒུན་[དགུན]གཉིས་གཉིས་ཙམ་མམ། གསུམ་གསུམ་ཙམ་དུ་རྗེས་བསྲུངས་ན་སླར་མི་ལྡོག་[བཟློག]པ་ཡིན། མཛེ་ནད་མ་ཡིན་པའི་བེ་ཐེའུ་ལ་སོགས་པའི་ཡི་དྭགས་གཞན་ལྟ་བུ་གནོད་ན། ཡང་སྨྲ་བཅད་བྱས་ལ་སྲོག་སྔགས་ལ་སོགས་པ་བཟླས་པ་རེམ་པར་བྱ། དེ་ལྟར་བྱས་པས་འོག་ལ་རྒོལ་བ་དང་ཆོ་འཕྲུལ་དང་བྱུང་ན་སྐྱབས་འགྲོ་དང་སེམས་བསྐྱེད་ཀྱི་དཔའ་ཆེར་བྱ། དེས་དགོལ་ཇེ་མི་ནུས་ལ་ཁོད་ཀྱིས་སོས་ཏེ་འོང་རྗེས་བསྲུང་བ་སྔ་མ་ལྟར་བྱ།
ཡི་དྭགས་ཆུང་བ་ཡིན་ན་འོག་ལ་ན་ཚ་དང་ཆོ་འཕྲུལ་ཆེ་བར་འོང་སྟེ་དེ་ལ་འཇིགས་མི་དགོས། གནོད་པ་མྱུར་དུ་སོས་ཏེ་འོང་། ཡི་དྭགས་རྩུབ་པ་ཡིན་ན་འགོ་[མགོ]ལ་ཆོ་འཕྲུལ་དང་གནོད་པ་ཆུང་། བཟླས་པའི་སྒང་ལ་ཤིན་ཏུ་ཆེ་བར་འོང་། གནོད་པ་ནི་ཡོད་ལ་འགོ་[མགོ]མཇུག་བར་གསུམ་དུ་ཆོ་འཕྲུལ་ཆུང་བ་དེ་ཡི་དྭགས་བྱིན་ཆེ་བ་ཡིན་པས་བསལ་དཀའ། གནོད་པ་འགོ་[མགོ]ནོན་ནས་ཡེངས་པ་དང་། གཞན་དང་བླ་བོ་བྱས་པ་དང་། ལྷོ་ཟ་བའི་སྐབས་སུ་གནོད་པ་བསྐྱལ་བ་སྙམ་བྱེད་ལ། དམིགས་པ་ལ་སེམས་གཏད་ནས་བཟླས་པ་དྲག་པོར་བྱས་ཙམ་ན་མི་བདེ་བ་སྙམ་བྱེད་པ་དང་། རོ་སྟོད་གཟེར་ཀམ་ཀམ་རྩ་བ་སྫངས་[བརྫངས]པ་བཞིན་དུ་འོང་བ་དང་། སོ་ཚན་པོ་ཆེ་དང་འགོ་[མགོ]ན་ཞིང་རླུང་སྐྱེས་པ་བཞིན་དུ་འོང་ན་བཟླས་པ་ཁད་ཀྱིས་ཕྲི་ལ་ཕྲི་བས་བདེར་སོང་ན་ཁད་ཀྱིས་འཕྲི། དེ་ནས་གནོད་པ་ཆེ་བ་ཞག་བཅུ་ཙམ་དུ་བཟླས་པ་མི་བྱ་བར་བཞག །ཆུང་བ་ལ་ཞག་དྲུག་ཙམ་དུ་གཞག་ལ། དེ་ནས་ཡང་བཟླས་པ་བྱ། བཟླས་པ་བྱས་མ་བྱས་འདྲ་བར་འདུག་ཙམ་ན་འཚམས་[མཚམས]ཕྱེ་བས་ཆོག །འཚམས་[མཚམས]ཕྱེ་མི་རན་ན་དེ་ལས་བཟློག་[ལྡོག]པ་ཤེས་པར་བྱ། བདག་ལ་གནོད་པར་བྱེད་པའི་བེ་ཐེའུ་འམ། འབལ་ཐེའུ་བསེན་མོ་མ་ར་ཡ་ཛཿ ཛ། ཡ་ཏི་ཐུམ་ཐུམ་རྦད་རྦད། ཤག་ཤག །ཚལ་ཚལ། ཙི་ཏ་ཟུང་། ཙི་ཏ་ཤག །ཙི་ཏ་ཕྱུང་། མདའ་དམ་པོ་དམ་ཚག །ས་མ་ཡ་ཕྱེ། བདག་ལ་གནོད་མིང་འཇུག་བཞི་པ་དམིགས་པ་མི་གསལ་[བསལ]ན་སྔགས་ཀྱི་ཚིགས་ལ་སེམས་གཏད་ལ་བཟླས་པ་བྱ་པར་བྱེད་པའི་བེ་ཐེའུ་འམ། འབལ་ཐེའུ་བསེན་མོ་མ་ར་ཡ་ཛཿ ཛཿ སྙིང་ས་མ་ཡ་ཕྱེ། རྦད་རྦད་ཕྱེ། སྙིང་ལ་ཡ་ས་མ་ཡ། བདག་ལ་གནོད་པར་བྱེད་པའི་བེ་ཐེའུ་འམ་སེན་མོ་འབེལ་ཐེའུ་མ་ར་ཡ་ཛཿ ཛཿ ཏྲེ་ཧེ་སྙིང་ལ་གཟེར། འདུ་ཀ་ཕྱེ་བདག་ལ་གནོད་པ་བྱེད་པའི་བེ་ཐེའུ། འབལ་ཐེའུ་བསན་[བསེན]མོ་མ་ར་ཡ་ཛཿ ཛཿ ས་ཕྱེ། ཨོཾ་སྤུ་ཏ་སྤུ་ཏ་ལ་སོགས། གསུམ་ཐུམ་ཐི་རིལ་ལ་སོགས། ལུས་ཀྱི་ཕྱི་ནང་ཐམས་ཅད་མེ་འབར་ཞིང་མེ་ལྕེ་ཐམས་ཅད་གནོད་པ་ཡོད་པར་བསྡུ་ལ། དེ་ནས་གློ་རྒྱག་བཟླས་པ་འདི་དྲག་ཚ་འུ་རུ་རུ་འབར་བར་བསམ་ཞིང་སྔགས་བཟླ།
ཏིང་ངེ་འཛིན་གྱིས་བསྲུང་བ་ལ་སྤྱི་བོ་སམ་[སཾ]ལས་པད་མ་འདབ་བརྒྱད་པའི་སྟེང་དུ་ཨད་[ཨཾ]ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ནག་པོ་དེ་ཡོངས་སུ་གྱུར་པ་ལས་སྤྱི་བོར་རྡོ་རྗེ་གྲམ། དཔྲལ་བ་དང་། མིག་གཉིས་དང་། རྣ་བ་གཉིས་དང་། སྣ་གཉིས་དང་། སྣར་གཉིས་དང་། ཁ་དང་། དཔུང་པ་དང་། སྙིང་ཀ་དང་། ལྟེ་བ་དང་། གསང་བ་དང་། བཤང་བ་དང་། པུས་མོ་དང་། རྐང་མཐིལ་གོང་བཞིན་དུ་བསྐྱེད་ལ་ཐམས་ཅད་དུ་རྒྱ་གྲམ་བསྐྱེད་རྒྱ་གྲམ་དུ་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་སྤྲོས་པར་བསམ་བགེགས་ཀྱི་ལུས་ཕར་ཐལ་ཚུར་ཐལ་སོང་བར་བསམ་གནོད་པ་ཆེ་ཆུང་སྡང་སྦྱར་ནས་ཆེ་ན་སྲོག་སྔགས་བཟླ་ཆུང་ན་སྲུངས་གཅིག་པ་བཟླ་ གཉིས་དེ་ཐམས་ཅད་དུ་རྡོ་རྗེ་རེ་རེ་གནས་པར་བསམ་མོ། །འཛུབ་[མཛུབ]མོ་བསྣོལ་ལ་ཙན་དྷ་བཟླས་སོ། །རྒྱལ་འགོང་གི་ཆོ་འཕྲུལ་ནན་ལྟར་གསུམ་སྦྲེལ་དེ་བརྒྱ་ཚོ་རེ་རེ་འམ། ཡང་ན་ཉིས་བརྒྱ་ཙམ་བཟླ། ས་བདག་སོང་ན་རྒྱལ་འགོང་དང་བསེན་མོ་འོང་བ་ཡིན། ས་བདག་མ་སོང་བར་དུ་ཁོ་གྲོགས་ལ་འོང་བས་སྲུངས་གཅིག་པ་ཁོ་ན་བཟླ། དེ་ལ་ཡང་དྲག་པོའི་མཚན་མ་མ་བྱུང་ན། སེམས་འཇམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་འཕང་ལ་བཟླས་པ་བྱ། དྲག་པོའི་མཚན་མ་ནི་གདོན་ནས་ཆུང་བ་ལ། ཟླ་བ་ཅིག་ཙམ་དུ་བདེ་བ་ལས། དེ་ནས་རླུང་ཚན་པོ་ཆེ་སྐྱེས་པ་ལྟར་གླང་ཐབས་སུ་ན་བའམ། འབོར་འབོར་སྐྲོངས་[སྐྲངས]པ་བྱུང་ན་ཡིན། རེས་བདེ་རེས་མི་བདེ་ན་ཡང་མ་སོས་པ་ཡིན། ལུས་ལ་གནོད་པ་ཅི་ཡང་མེད་པར་སོང་གི་འགྲོ་དགོས་པ་ཡིན། ཤེས་པ་ཡང་ས་ངེ་བྱས་རང་གིས་ཀྱང་ང་སོས་སྙམ་པ་གཅིག་དགོས་པ་ཡིན། དེ་ཙུག་ཟླ་བ་གཉིས་གསུམ་བྱུང་བ་ལས་དེ་ནས་མ་བདེ་ན་ཕྱེད་འཕྲི། མི་སོས་ལ་འཚམས་[མཚམས]པ་འདོན།
དེ་ནས་ཁད་ཁད་ཀྱིས་དབྲི། ཕྲི་བ་དེས་གནོད་པ་མ་སེལ་བ་ཡིན་ན། གནོད་པ་ཆེར་འགྲོ། དུག་དང་སྣ་ཁྲག་སྐྱུག་པ་དང་། ལྟོ་བའི་ནད་སངས་ཀྱིས་བཤལ་བ་དང་། སྔར་རྨི་ལམ་དུ་འོང་བ་དེ་རྣམས་བསད་ནས་མྱེད་པར་བྱས་པ་དང་། ལུས་ལ་སྡིག་སྦྲུལ་འབུ་སྲིན་བྱུང་ནས་བྲོས་ནས་སོང་བ་དང་། མིས་བསལ་བ་དང་། རི་ལ་འཛག་[འཛེག]པ་དང་། མེ་ཏོག་ཐུ་བ་དང་། ནམ་མཁའ་ལ་འགྲོ་བ་དང་། རོ་ཐོན་པ་དང་། བཟླས་པ་གྲུབ་པའི་རྟགས་ཡིན། བསྲུང་མཚམས་ནི་ཞེ་སྡང་དྲག་པོ་དང་སེམས་མི་བདེ་བ་མི་བྱ། མཛེ་པོ་དང་། ནད་ཡུན་རིངས་ན་བ་དང་། རོ་བག་དང་། བང་མ་བསངས་པ་དང་། འདྲེ་ཅན་དང་། དམེ་ཅན་དང་། ཡུག་ས་མོ་དང་། དེ་རྣམས་ཀྱི་ཟས་གོས་ལ་སོགས་པ་མི་གཙང་བ་ཡིན་པ་བསྲུང་། ཤན་དམར་དང་བཤས་བྱེད་པ་དང་། རོ་བསྲེགས་པའི་སར་མི་འགྲོ། ཐབ་དང་གཞོབ་མི་བྱ། མི་མང་པོ་འཚོགས་པའི་ས་དང་། རང་ལ་ཡི་དྭགས་གནོད་པའི་ས་ཕྱོགས་ལ་བྱོལ་བར་བྱ། ཡི་དྭགས་གནོད་པའི་གཏོར་མ་དང་། ཞུ་སྣ་དང་ཚོགས་སོག་[གསོག]མི་བཟླ། འཐབ་རྩོད་དང་ཀུ་ཅོ་དང་། འཁྲུག་པའི་བར་དང་། ཟེར་བ་བཟློག་པ་དང་། ནད་པ་ལ་སྔགས་འདེབས་པ་མི་བྱ། དྲག་ཤུལ་ཆེན་པོ་ཡང་གནོད་པ་ཡིན། དམ་ཚིག་ཡུན་རིངས་སུ་བསྲུང་། དམིགས་པ་ལ་སེམས་གཏད་དུ་མི་བཏུབ་པས་ཅི་ཐོད་ཐོད་བསམ་བསམ་ལ་འོང་ན་རབ་ཏུ་གནས་པ་རྣལ་མ་ཡོད་པའི་རྟེན་ལ་མིག་ཅེ་རེ་ཕྱེས་ལ་བཟླས་པ་བྱ། དགེ་བཤེས་རིན་པོ་ཆེའི་སྤྱན་སྔ་ན། ཁམས་མ་བདེ་བ་བན་སྐྱེ་མང་པོ་གཅིག་བཟླས་པའི་ལུང་ཞུ་བ་ན། མི་ཞུ་བ་མང་པོ་གཅིག་ཀྱང་ཕ་ཟད་ན་འདུག་པ་ལ། སྐྱེས་བུ་ཀུན་ཕྱག་འཚལ་གཅིག་[ཅིག]ངས་བཟླས་པའི་ལུང་འབོབས་[འབོགས]སོ། །
ང་ལ་གནོད་པ་ནི་མེད་སེམས་ན་སྡིག་པ་སྦྱོང་བ་ལ་ངའི་འདི་ལས་ལྷག་པ་མེད་པ་ཡིན། འདི་ང་ལ་དམ་པ་རིན་པོ་ཆེ་དེས་རྣལ་འབྱོར་བ་བསྲུང་བ་ལ་གནང་བ། བསྲུང་བ་ལ་ད་འདི་ཙུག་འཁྱུག་ནས་འོང་། དུས་དེང་སེང་[སང]ངའི་འདི་ལས་ནུས་པ་ཆེ་བ་ནི་མེད། འདི་ངས་མི་ལ་བསླབས་ནས་ལོ་སུམ་ཅུ་ཙམ་ལོན། འདི་ལ་ཁ་གཅིག་ན་རེ་ཀླུ་ལ་སྔགས་ཀྱིས་འདེབས་བྱ་བ་ལ་ན་བ་བཅུ་གཅིག་གི་ནང་དུ་གཏོགས་པས། ཡི་དྭགས་ན་ཡང་བྱམས་སྙིང་རྗེ་བསྒོམ། ཐ་མར་ན་ལུས་བྱིན་ལ་གཏང་། དྲག་སྔགས་བཟླས་པས་ནད་སོས་པ་ལ་ཡང་ཅིའི་སྐྱིད་གྲོགས་ཡོད། བྱམས་པ་བསྒོམས་པས་མ་སོས་ཀྱང་ཅིའི་སྡུག་ཁྱད་ཡོད་ཟེར་བ་ཡོད་ཚུལ་དུ་འདུག་སྟེ། ཚེ་འདི་ལ་ཡི་དྭགས་ཀྱིས་དབང་དུ་བྱས་པའི་མི་དེ་ལྷས་ལོ་སྟོང་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཐལ་བ་རྡུལ་དུ་བརླགས་ནས་ཕྱི་མ་ལ་ཁོའི་འཁོར་དུ་སྐྱེས་དེ་ནས་ཤི་ནས་མནར་མེད་དུ་འགྲོ་བར་གསུངས་པ་དང་། སྡུག་འགྱོད་ཀྱང་ཆེ་བར་གདའ་འོ། །ཆོས་བྱེད་ཀྱི་མི་ལ་ལུས་འདི་ཞག་གཅིག་ཀྱང་བདེ་བར་འཚོ་ཡང་སྡིག་པ་མང་པོ་སྦྱོང་། དགེ་བ་མང་པོ་སོགས་སྟེ་འོང་། སྡིག་ཅན་ཀུན་ཡང་འདི་འདྲ་བ་རེས་བརྒྱན་ནས་ཆོས་ལ་ཚུད་པ་ཡང་མང་དུ་བྱུང་བས་སྐྱིད་གྲོག་[གྲོགས]ཀྱང་ཆེ་བར་འདུག །བྱམས་པ་དང་སྙིང་རྗེ་རྣལ་མ་གཅིག་སྐྱེས་ན་ད་ལྟའི་ཡི་དྭགས་བོས་ཀྱང་གནོད་པ་སྐྱལ་[བསྐྱལ]དུ་མི་འོང་སྟེ། ད་ལྟའི་བཅོས་མ་ཙམ་གྱིས་ཁོ་གནོད་པ་ལས་ལྡོག་[བཟློག]ཏུ་མི་བཏུབ། ཡང་ལུས་ལྟོས་མེད་ལྟར་བུས་ན། ལྷ་ཁོ་འདོད་པ་ཅི་མ་ཡར་རངས་ཚང་སྟེ་སྟེར་མི་ནུས། ནུས་མི་ནུས་ཀྱང་ད་ལྟ་རང་ལྟོས་དང་། ནོར་ཕྲོག་ལུས་བརྡུངས་བཙོག་གསོད་དུ་འོང་བ་གཅིག་ལ་མི་དགའ་བ་བྱེད་པར་གཅིག་འདི་རང་གི་ལས་ཡིན་སྙམ་ན་སྟེར་ནུས་པ་ཡང་སྲིད་དེ་དཀའ་མོར་མཆི[མཆིས]། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནས། གཟུགས་ནི་ཡོངས་སུ་མ་བཟུངས་[བཟུང]མ་བཏངས་[བཏང]བའོ། །ཞེས་ཟེར་བ་བཞིན་དུ་ལུས་བཏང་ལོ་ནི་བྱས་པས་ཡིད་ཀྱིས་ནི་མ་ཐེངས་ན་ཤིན་ཏུ་ཐུར་འགྲོ་བས། འདི་བས་ན་འདི་བསྲུང་།
སློབ་དཔོན་བློ་གྲོས་མི་བཟད་པས་ཀྱང་ཆོས་བྱེད་ཀྱི་ཚེ་ལུས་འདིའི་ཟས་གོས་གནས་ཁང་གནས་མལ། བཟད་པས་ཀྱང་ཆོས་བྱེད་ཀྱི་ཚེ་ལུས་འདིའི་ཟས་གོས་གནས་ཁང་གནས་མལ། སྨན་སྔགས་ཐམས་ཅད་ཀྱིས་བསྲུང་བ་གསུང་[གསུངས]པ་ཡིན་པས། ད་ལྟ་ངའི་འདི་རང་ཅུང་དྲག་པར་འདུག །དགེ་བཤེས་བུ་གཅིག་པས་ཀྱང་བཀའ་དྲིན་བརྫངས་ནས། ཁྱོད་སུ་ཐོད་ཐོད་ལ་སྔགས་མ་སློབ་གསུང་[གསུངས]སྟེ། ཚེ་འདིའི་ནད་སོས་པ་གཅིག་པུའི་ཆེད་དུ་བསླབ་པ་ཁ་ན་ཡང་མེན་[མེད]། ད་ཅི་སྨྲས་པའི་དམྱལ་བར་འགྲོ་བ་དེ་མ་བཟོད་ནས་བསླབས་པ་ཡིན་པས། ད་རུང་སྨིན་མ་བྱི་བ་གཅིག་བྱུང་ན་དམྱལ་བར་སོང་ན་ཡང་སོང་། ད་རུང་སློབ་བྱས། ལ་ལ་ན་རེ་གནོད་བྱེད་ཐམས་ཅད་རིངས་ཏེ་འོང་[འོ]བརྒྱལ་ཏེ་འོང་། ཟེར་བ་འདི་ཅུང་ཡང་དྲགས་ཏེ་འོང་ཟེར་བ་བྱུང་། ལ་ལ་ན་རེ་མ་ར་ཡ་ཛཿ འདི་བྱང་ཆུབ་ཀྱི་སེམས་ལ་གནོད་དེ་འོང་ཟེར་བ་ཡང་བྱུང་སྟེ། འདི་ཞེ་སྡང་གིས་བྱེད་པ་མ་ཡིན། དཔེར་ན་བྱིས་པ་ཤེད་མ་ཕྱེད་པ་ཅི་ཐོད་ཐོད་བྱེད་པ་ལ་ཕ་མས་མ་བཟོད་ནས། དེ་ལས་བཟློག་པའི་ཆད་[ཆེད]དུ་ཁ་ཟེར་ཐལ་ལྕགས་[ལྕག]བརྒྱག །ད་ལྟར་གསོད་པ་སྐད་བྱས་པས། འདི་སྙིང་ནས་ཀྱང་གསོད་དམ་སྙམ་ནས་བྱ་བ་མ་ཡིན་པ་ལ་ལྡོག་པ་དང་འདྲ་བ་གཅིག་ཡིན། སྔགས་ཀྱི་རང་བཞིན་གྱི་ནུས་པ་དེ་ཙུག་འོང་བ་ཡིན།
ཡི་དྭགས་ཀྱང་བྲེད་ནས་ཚོད་འཛིན་ཚོད་མི་འཛིན་པར་སྣང་ན་དཔེར་མི་བཙན་ཕྱུག་འཕན་དར་བ་གཅིག་མི་ལྡོག་རེམས་རབ་པ་གཅིག་གིས་བསད་ནས་དང་པོ་ནས་བ་ལ་དགའ་དགའ་གཤའ་གཤའ་ཁྱོད་བདེན་ཅི་ཟེར་ཉན་སྟོང་འཇལ་བྱས་ཀྱང་། ངེད་ཀྱི་མིས་མ་འཕངས་པས་མི་ཤ་ལྡོན་ཟེར་དུ་འོང་། དེ་དང་པོ་ཁད་ཨན་གཅིག་བསྡད་ན་ང་སྟོང་འཇལ་སླ་བར་འོང་བས། ད་ནམས་[ནམ]ཡང་ཡུལ་ན་བསྡད་པ་མེད། ད་རུང་གཉིས་གསུམ་བསད་ནས་འགྲོ་བྱས་ནས། འདི་མདའ་སྒྲོ་མེད་དང་འདྲ་བ་གར་འགྲོ་ཆ་མེད། ད་རུང་གསོད་ཉན་ཡོད་སྙམ་ནས་མི་ཤི་བ་ཤི་ཟིན་མི་སྐྱིན་དུ་ནོར་ཨེན་གཅིག་འཇོལ་གྱིས་རང་ཆགས་འཚམས་པར་བྱ་ཟེར་ནས་ཚུར་ལ་འཚམ་དུ་འོང་། དེ་ལ་བག་གཅིག་འཇལ་བས་ཕྱིས་ཙམ་ན་བུ་བེས་[བོས]ཀྱང་མཛའ་བས་ཚུར་ལ་ཕན་འདོད་ཅིང་འོང་བ་ཡིན། དེ་བཞིན་དུ་ཡི་དྭགས་ཡང་དང་པོ་དྲག་རྡལ་གྱིས་གླད་གཅིག་འཆོགས་[ཆོགས]ནས། དེ་ནས་གཏོར་མ་བྱིན་ཞིང་འོ་ཆག་དུམ་བྱ་ཤ་མཁོན་མི་བྱ། ངས་ཁྱེད་ལ་གནོད་པ་བསྐྱལ་བ་ཡོད་ན་ཡང་རྨི་ལམ་དུ་སྟོན། ཁྱེད་ཀྱི་ལུས་སེམས་ཀྱི་རྨ་གསོ་བྱས་ནས་རྨི་ལམ་དུ་ལུས་སྣད་པ་སྟོན་དུ་འོང་། དེ་ལ་ཀླུ་སྨན་བཏབས་[བཏབ]པའི་གཏོར་མ་སྦྱིན། བདེན་པ་བདར་བས་གནོད་པ་མི་བྱེད་ཀྱི་སྟེང་དུ་ནུས་པ་ཡོད་ཚད་ཀྱིས་ཕན་འདོགས་པ་འོང་བ་ཡིན།
དང་པོ་བཟླས་པ་བྱེད་ཙམ་ན་ཡང་གནོད་བྱེད་འདི་དག་བདག་གིས་ཕ་དང་མ་ཡིན་པ་ལ་སྔོན་གྱི་ལས་ངན་གྱི་དབང་གིས། ད་ལྟ་ཡི་དྭགས་དང་དུད་འགྲོའི་རིགས་སུ་སྐྱེས་ནས་བདག་ལ་སོགས་པ་ཐམས་ཅད་ལ་གནོད་པ་བྱེད། རྒྱུ་དེས་ཕྱི་མ་ངན་སོང་ཁ་བརྒྱུད་ནས་ཐར་པ་མི་འཐོབ་པས། ཡི་དྭགས་སྡུག་བསྔལ་གྱི་གནོད་སེམས་ངན་པ་དེ་དང་དེས་བསྐྱལ་བའི་ནུས་པ་དང་དབྲལ། བདག་གིས་ཀྱང་སྔོན་དགེ་བ་སྤྱད་པ་ནས་ད་ལྟ་གནོད་པ་བྱར་བཏུབ་པ་ཡིན། ད་བདག་དང་གནོད་བྱེད་འདི་གཉིས་ཀྱི་སྡིག་པ་སྦྱང་སྙམ་ནས་བཟླས་པ་བྱས་པས་བྱང་ཆུབ་ཀྱི་སེམས་ལ་ཡང་མི་གནོད། དྲག་སྟེ་ཡང་མི་འོང་གིས། སྐྱེས་བུ་ཀུན་བྱང་ཆུབ་ཀྱི་སེམས་མོད་པར་མཛོད་དང་འདིས་མི་གནོད་ཀྱིས། སྤྱིར་ཡང་བཙུན་པ་ནད་སོས་སླ་བར་འདུག །དེ་ཅིས་ཕན་ན་ཡིད་ཆེས་ཤིང་བསྲུང་མཚམས་ཐུབ་པས་ཕན་པ་ཡིན།
དེ་ནས་དགེ་བསྙེན་དྲག་པར་བྱུང་། མི་སྐྱ་ཁ་ན་ཐུ་སྟེ་འདི་ལ་ཡིད་མི་ཆེས། མི་ཆོས་ཀྱི་ཁ་ལ་ཉན་ཞིང་དེ་བས་ཆེ་གེ་མོ་ནུས་པ་ཆེ། མོ་བཏབ་པ་ལ་ཆེ་གེ་མོས་འདི་སྐད་ཟེར། དེ་ཞོག་ལ་འདི་གྱིས་དང་ཟེར་ནས་བཟླས་པ་ཐེམ་པ་བྱེད་དུ་མི་སྟེར། ཐེ་ཙམ་[ཚོམ]སྐྱེ། བསྲུང་མཚམས་མི་ཐུབ། སོས་ནས་བཏང་བ་ཀུན་ཀྱང་ནད་བཟློག་ནས་འོང་། ནད་སྣ་ཤ་རོ་གནོད་པ་ཆེ་ཤོས་ཡིན་ཏེ། ཤའི་གཏིང་ཚུན་ཆད་ན་ན་ཚ་མེད་ན་དཀའ་སླ་ཆེ་བར་བྱས་ཀྱང་མི་སོས་པར་འདུག །གཏིང་ན་ཚོར་བ་ཡོད་ན་སོས་པར་འདུག །དེ་གཉའ་གཅོག་ལ་ཟེར་བ་དང་འདྲ་སྟེ། ཤི་མི་ཤི་རང་ལ་རག་ལས་པས། འཚམས་[མཚམས]དམ་དུ་ཆོད། འཚམས་[མཚམས]གཡོག་མི་གཉིས་ཞོག་བཟླས་པ་རེམ་དུ་གྱིས། རླུང་ལས་ནས་ཡོད་ན་དྲོད་ཟོ། འོན་ཀྱང་འདི་ཚད་པའི་ནད་ཡིན་པས་རླུང་མི་གདང་[ལྡང]བ་ཡིན། དེ་ནས་བདེ་མ་བདེ་བྱུང་ན་ང་ལ་དྲི་ཐོང་[ཐོངས]། དགེ་བཤེས་སྣེ་བཟུར་[ཟུར]པ་ལ་དཔལ་སྒྲ་ར་མོན་ར་ཙའི་བུས་སྟོན་མོ་བཟང་པོ་གཅིག་གྲ་པ་ལ་བྱས། དགེ་བཤེས་ལ་གཡུའ་རྡོག་གཅིག་ཕུལ་ནས་བཟླས་པ་ཞུས་པ་ལ་བཟླས་ལུང་ཕོགས་ནས་ངའི་འདི་ཚོ་ཆེ་རུང་ཆུང་རུང་འབུལ་བ་ཡོད་རུང་མེད་རུང་ཆེ་རུང་ཆུང་རུང་ཐམས་ཅད་ལ་འདི་རྣམས་ལས་མེད་དོ་གསུང་[གསུངས]།
ཡང་ན་ལུས་མགོ་ཞབས་མེད་པར་མེ་འདག་[མདག]གིས་གཡོགས་པ་བཞིན་དུ་ཚ་ལྗིལ་ལྗིལ་བྱེད་ཅིང་ན་ན། ལག་པ་གཡས་པའི་སྟེང་དུ་ཆུ་བླུགས་ལ། ལག་པ་གཡོན་པའི་སྲིན་ལག་གིས་བསྐྲུགས་[དཀྲུགས]ཤིང་སྔགས་སྲུངས་གཅིག་པ་བདུན་བདུན་ཙམ་བཟླས་ལ། དེ་ནས་ཆུ་དེ་ལྟོར་ཡང་གཏང་། ཁྲུས་ཀྱང་བྱ། ལུས་ཀྱི་གནོད་པ་ཡོད་སར་ཡང་བྱུག་གོ །
གཡོ་བསྐོལ་གྱི་ཆུ་བྱེད་ན་ཟངས་གཞོང་གི་ནང་དུ་ཆུ་བླུགས་ལ། ལག་པ་གཡོན་པའི་སྲིན་ལག་གིས་བསྐྲུག་[དཀྲུག]ཅིང་སྔགས་གཉིས་ཀ་བཟླས་པས་ཆུ་དེ་ལོངས་སྤྱད་དོ།།
ནང་པར་གྱི་སུ་སུ་བསྡིག་མཛུབ་ཀྱིས་བསྲུང་བ་ནི། དེ་ཡང་བདག་ཉིད་མི་གཡོ་བ་ཀྲོང་གིས་བསྐྱེད་ལ། དེ་ནས་རང་གི་ལག་པ་གཡོན་པའི་བསྡིག་མཛུབ་རང་གི་སྤྱི་བོར་ལན་གསུམ་བསྐོར་ལ། སེ་གོལ་ལན་གསུམ་བརྡབས་པས་གཡས་པའི་རལ་གྲི་བསྐོར་བར་བསམ་ཞིང་། སྲོག་སྙིང་ཐུང་ཤོས་ལ་མིང་འཛུག་གཅིག་བཅུག་ལ་དྲག་པར་ལན་བདུན་བཟླས་སོ། །དེ་ནས་ལུས་བྱིན་པ་ལ་བསྡིགས་མཛུབ་དང་རལ་གྲི་ལན་གཅིག་བསྐོར་ལ། སྲོག་སྙིང་ཐུང་བའི་མིང་འཇུག་བཞི་ཡས་[ཡན]ཆད་ལན་གསུམ་མམ་བདུན་བཟླས་སོ། །སེ་གོལ་ལེན་[ལན]གསུམ་བཞི་བདུན་བརྡབས་སོ། །ལུས་ལ་གནོད་པ་ཆེ་ན་གསུམ་གསུམ་བྱའོ། །གནོད་པ་འབྲིང་ན་སྔ་དྲོ་དང་ཕྱེ་འབྲེད་བྱའོ། །ཐ་མ་ཡང་ཉིན་རེ་ལན་རེ་བྱའོ། །བར་ཆད་བསྡིག་མཛུབ་ཀྱིས་བསྲུང་བའོ།།
ནད་པ་དེ་རང་གི་རྒྱུད་ཡིན་ན་འཕྲོ་ཡིས་དགོས་ན། སྐོར་གསུམ་གྱི་བཟླས་ལུང་ཞུས་ལ། དེ་ནས་ཤོག་བུ་གཅིག་ལ་ཕ་མེས་རིགས་རྒྱུད་ནས་གནོད་པའི་ཡི་དྭགས་དེའི་གཟུགས་དང་མིང་བྲིས་ལ། དེའི་ཕྱི་རོལ་དུ་བསྲུང་གཅིག་པས་བསྐོར། དེའི་ཕྱི་རོལ་དུ་སྲོག་སྔགས་ཕྱུངས་[ཕྱུང]ལ་མི་འཇུག་ཀྱང་བཅུག་ལ་ཤམ་བུ་དང་བཅས་པས་བསྐོར་རོ། །དེའུ་དུས་སུ་ནུབ་རེ་བཞིན་དུ་དམིགས་པ་གསལ་[བསལ]བར་བསྐྱེད་ལ། མིང་ག་ལག་མཐིལ་དུ་བླངས་ལ་རང་གི་སྙིང་ཀའི་ཧཱུཾ་ལས་འོད་ཟེར་སྤྲོས་ཤིང་། འོད་ཟེར་གྱིས་ཡི་དྭགས་བཀུག་ཅིང་བསྟིམ། རང་གི་ཐལ་མོ་གཉིས་ཀྱི་བར་དུ་མཉེ་ཞིང་སྣ་ལ་བསྲུངས་གཅིག་བརྒྱ་ཚོ་ལྔ་ཙམ་བཟླ། དེ་ནས་རང་གི་མལ་འོག་ཏུ་དོང་གྲུ་གསུམ་གཅིག་བྱ་དེའི་ནང་དུ་ལིང་ག་བཅུག་ལ། གཡམ་པ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པ་ཞིག་གིས་ཁ་བཅད་ལ་བཞག་གོ །དེ་ནས་སྔགས་བཟླ། དེའི་དུས་སུ་གཏོར་མ་མ་ཆག་པར་བྱའོ། །དེ་ལྟར་བྱས་ན་རིགས་རྒྱུད་འདྲེ་ལ་འཚམས་[མཚམས]བྱེད་མི་དགོས་སོ།།
རང་ཡི་དམ་བསྒོམ་པའི་ལྕེ་སྟེངས་ན་སྟམ་བ་ཡ་ནཾ་བསམ། ཞབས་སུ་དུ་ནག་པོ་གཅིག་བསམ། དེ་ནས་རང་གི་ལྟེ་བའི་ཐད་ཀ་ནས། ཡི་གེ་ཨ་ཐུང་ངམ་རམ་གཅིག་བསམ། དེ་ལ་མེ་བྱུང་བས་ལྕེ་དང་ཡི་གེ་རྣམས་བསྲེགས་པས་ཐལ་བ་ཕུང་གཅིག་རེད་པར་བསམ། དེ་ནས་དབང་བསྐུར་བུམ་ཆུས་ཐལ་ཕུང་དང་བཅས་པ་དེད་པས་རྐང་ཞབས་ན་མར་བུད་པར་བསམ། དེ་ནི་ངག་བཀྲོལ་བའོ།།
དེ་ནས་ཨོཾ་བཛྲ་ཙི་ཏ་རཀྵ་རཀྵ་ཧཱུཾ་ཞེས་བརྗོད་པས། ཡ་ཐོ་ཁྲོ་བོ་མ་ཐོ་ཁྲོ་མོ་རྣམས་ཁྲོ་ཆུང་དུ་བསམ། ལྕེ་རྡོ་རྗེ་བསམ་ལྟེ་བ་ན་ཧཱུཾ་ཡོད་པར་བསམ། རྡོ་རྗེ་དེ་ཧཱུཾ་ལ་མེ་འབར་བར་བསམ། དེ་ནི་བསྲུང་བའོ། །རང་གི་སྔོན་དུ་གནོད་བྱེད་འདུག་ཙམ་ན། རང་ཡི་དམ་བསྒོམ་པའི་གཟི་བྱིན་ཁོས་མ་ཁྱག་པས་ཁོ་ཕྱི་རྒན་དུ་བསྒྱེལ་བར་བསམ། ཁོའི་བྲང་སྟེང་ན་ལྕགས་ཀྱི་ཙཀྲ་རྩིབ་[རྩིབས]བརྒྱད་པ་གཅིག་བསམ། ཁོའི་ལྕེ་ཕྱིར་དྲངས་པས་དེ་སྟེང་ཁེབས། དེ་སྟེང་དུ་གསེར་གྱི་ཙཀྲ་རྩིབ་[རྩིབས]བརྒྱད་པ་བསམ། རང་ཡི་དམ་བསྒོམ་པའི་སྨད་དུ་ཕུར་བས་ཙཀྲ་དང་ལྕེ་དང་ཁོག་པ་གཟེར་བར་བསམ་པ་ནི་ངག་གནན་པའོ།། །།
ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་གཉིས་པ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༥༥ ནས་ ༢༡༥ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།