ལྔ་པ། ཚད་མའི་སྐོར།
༡༩༽ ཚད་མ་ ༼ཞེ༽ པ་ལ། རྒྱ་གར་སྐད་དུ། བཱ་ད་ནྱ་བ་བྲིཏྟི་བི་པཉྫི་ཏཱ་ནྲ་ནཱ་མ། བོད་སྐད་དུ། རྩོད་པའི་རིགས་པའི་འགྲེལ་པ་དོན་རྣམ་པར་འབྱེད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཤཱནྟ་རཀྵི་ཏས་མཛད་པ། དཔལ་ཚངས་པའི་འབྱུང་གནས་བསམ་ཡས་ཀྱི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར་ཤྲཱི་བྷ་དྲ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་འཕགས་པ་ཤེས་རབ་དང༌། འབྲོ་སེང་དཀར་ཤཱཀྱ་འོད་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །
མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[1]། གཞན་རྟ་ནག་ཐུབ་བསྟན་རྣམ་རྒྱལ་གླིང་དུ་ལང་གཤེགས་ཀྱི་དུམ་བུ་སོགས་མདོ་མ་ཚང་བ་འགའ་ཞིག་ཡོད་ཅིང་། དྭགས་པོའི་ཡུལ་དྭགས་ལྷ་སྒམ་པོའམ་ག་ཤེད་ཅིག་ཏུ་ཡང་རྒྱ་གར་གྱི་མཁས་པ་ཞིག་གིས་རྣམ་འགྲེལ་རྩ་བ་མ་ཚང་བ་ཞིག་རྙེད་པའི་དཔེ་བཤུས་ནས་རྒྱ་གར་དུ་སླེབས། ལྷ་ས་ཀུན་གླིང་བླ་བྲང་དུ་རྩོད་རིགས་ཀྱི་འགྲེལ་པ་ཞི་འཚོས་མཛད་པ་དཔེ་ཐུང་ཞིག་འདུག་པར་པཎྜི་ཏས་ངོ་བཤུས་བྱས། དེར་བརྒྱད་སྟོང་མཚན་བརྗོད་སོགས་ཀྱང་འདུག །བོད་དཔེ་དཀོན་པོ་སྦ་བཞེད་ཞབས་བཏགས་མ་བྲིས་མ་ཞིག་ཀྱང་སྣང་། ཞེས་གསལ་བ་ལྟར། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་པར་འདོད་པ་དང་། ཡང་ལ་ལས་མཁན་ཆེན་ཞི་འཚོས་མཛད་པའི་རྩོད་པའི་རིགས་པའི་ཊཱིཀྐའི་རྒྱ་དཔེ་བཞུགས་པར་མ་ཟད། ཞུས་དག་ཀྱང་སྔ་ཕྱི་ཐེངས་གཉིས་བྱས་པ་བཞུགས་[2]ཞེས་གྲགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཞེ༽ ཚན་གྲངས་ ༤ ལྡེབ་ ༥༡ན༣ ནས་ ༡༥༡ན༦ བར་ཡིག་ཕྲེང་ ༡༤༠༤ ཚེག་ཁྱིམ་ ༨༨༠༤༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་འབྲེལ་རྟགས། པོད་རྟགས། ༼ཟེ༽ ཚན་གྲངས་ ༤ ལྡེབ་ ༧༡ན༥ ནས་ ༡༨༣ན༧ བར་ཡིག་ཕྲེང་ ༡༧༩༥ ཚེག་ཁྱིམ་ ༨༧༥༥༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཟེ༽ ཚན་གྲངས་ ༤ ལྡེབ་ ༦༥བ༤ ནས་ ༡༨༦ན༧ བར་ཡིག་ཕྲེང་ ༡༦༩༡ ཚེག་ཁྱིམ་ ༨༧༥༦༠། ཀ༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཞེ༽ ཚན་གྲངས་ ༤ ལྡེབ་ ༥༠བ༣ ནས་ ༡༤༣བ༢ བར་ཡིག་ཕྲེང་ ༡༣༠༢ ཚེག་ཁྱིམ་ ༨༨༠༤༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཞེ༽ དེབ་ཨང་ ༡༠༦ ཤོག་གྲངས་ ༡༣༧ ནས་ ༣༧༦ བར་བཞུགས་པ་བཅས་སོ།།
༢༠༽ ཚད་མ་ ༼ཟེ༽ ༼འེ༽ གཉིས་ལ། རྒྱ་གར་སྐད་དུ། ཏཏྟཱ་སཾ་གྲ་ཧ་ཀཱ་རི་ཀཱ། བོད་སྐད་དུ། དེ་ཁོ་ན་ཉིད་བསྡུས་པའི་ཚིག་ལེའུར་བྱས་པ། སློབ་དཔོན་ཞི་བ་འཚོའི་ཞལ་སྔ་ནས་མཛད་པ། གུ་གེ་ཡུལ་གྱི་དབེན་ས་རི་བོ་དགེ་གནས་ཕུན་ཚོགས་གླིང་དུ། རྒྱ་གར་གྱི་མཁན་པོ་དཔལ་གུ་ཎཱ་ (ཨཱ) ཀ་ར་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང༌། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཆེན་པོ་དཔལ་ལྷ་བཙན་པོ་དགེ་སློང་ལྷ་བླ་མ་ཞི་བ་འོད་ཀྱི་ཞལ་སྔ་ནས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །མཇུག་གི་འགྱུར་བྱང་ལས[3]། གྲངས་ཅན་གཅེར་བུ་བྱེ་བྲག་པ་དང་རྒྱང་ཕན་རིག་པ་ཅན་དང་སངས་རྒྱས་དེ་དག་གི་ཕྱོགས་ནི། །ཆུ་ཀླུང་པ་དང་ཙ་ར་ཀ་དང་དུས་སྨྲ་སྤྱོད་པ་བརྡ་སྤྲོད་ཞི་བ་ཚངས་དང་སྣ་ཚོགས་ཚལ། །སྒྲ་ཡི་ཚངས་པ་རིག་བྱེད་མཐའ་དང་བྱེ་བྲག་སྨྲ་དང་མདོ་སྡེ་སེམས་ཙམ་དབུ་མ་དེ་དག་གི །བྱེ་བྲག་ལུང་བཅས་ཤེས་པའི་སྤྱོད་ཡུལ་གང་ཡིན་དེ་ནི་རྟོགས་ནས་འགྲོ་ལ་ཕན་ཕྱིར་བདག་གིས་བསྒྱུར། །ཅེས་ཀྱང་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཟེ༽ ཚན་གྲངས་ ༡ བརྟག་པ། ༣༠ ལྡེབ་ ༡ན༡ ནས་ ༡༣༣ན༦ བར་ཡིག་ཕྲེང་ ༡༨༦༥ ཚིག་རྐང་། ༧-༡༤༤༣༦ ཚེག་ཁྱིམ་ ༡༠༡༨༠༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཚད་མ་བསྡུས་པ། པོད་རྟགས། ༼འེ༽ ཚན་གྲངས་ ༡ བརྟག་པ། ༣༠ ལྡེབ་ ༡ན༡ ནས་ ༡༥༩བ༢ བར་ཡིག་ཕྲེང་ ༢༥༢༠ ཚིག་རྐང་། ༧-༡༤༤༣༦ ཚེག་ཁྱིམ་ ༡༠༡༨༣༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼འེ༽ ཚན་གྲངས་ ༡ བརྟག་པ། ༣༠ ལྡེབ་ ༡ན༡ ནས་ ༡༤༦ན༥ བར་ཡིག་ཕྲེང་ ༢༠༡༣ ཚིག་རྐང་། ༧-༡༤༤༣༦ ཚེག་ཁྱིམ་ ༡༠༡༧༧༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཚད་མ། པོད་རྟགས། ༼ཟེ༽ ཚན་གྲངས་ ༡ བརྟག་པ། ༣༠ ལྡེབ་ ༡ན༡ ནས་ ༡༣༣ན༧ བར་ཡིག་ཕྲེང་ ༡༨༦༦ ཚིག་རྐང་། ༧-༡༤༤༣༦ ཚེག་ཁྱིམ་ ༡༠༡༨༠༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཟེ༽ དེབ་ཨང་ ༡༠༧ ཤོག་གྲངས་ ༣ ནས་ ༣༢༥ བར་བཞུགས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༣
[2] Saktyayana 1935-1936 Steinkellner 2014. འདི་གཉིས་རག་ཐབས་དང་གཟིགས་ཐུབ་པར་གནང་གལ་ཆེ་ལ། གཉིས་ལས་ཕྱི་མ་རིན་ཐང་ཆེ་བར་སྣང་། འདི་ཡང་སྔ་འགྱུར་གྱི་པཎྜི་ཏའི་གཞུང་ཡིན་པ་ལ་འགྱུར་ཕྱི་འགྱུར་དུ་སྣང་།
[3] བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཟེ༽ དེབ་ ༡༠༧ པ། ༢༠༠༨ ལོ། ཤོག་གྲངས་ ༣༢༥
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༣༥ ནས་ ༡༣༧ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།