ལྔ་པ། པཎ་གྲུབ་བཅུ་བདུན་གྱི་གསུང་གི་ལུང་རྒྱུན་དཔེ་ཐོ།
༄༅། །འཇིག་རྟེན་ཁམས་ཀྱི་ཕན་བདེའི་རྩ་ལག་མཉམ་མེད་ཐུབ་བསྟན་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་འཕགས་ཡུལ་གྱི་ཟླ་བྲལ་མཁས་པའི་གཙུག་རྒྱན་པཎ་གྲུབ་བཅུ་བདུན་གྱི་གསུང་རྩོམ་གསུང་རབ་རྣམས་ལས་ལུང་རྒྱུན་བཞུགས་པ་རྣམས་ཀྱི་མཚན་ཐོ་བསྟན་འགྱུར་སྣར་ཐང་པར་མའི་ཐོག་ནས་གསན་པའི་ཐོ་རྗེ་བདེ་ཆེན་སྙིང་པོའི་གསན་ཡིག་དང༌། སྡེ་དགེ་པར་མའི་ཐོག་ནས་གསན་པའི་ཐོ། སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེའི་གསན་ཡིག་ལས་བྱུང་བ་བཞིན་ཟུར་འགོད་ཞུས་པ་དགེའོ།།

༡༽ དཔལ་མགོན་འཕགས་པ་ཀླུ་སྒྲུབ།
༡༽ ཆོས་དབྱིངས་བསྟོད་པ་དང་། ༢༽ འཇིག་རྟེན་ལས་འདས་པར་བསྟོད་པ། ༣༽ དཔེ་མེད་པར་བསྟོད་པ། ༤༽ སེམས་ཀྱི་རྡོ་རྗེའི་བསྟོད་པ། ༥༽ དོན་དམ་པར་བསྟོད་པ། ༦༽ སྐུ་གསུམ་ལ་བསྟོད་པ། ༧༽ དེའི་རྣམ་བཤད། ༨༽ སེམས་ཅན་མགུ་བར་བྱ་བའི་བསྟོད་པ། ༩༽ ཤེས་རབ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟོད་པ། ༡༠༽ བསམ་གྱིས་མི་ཁྱབ་པར་བསྟོད་པ། ༡༡༽ བསྟོད་པ་ལས་འདས་པར་བསྟོད་པ། ༡༢༽ བླ་ན་མེད་པའི་བསྟོད་པ། ༡༣༽ རྗེ་བཙུན་འཇམ་དཔལ་གྱི་དོན་དམ་པའི་བསྟོད་པ། ༡༤༽ འཇམ་དཔལ་སྙིང་རྗེ་ལ་བསྟོད་པ། ༡༥༽ གནས་ཆེན་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ༡༦༽ ཡང་གནས་ཆེན་བརྒྱད་ཀྱི་མཆོད་རྟེན་ལ་བསྟོད་པ། ༡༧༽ མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། ༡༨༽ ཕྱག་འཚལ་བའི་བསྟོད་པ། ༡༩༽ དམྱལ་བ་ནས་འདོན་པ་ཞེས་བྱ་བ། ༢༠༽ རྩ་བ་ཤེས་རབ། ༢༡༽ རིགས་པ་དྲུག་ཅུ་པ། ༢༢༽ ཞིབ་མོ་རྣམ་འཐག །༢༣༽ སྟོང་ཉིད་བདུན་ཅུ་པ། ༢༤༽ རྩོད་ཟློག །༢༥༽ རིན་ཆེན་ཕྲེང་བ། ༢༦༽ མདོ་ཀུན་ལས་བཏུས་པ། ༢༧༽ དགེ་ཚུལ་གྱི་ཀཱ་རི་ཀཱ་ལྔ་བཅུ་པ། ༢༨༽ སྨན་གྱི་བསྟན་བཅོས་སྦྱོར་བ་བརྒྱ་པ། ༼དིལ་མཁྱེན་གསན་ཡིག་ནང་མ་གསལ།༽ ༢༩༽ མདོར་བྱས། ༣༠༽ མདོ་བསྲེ། ༣༡༽ བྱང་ཆུབ་སེམས་འགྲེལ། ༣༢༽ རིམ་ལྔ། ༼དིལ་མཁྱེན་གསན་ཡིག་ནང་མ་གསལ།༽ ༣༣༽ ཕྱག་རྒྱ་བཞི་རྗེས་སུ་བསྟན་པ།
༣༤༽ དངོས་པོ་སྦྱོང་བ། ༣༥༽ ཚིགས་སུ་བཅད་པ་ཕྱེད་དང་ལྔའི་འགྲེལ་པ། ༣༦༽ ཀླུ་སྒྲུབ་ཀྱི་གླུ། ༣༧༽ རང་བཞིན་གྲུབ་པ་མེད་པ་བཞིའི་མན་ངག ། ༼འདི་ལྔ་ཕ་བོང་ཁའི་ནང་མ་གསལ།༽ ༣༨༽ སྒྲུབ་ཐབས་ཀུན་བཏུས་གྲལ། ༣༩༽ ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས། ༤༠༽ འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་མའི་སྒྲོལ་མའི་སྒྲུབ་ཐབས། ༤༡༽ སྦོམ་པོའི་ལྟུང་བ་བརྒྱད་པ། ༼འདི་དིལ་མཁྱེན་གསན་ཡིག་ནང་མ་གསལ།༽ ༤༢༽ གནོད་སྦྱིན་མོ་ཀུན་ནས་འཁྱིལ་བའི་མཆེད་གསུམ་གྱི་སྒྲུབ་ཐབས། ༤༣༽ ནག་པོ་ཆེན་པོའི་སྒྲུབ་ཐབས། ༼འདི་གཉིས་དིལ་མཁྱེན་ནང་མ་གསལ།༽ ༤༤༽ རིག་བྱེད་མའི་རྟོག་པ་ལས་བྱུང་བའི་རིག་བྱེད་མའི་སྒྲུབ་ཐབས། ༤༥༽ རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། ༼ཇོ་བོ་རྗེའི་ཆོས་ཆུང་བརྒྱ་རྩའི་ནང་དུ་ཡོད་པ་ནི།༽ ༤༦༽ བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག ། ༤༧༽ ཤེས་སྤྲིང༌། ༤༨༽ ཤེས་རབ་བརྒྱ་པ། ༤༩༽ དྲན་པ་ཉེར་བར་བཞག་པའི་ཚིག་ལེའུར་བྱས་པ། ༥༠༽ ཡན་ལག་བདུན་པའི་ཆོ་ག་ཚིགས་སུ་བཅད་པ་ཉི་ཤུ་པ། ༥༡༽ སེམས་ཅན་མགུ་བར་བྱེད་པའི་ཚིགས་སུ་བཅད་པ། ༥༢༽ ཐེག་པ་ཆེན་པོ་ཉི་ཤུ་པ། ༥༣༽ ས་ལུ་ལྗང་པའི་ཚིག་ལེའུར་བྱས་པ། ༥༤༽ རྟེན་འབྲེལ་སྙིང་པོའི་ཚིག་ལེའུར་བྱས་པ། ༥༥༽ རྟེན་སྙིང་རྣམ་བཤད། ༥༦༽ བྱང་སེམས་ཀྱི་རྣམ་བཤད། ༥༧༽ རྨི་ལམ་ཡིད་བཞིན་ནོར་བུའི་གཏམ། ༥༨༽ སྲིད་པ་གསུམ་ལས་འདས་པར་བསྟོད་པ་བཅས་སོ།། །།
༢༽ སློབ་དཔོན་འཕགས་པ་ལྷ།
༡༽ བཞི་བརྒྱ་པ་དང་། ༢༽ བྱང་ཆུབ་སེམས་འགྲེལ་འགྲེལ་པ། ༣༽ སེམས་ཀྱི་སྒྲིབ་སྦྱོང༌། ༤༽ རྣམ་པར་མི་རྟོག་པའི་རབ་བྱེད། ༥༽ དུག་ལྔ་སྦས་པའི་ལམ་མཆོག་ཏུ་གསང་བ་བསམ་གྱིས་མི་ཁྱབ་པ། ༦༽ ཀྱཻ་རྡོ་རྗེའི་རྫོགས་རིམ་གོ་བར་བྱེད་པའི་སྙིང་པོ་བརྒྱ་པ་བཅས་སོ།། ༼འདི་ལྔ་ཕ་བོང་ཁའི་ནང་དུ་མ་མཇལ།༽
༣༽ སློབ་དཔོན་སངས་རྒྱས་སྐྱངས།
བུདྡྷ་པཱ་ལི་ཏ།
༤༽ སློབ་དཔོན་ཟླ་བ་གྲགས་པ།
༡༽ དབུ་མ་འཇུག་པ་དང་། ༢༽ རང་འགྲེལ། ༣༽ སྒྲོན་གསལ། ༤༽ ཐུགས་རྗེ་ཆེན་པོ་ལ་སྨྲེ་ངག་གི་སྒོ་ནས་བསྟོད་པ། ༥༽ སྐྱབས་འགྲོ་བདུན་ཅུ་པ་བཅས་སོ།།
༥༽ སློབ་དཔོན་ཞི་བ་ལྷ།
༡༽ སྤྱོད་འཇུག་དང་། ༢༽ བསླབ་བཏུས་ལེའུ་བཅོ་བརྒྱད་པ། ༣༽ བསླབ་བཏུས་ཚིག་ལེའུར་བྱས་པ། ༤༽ བསླབ་བཏུས་མངོན་རྟོགས། ༥༽ ལྷན་ཅིག་སྐྱེས་པའི་གླུ། ༼ཕ་བོང་ཁའི་ནང་མ་གསལ།༽ ༦༽ བསླབ་བཏུས་ལས་བྱུང་བའི་དེ་བཞིན་གཤེགས་པའི་སྙིང་པོ་ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་བཤགས་ཆོ་ག་བཅས་སོ།།
༦༽ སློབ་དཔོན་ཞི་བ་འཚོ།
༡༽ དེ་ཁོ་ན་ཉིད་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ་དང་། ༢༽ ཚ་ཆོག ༼འདི་གཉིས་ཕ་བོང་ཁའི་ནང་མ་གསལ།༽ ༣༽ ཀུ་རུ་ཀུལླེའི་མན་ངག་ཆེན་པོ་ལྔ་པ། ༤༽ གཙུག་ཏོར་དྲི་མེད་ཀྱི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱའམ་ལྔ་གདབ་པའི་ཆོ་ག ༼དིལ་མཁྱེན་ནང་མ་གསལ།༽ བཅས་སོ།།
༧༽ སློབ་དཔོན་ཀ་མ་ལ་ཤི་ལ།
༡༽ བསྒོམ་རིམ་དང་པོ་དང་། ༢༽ བསྒོམ་རིམ་བར་པ། ༣༽ བསྒོམ་རིམ་མཐའ་མ་སྟེ་བསྒོམ་རིམ་ཐོག་མཐའ་བར་གསུམ་དང་། ༤༽ རྣལ་འབྱོར་བསྒོམ་པ་ལ་འཇུག་པ་བཅས་སོ།། ༼ཇོ་བོའི་ཆོས་ཆུང་གྲས།༽
༨༽ སློབ་དཔོན་འཕགས་པ་ཐོགས་མེད།
༡༽ ཆོས་ཀྱི་སྐུ་ལ་གནས་པའི་ཡོན་ཏན་ལ་བསྟོད་པ་དང་། ༼ཕ་བོང་ཁའི་ནང་མ་གསལ།༽ ༢༽ བྱང་ས། ༣༽ མངོན་པ་ཀུན་བཏུས། ༤༽ ཤེར་ཕྱིན་མ་སེར་པོའི་སྒྲུབ་ཐབས་བཅས་སོ།།
༩༽ སློབ་དཔོན་དབྱིག་གཉེན།
༡༽ མཛོད་རྩ་བ་དང་། ༢༽ འདོད་པའི་ཡོན་ཏན་རྣམ་པ་ལྔའི་ཉེས་དམིགས། ༼ཇོ་བོའི་ཆོས་ཆུང་གྲས།༽ ༣༽ ཡོན་ཏན་བདུན་བསྟན་པ། ༤༽ ཡོན་ཏན་ཡོངས་སུ་བརྗོད་པའི་གཏམ། ༥༽ ཚུལ་ཁྲིམས་ཀྱི་གཏམ། ༦༽ ཚོགས་ཀྱི་གཏམ་བཅས་སོ།།
༡༠༽ སློབ་དཔོན་ཕྱོགས་གླང༌།
༡༽ ཡོན་ཏན་མཐའ་ཡས་པ་བསྟོད་པའི་འགྲེལ་པ་ལེའུ་དྲུག་པ་དང་། ༼ཇོ་བོའི་ཆོས་ཆུང་གྲས།༽ ༢༽ ཡོན་ཏན་མཐའ་ཡས་པའི་བསྟོད་པའི་དོན་གྱི་ཚིག་ལེའུར་བྱས་པ། ༼ཇོ་བོའི་ཆོས་ཆུང་གྲས།༽ ༣༽ དེའི་འགྲེལ་པ། ༼ཇོ་བོའི་ཆོས་ཆུང་གྲས།༽ ༤༽ ཚད་མ་ཀུན་བཏུས། ༥༽ རྣལ་འབྱོར་ལ་འཇུག་པ་བཅས་སོ།། ༼ཇོ་བོའི་ཆོས་ཆུང་གྲས།༽
༡༡༽ སློབ་དཔོན་ཆོས་གྲགས།
ཚད་མ་སྡེ་བདུན་ཏེ། ༡༽ ཚད་མ་རྣམ་འགྲེལ། ༢༽ ཚད་མ་རྣམ་ངེས། ༣༽ ཚད་མ་རིགས་ཐིགས། ༤༽ གཏན་ཚིགས་ཐིགས་པ། ༥༽ འབྲེལ་བ་བརྟག་པ། ༦༽ རྒྱུད་གཞན་སྒྲུབ་པ། ༧༽ རྩོད་པའི་རིགས་པ་བཅས་སོ།།
༡༢༽ སློབ་དཔོན་སེངྒེ་བཟང་པོ།
༡༽ འགྲེལ་པ་དོན་གསལ་ཁོ་ནའོ།།
༡༣༽ སློབ་དཔོན་ཡོན་ཏན་འོད།
༡༽ མདོ་རྩ་བ། ༢༽ ཀརྨ་ཤ་ཏམ་སྟེ། ལས་བརྒྱ་རྩ་གཅིག་པ་བཅས་སོ།། ༼ཕ་བོང་ཁའི་ནང་མ་གསལ།༽
༡༤༽ སློབ་དཔོན་ཤཱཀྱ་འོད།
༡༽ འདུལ་བ་གསུམ་བརྒྱ་པ་དང་། ༢༽ རང་འགྲེལ་འོད་ལྡན་གཉིས་སོ།། ༼དིལ་མཁྱེན་ནང་མ་གསལ།༽
༡༥༽ ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ
༡༽ སེམས་ཅན་མགུ་བར་བྱ་བའི་བསྟོད་པ་དང་། ༢༽ ཆོས་ཀྱི་གླུ་ནི་སྐྱེ་མེད་འཆི་མེད་ཅེས་པའི་གླུ། ༣༽ ཚུལ་ཁྲིམས་ཀྱི་སྤྱོད་པའི་གླུ། ༤༽ སྤྱོད་པའི་གླུའི་འགྲེལ་པ། ༥༽ ཏིང་ངེ་འཛིན་གྱི་གླུ། ༦༽ རྡོ་རྗེ་གདན་གྱི་གླུ། ༧༽ དེའི་འགྲེལ་པ། ༨༽ ལས་སྒྲིབ་རྣམ་པར་འཐག་བྱེད་སྨན་ཆོག །
ཇོ་བོ་རྗེའི་ཆོས་ཆུང་བརྒྱ་རྩའི་གྲས་ནི། ༩༽ བྱང་ཆུབ་ལམ་སྒྲོན། ༡༠༽ སྤྱོད་པ་བསྡུས་པའི་སྒྲོལ་མ། ༡༡༽ ༡༢༽ བདེན་པ་གཉིས་ལ་འཇུག་པ། ༡༣༽ དབུ་མའི་མན་ངག །༡༤༽ སྙིང་པོ་བསྡུ་བ། ༡༥༽ ཡང་སྙིང་པོ་བསྡུ་བ། ༡༦༽ བྱང་སེམས་ནོར་བུའི་ཕྲེང་བ། ༡༧༽ བྱང་ཆུབ་སེམས་པའི་མདོ་ཙམ་གདམས་ངག་ཏུ་བྱས་པ། ༡༨༽ འཁོར་བ་ལས་ངེས་པར་འབྱུང་བར་བྱེད་པ། ༡༩༽ སྤྱོད་པའི་གླུ། ༢༠༽ ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། ༢༡༽ དྲན་པ་གཅིག་པའི་མན་ངག །༢༢༽ བྱང་ཆུབ་སེམས་པའི་ལས་དང་པོ་པའི་ལམ་ལ་འཇུག་པ་བསྟན་པ། ༢༣༽ སྐྱབས་སུ་འགྲོ་བར་བསྟན་པ། ༢༤༽ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ༢༥༽ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། ༢༦༽ རང་གི་བྱ་བའི་རིམ་པ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། ༢༧༽ མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག །༢༨༽ མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ༢༩༽ ལས་རྣམ་པར་འབྱེད་པ། ༣༠༽ ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། ༣༡༽ འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་གྱི་ཆོ་ག །༣༢༽ ཁ་སྟོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག །༣༣༽ ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སཱ་ཙྪ་གདབ་པའི་ཆོ་ག །༣༤༽ བླ་མའི་བྱ་བའི་རིམ་པ། ༣༥༽ སེམས་བསྐྱེད་དང་སྡོམ་པའི་ཆོ་གའི་རིམ་པ། ༣༦༽ དྲི་མ་མེད་པ་རིན་པོ་ཆེའི་འཕྲིན་ཡིག ། ༣༧༽ ཤིན་ཏུ་མྱུར་བའི་ལྷ་ཆེན་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། ༣༨༽ བདེ་གཤེགས་བདུན་གྱི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པའི་གཟུངས་བཀླག་པའི་ཆོ་ག །༣༩༽ ཚོགས་བདག་གསང་བའི་སྒྲུབ་ཐབས། ༼འདི་གཉིས་དིལ་མཁྱེན་ནང་མ་གསལ།༽ ཕ་བོང་ཁའི་གསན་ཡིག་ནང་ཇོ་བོའི་ཆོས་ཆུང་བརྒྱ་རྩ་ཕྱོགས་བསྡུས་པོ་ཏིའི་ཐོག་ནས་གསན་སྟབས་སྣར་ཐང་པོད་སོ་སོར་རྟགས་མ་གསལ། དེ་ལྟར་གསན་ཡིག་གཉིས་ཀྱི་ནང་བཞུགས་ལུང་ཡོད་ཁག་འཚོལ་ཞིབ་རགས་ལམ་ཙམ་ཞུས་པ་དགེ་ལེགས་འཕེལ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༣ ནས་ ༢༩༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།