བཅུ་བདུན། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་གི་དཀར་ཆག
ཀ༽ བསྟན་འགྱུར་དུ་བཞུགས་པའི་དཀར་ཆག
ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནི། འཕགས་བོད་གཉིས་ཀར་མཛད་འཕྲིན་ཤིན་ཏུ་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་པ་ཇོ་བོ་རྗེས་མཛད་པའི་བསྟན་བཅོས་རྣམས་དང་། བོད་ཀྱི་མཁས་གྲུབ་དུ་མས་མཛད་པའི་ཆོས་འབྱུང་། ལྷག་པར་ཇོ་བོའི་རྣམ་ཐར་རྒྱས་བསྡུས་སོགས་དེབ་ཐེར་ཁག་ལ་གཟིགས་ན་རྟོགས་པར་འགྱུར་ལ། ཇོ་བོ་རྗེ་རྒྱ་གར་འཕགས་ཡུལ་དུ་བཞུགས་སྐབས་སུ་ཡང་བསྟན་བཅོས་མང་དུ་མཛད་ཡོད་པར་མ་ཟད།
བསྟན་བཅོས་འགའ་ཞིག་བོད་དུ་བྱོན་ལམ་བལ་ཡུལ་དུ་མཛད་པ་བསྟན་བཅོས་ཀྱི་མཛད་བྱང་དུ་གསལ་ཞིང་། བསྟན་བཅོས་ཕལ་མོ་ཆེ་བོད་ཀྱི་གདུལ་བྱ་རྣམས་ཀྱིས་ཞུས་ངོར་མཛད་པ་གཙོ་ཆེ་ལ། དེ་ལྟར་ཇོ་བོས་འཕགས་བོད་བལ་གསུམ་དུ་སྔ་ཕྱིར་མཛད་པའི་བསྟན་བཅོས་བསྟན་འགྱུར་དུ་འཁོད་མིན་རིགས་གཉིས་ལས། དང་པོ། བསྟན་འགྱུར་དུ་བཞུགས་པའི་དཀར་ཆག་ནི།
དང་པོ། རྒྱུད་ཀྱི་སྐོར།
༡༽ རྒྱུད་ ༼ཏ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་ཧེ་བཛྲ་རཏྣ་པྲ་ལོ་ཀེ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་དཱ་ན་ཤཱི་ལ་དང༌། ལོ་ཙཱ་བ་གླན་དར་མ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཤིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏ༽ ཚན་གྲངས་ ༦ ལྡེབ་ ༢༨བ༤ ནས་ ༣༤བ༧ བར་ཡིག་ཕྲེང་ ༨༨ ཚིག་རྐང་ ༧-༤༧༠ ཚེག་ཁྱིམ་ ༤༨༢༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཟ༽ ཚན་གྲངས་ ༦ ལྡེབ་ ༣༤བ༨ ནས་ ༤༢བ༤ བར་ཡིག་ཕྲེང་ ༡༢༥ ཚིག་རྐང་ ༧-༤༧༠ ཚེག་ཁྱིམ་ ༤༨༣༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟ༽ ཚན་གྲངས་ ༦ ལྡེབ་ ༣༡ན༧ ནས་ ༣༧བ༧ བར་ཡིག་ཕྲེང་ ༩༢ ཚིག་རྐང་ ༧-༤༧༠ ཚེག་ཁྱིམ་ ༤༨༣༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏ༽ ཚན་གྲངས་ ༦ ལྡེབ་ ༢༨བ༤ ནས་ ༣༤བ༦ བར་ཡིག་ཕྲེང་ ༨༧ ཚིག་རྐང་ ༧-༤༧༠ ཚེག་ཁྱིམ་ ༤༨༢༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཏ༽ དེབ་ཨང་ ༥ ཤོག་གྲངས་ ༡༠༠༧ ནས་ ༡༠༢༢ བར་བཞུགས་པ་བཅས་སོ།།
༢༽ རྒྱུད་ ༼ཏ༽ པ་ལ། རྒྱ་གར་སྐད་དུ། བ་ལི་ཾབི་དྷིཿ བོད་སྐད་དུ། (དཔལ་དགྱེས་པ་རྡོ་རྗེའི་) གཏོར་མའི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས་ལས[1]། ལོ་ཙཱ་བ་གླན་དར་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏ༽ ཚན་གྲངས་ ༣༣ ལྡེབ་ ༡༨༥བ༡ ནས་ ༡༨༧ན༡ བར་ཡིག་ཕྲེང་ ༢༢ ཚེག་ཁྱིམ་ ༡༤༨༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཞ༽ ཚན་གྲངས་ ༧༢ ལྡེབ་ ༥༨༥ན༣ ནས་ ༥༨༧ན༧ བར་ཡིག་ཕྲེང་ ༣༩ ཚེག་ཁྱིམ་ ༡༤༨༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༧༢ ལྡེབ་ ༥༢༠བ༡ ནས་ ༥༢༣ན༥ བར་ཡིག་ཕྲེང་ ༣༤ ཚེག་ཁྱིམ་ ༡༤༨༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏ༽ ཚན་གྲངས་ ༣༣ ལྡེབ་ ༡༨༩ན༧ ནས་ ༡༩༡ན༡ བར་ཡིག་ཕྲེང་ ༢༣ ཚེག་ཁྱིམ་ ༡༤༨༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཏ༽ དེབ་ཨང་ ༥ ཤོག་གྲངས་ ༡༤༥༠ ནས་ ༡༤༥༤ བར་བཞུགས་པ་བཅས་སོ།།
༣༽ རྒྱུད་ ༼ཞ༽ པ་ལ། རྒྱ་གར་སྐད་དུ། ཨ་བྷི་ས་མ་ཡ་བི་བྷངྒི་ནཱ་མ། བོད་སྐད་དུ། མངོན་པར་རྟོགས་པ་རྣམ་པར་འབྱེད་པ་ཞེས་བྱ་བ། མཇུག་བྱང་ལས། རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཡི་པས་རིགས་དྲུག་པ་ཧེ་རུ་ཀའི་སྒྲུབ་ཐབས་རྩ་བའི་དཀྱིལ་འཁོར་ཆེན་པོ་མཛད་པའི་དོན་རྒྱུད་ལྟར་བཀྲོལ་བ་མཁས༌པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༣༧ ལྡེབ་ ༡༨༦ན༡ ནས་ ༢༠༢བ༣ བར་ཡིག་ཕྲེང་ ༢༣༤ ཚེག་ཁྱིམ་ ༡༤༡༩༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པ༽ ཚན་གྲངས་ ༣༥ ལྡེབ་ ༡༨༥བ༨ ནས་ ༢༠༦བ༥ བར་ཡིག་ཕྲེང་ ༢༩༤ ཚེག་ཁྱིམ་ ༡༤༡༡༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པ༽ ཚན་གྲངས་ ༣༥ ལྡེབ་ ༡༩༥ན༦ ནས་ ༢༡༥བ༡ བར་ཡིག་ཕྲེང་ ༢༨༣ ཚེག་ཁྱིམ་ ༡༤༡༡༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༣༧ ལྡེབ་ ༡༨༥བ༥ ནས་ ༢༠༣ན༧ བར་ཡིག་ཕྲེང་ ༢༣༤ ཚེག་ཁྱིམ་ ༡༤༡༩༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞ༽ དེབ་ཨང་ ༡༡ ཤོག་གྲངས་ ༡༥༢༣ ནས་ ༡༥༦༣ བར་བཞུགས་པ་བཅས་སོ།།
༤༽ རྒྱུད་ ༼ཞ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་སཱ་དྷ་ནཾ། བོད་སྐད་དུ། (བདེ་མཆོག་) དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ། །རྗེ་བདག་ཉིད་ཆེན་པོས་མཛད་པའི་བཅོམ་ལྡན་འདས་དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་རྒྱ་ཆེར་བཤད་པ་འདོད་པ་འཇོ་ལས[2]། ཇོ་བོ་ཆེན་པོས་མཛད་པའི་ལཱུ་ཨི་པའི་འགྲེལ་པ་ནི། སྔ་མ་རྣམས་བཞིན་དུ་མཐུན་ཤས་ཆེ་ཡང་བཤད་པ་མང་པོ་སྣང་ངོ༌། །ཞེས་འབྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༣༨ ལྡེབ་ ༢༠༢བ༣ ནས་ ༢༠༤བ༥ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༨༩༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པ༽ ཚན་གྲངས་ ༣༦ ལྡེབ་ ༢༠༤བ༤ ནས་ ༢༠༦བ༥ བར་ཡིག་ཕྲེང་ ༤༡ ཚེག་ཁྱིམ་ ༡༨༩༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པ༽ ཚན་གྲངས་ ༣༦ ལྡེབ་ ༢༡༥བ༡ ནས་ ༢༡༨ན༤ བར་ཡིག་ཕྲེང་ ༣༩ ཚེག་ཁྱིམ་ ༡༨༩༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༣༨ ལྡེབ་ ༢༠༣ན༧ ནས་ ༢༠༥བ༤ བར་ཡིག་ཕྲེང་ ༣༣ ཚེག་ཁྱིམ་ ༡༨༩༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞ༽ དེབ་ཨང་ ༡༡ ཤོག་གྲངས་ ༡༥༦༦ ནས་ ༡༥༧༡ བར་བཞུགས་པ་བཅས་སོ།།
༥༽ རྒྱུད་ ༼ཞ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་བྷ་ག་ཝ་ཏི་ཨ་བྷི་ས་མ་ཡ་ནཱ་མ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༣༩ ལྡེབ་ ༢༠༤བ༥ ནས་ ༢༠༧ན༣ བར་ཡིག་ཕྲེང་ ༣༤ ཚེག་ཁྱིམ་ ༢༠༨༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པ༽ ཚན་གྲངས་ ༣༧ ལྡེབ་ ༢༠༦བ༤ ནས་ ༢༡༠བ༡ བར་ཡིག་ཕྲེང་ ༤༥ ཚེག་ཁྱིམ་ ༢༠༦༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པ༽ ཚན་གྲངས་ ༣༧ ལྡེབ་ ༢༡༨ན༤ ནས་ ༢༢༡ན༤ བར་ཡིག་ཕྲེང་ ༤༢ ཚེག་ཁྱིམ་ ༢༠༦༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༣༨ ལྡེབ་ ༢༠༥བ༤ ནས་ ༢༠༨ན༣ བར་ཡིག་ཕྲེང་ ༣༥ ཚེག་ཁྱིམ་ ༢༠༨༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞ༽ དེབ་ཨང་ ༡༡ ཤོག་གྲངས་ ༡༥༧༣ ནས་ ༡༥༧༩ བར་བཞུགས་པ་བཅས་སོ།།
༦༽ རྒྱུད་ ༼ཞ༽ པ་ལ། རྒྱ་གར་སྐད་དུ། ཨེ་ཀ་བཱི་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པའི་སྒྲུབ་ཐབས་ཞེས་བྱ་བའམ། དཔལ་བདེ་མཆོག་འཁོར་ལོ་དཔའ་བོ་གཅིག་པའི་སྒྲུབ་ཐབས། ཡུལ་བྷཾ་ག་ལའི་སློབ་དཔོན་བསོད་སྙོམས་པ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༠ ལྡེབ་ ༢༠༧ན༣ ནས་ ༢༠༨ན༢ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༡༩༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པ༽ ཚན་གྲངས་ ༣༨ ལྡེབ་ ༢༠༩བ༡ ནས་ ༢༡༠བ༣ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༡༩༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པ༽ ཚན་གྲངས་ ༣༨ ལྡེབ་ ༢༢༡ན༤ ནས་ ༢༢༢ན༧ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༡༩༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༠ ལྡེབ་ ༢༠༨ན༣ ནས་ ༢༠༩ན༣ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༡༩༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞ༽ དེབ་ཨང་ ༡༡ ཤོག་གྲངས་ ༡༥༨༡ ནས་ ༡༥༨༣ བར་བཞུགས་པ་བཅས་སོ།།
༧༽ རྒྱུད་ ༼ཞ༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཨཱ་ས་ན་བཛྲ་གཱི་ཏི། བོད་སྐད་དུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུ། མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་དངོས་པོའི་དོན་ཉིད་ཀྱིས་ཇི་ལྟར་གཟིགས་པ་དེ་ལྟར་གཞན་ལ་བསྟན་པའི་ཕྱིར། རྡོ་རྗེ་འཆང་གི་གནས་སུ་གཤེགས་པའི་ཚེ་སྐྱིད་ཤོད་སྙེ་ཐང་བཀྲ་ཤིས་དཔལ་གྱི་ན་མོ་ཆེར་རྡོ་རྗེའི་གླུ་བླངས་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[3]། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བར་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༡ ལྡེབ་ ༢༠༨ན༣ ནས་ ༢༠༩བ༡ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༩-༡༠༣ ཚེག་ཁྱིམ་ ༡༠༦༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པ༽ ཚན་གྲངས་ ༣༩ ལྡེབ་ ༢༡༠བ༣ ནས་ ༢༡༢ན༥ བར་ཡིག་ཕྲེང་ ༢༧ ཚིག་རྐང་ ༩-༡༠༣ ཚེག་ཁྱིམ་ ༡༠༦༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པ༽ ཚན་གྲངས་ ༣༩ ལྡེབ་ ༢༢༢ན༧ ནས་ ༢༢༤ན༣ བར་ཡིག་ཕྲེང་ ༢༥ ཚིག་རྐང་ ༩-༡༠༣ ཚེག་ཁྱིམ་ ༡༠༦༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༡ ལྡེབ་ ༢༠༩ན༣ ནས་ ༢༡༠བ༡ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༩-༡༠༣ ཚེག་ཁྱིམ་ ༡༠༦༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞ༽ དེབ་ཨང་ ༡༡ ཤོག་གྲངས་ ༡༥༨༥ ནས་ ༡༥༨༨ བར་བཞུགས་པ་བཅས་སོ།།
༨༽ རྒྱུད་ ༼ཞ༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཨཱ་ས་ན་བཛྲ་གཱི་ཏི་བྲིཏྟི། བོད་སྐད་དུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུའི་འགྲེལ་པ། མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཏེ་གཏན་ལ་ཕབ་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༢ ལྡེབ་ ༢༠༩བ༡ ནས་ ༢༡༥ན༥ བར་ཡིག་ཕྲེང་ ༨༢ ཚེག་ཁྱིམ་ ༤༧༠༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པ༽ ཚན་གྲངས་ ༤༠ ལྡེབ་ ༢༡༢ན༥ ནས་ ༢༡༨བ༨ བར་ཡིག་ཕྲེང་ ༡༠༧ ཚེག་ཁྱིམ་ ༤༧༤༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པ༽ ཚན་གྲངས་ ༤༠ ལྡེབ་ ༢༢༤ན༣ ནས་ ༢༣༡ན༤ བར་ཡིག་ཕྲེང་ ༡༠༠ ཚེག་ཁྱིམ་ ༤༧༤༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༢ ལྡེབ་ ༢༡༠བ༡ ནས་ ༢༦༡ན༤ བར་ཡིག་ཕྲེང་ ༨༡ ཚེག་ཁྱིམ་ ༤༧༤༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞ༽ དེབ་ཨང་ ༡༡ ཤོག་གྲངས་ ༡༥༩༠ ནས་ ༡༦༠༣ བར་བཞུགས་པ་བཅས་སོ།།
༩༽ རྒྱུད་ ༼ཞ༽ པ་ལ། རྒྱ་གར་སྐད་དུ། ཙཱརྱ་གཱི་ཏི། བོད་སྐད་དུ། སྤྱོད་པའི་གླུ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་བཛྲ་པཱ་ཎི་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༣ ལྡེབ་ ༢༡༥ན༥ ནས་ ༢༡༦བ༤ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༡༡-༩༤ ཚེག་ཁྱིམ་ ༡༡༡༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པ༽ ཚན་གྲངས་ ༤༡ ལྡེབ་ ༢༡༨བ༨ ནས་ ༢༢༠བ༡ བར་ཡིག་ཕྲེང་ ༢༦ ཚིག་རྐང་ ༡༡-༩༤ ཚེག་ཁྱིམ་ ༡༡༡༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པ༽ ཚན་གྲངས་ ༤༡ ལྡེབ་ ༢༣༡ན༤ ནས་ ༢༣༢བ༦ བར་ཡིག་ཕྲེང་ ༢༤ ཚིག་རྐང་ ༡༡-༩༤ ཚེག་ཁྱིམ་ ༡༡༡༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༣ ལྡེབ་ ༢༡༦ན༤ ནས་ ༢༡༧བ༢ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༡༡-༩༤ ཚེག་ཁྱིམ་ ༡༡༡༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞ༽ དེབ་ཨང་ ༡༡ ཤོག་གྲངས་ ༡༦༠༦ ནས་ ༡༦༠༩ བར་བཞུགས་པ་བཅས་སོ།།
༡༠༽ རྒྱུད་ ༼ཞ༽ པ་ལ། རྒྱ་གར་སྐད་དུ། ཙཱརྱ་གཱི་ཏི་བྲིཏྟི། བོད་སྐད་དུ། སྤྱོད་པའི་གླུའི་འགྲེལ་པ། ཇོ་བོ་རྗེས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༤ ལྡེབ་ ༢༡༦བ༤ ནས་ ༢༡༩ན༡ བར་ཡིག་ཕྲེང་ ༣༣ ཚེག་ཁྱིམ་ ༡༨༩༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པ༽ ཚན་གྲངས་ ༤༢ ལྡེབ་ ༢༢༠བ༡ ནས་ ༢༢༣ན༤ བར་ཡིག་ཕྲེང་ ༤༣ ཚེག་ཁྱིམ་ ༡༨༨༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པ༽ ཚན་གྲངས་ ༤༢ ལྡེབ་ ༢༣༤བ༦ ནས་ ༢༣༥བ༢ བར་ཡིག་ཕྲེང་ ༣༩ ཚེག་ཁྱིམ་ ༡༨༨༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞ༽ ཚན་གྲངས་ ༤༤ ལྡེབ་ ༢༡༧བ༢ ནས་ ༢༡༩བ༦ བར་ཡིག་ཕྲེང་ ༣༣ ཚེག་ཁྱིམ་ ༡༨༩༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞ༽ དེབ་ཨང་ ༡༡ ཤོག་གྲངས་ ༡༦༡༡ ནས་ ༡༦༡༦ བར་བཞུགས་པ་བཅས་སོ།།
༡༡༽ རྒྱུད་ ༼འ༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པའམ། དཔལ་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་དཀར་མོའི་བསྟོད་པ། པཎྜི་ཏ་དཱི་པཾ་ཀ་རས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༡༥ ལྡེབ་ ༡༠༣བ༡ ནས་ ༡༠༤ན༣ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༡ ཚེག་ཁྱིམ་ ༤༥༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཕ༽ ཚན་གྲངས་ ༦༨ ལྡེབ་ ༤༢༠བ༣ ནས་ ༤༢༡ན༨ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༥༡ ཚེག་ཁྱིམ་ ༤༦༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཕ༽ ཚན་གྲངས་ ༦༨ ལྡེབ་ ༣༨༥ན༡ ནས་ ༣༨༥བ༣ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༡ ཚེག་ཁྱིམ་ ༤༦༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༡༥ ལྡེབ་ ༡༠༣ན༧ ནས་ ༡༠༤ན༡ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༥༡ ཚེག་ཁྱིམ་ ༤༥༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼འ༽ དེབ་ཨང་ ༡༢ ཤོག་གྲངས་ ༡༠༥༢ ནས་ ༡༠༥༣ བར་བཞུགས་པ་བཅས་སོ།།
༡༢༽ རྒྱུད་ ༼འ༽ པ་ལ། རྒྱ་གར་སྐད་དུ། རཏྣ་ཨ་ལཾ་ཀཱ་ར་སིདྡྷི། བོད་སྐད་དུ། རིན་པོ་ཆེ་རྒྱན་གྱི་སྒྲུབ་པ། མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། རྒྱ་བརྩོན་འགྲུས་སེངྒེའི་འགྱུར། གསེར་བྲིས་བསྟན་འགྱུར་དཀར་ཆག་ལས[4]། ཕག་མོ་རིན་ཆེན་རྒྱན་གྱི་སྒྲུབ་ཐབས། ཞེས་འབྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༡༩ ལྡེབ་ ༡༡༠ན༢ ནས་ ༡༡༡བ༡ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༡༥༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཕ༽ ཚན་གྲངས་ ༧༢ ལྡེབ་ ༤༢༨བ༥ ནས་ ༤༣༠ན༨ བར་ཡིག་ཕྲེང་ ༢༧ ཚེག་ཁྱིམ་ ༡༡༦༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཕ༽ ཚན་གྲངས་ ༧༢ ལྡེབ་ ༣༩༢ན༥ ནས་ ༣༩༣བ༧ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༡༦༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༡༩ ལྡེབ་ ༡༠༩བ༦ ནས་ ༡༡༡ན༦ བར་ཡིག་ཕྲེང་ ༢༢ ཚེག་ཁྱིམ་ ༡༡༥༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼འ༽ དེབ་ཨང་ ༡༢ ཤོག་གྲངས་ ༡༠༧༦ ནས་ ༡༠༧༩ བར་བཞུགས་པ་བཅས་སོ།།
༡༣༽ རྒྱུད་ ༼འ༽ པ་ལ། རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་པའི་ཐབས། པཎྜི་ཏ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། རྒྱ་བརྩོན་འགྲུས་སེངྒེའི་འགྱུར། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༢༠ ལྡེབ་ ༡༡༡བ༡ ནས་ ༡༡༢བ༢ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༨༦༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཕ༽ ཚན་གྲངས་ ༧༣ ལྡེབ་ ༤༣༠བ༡ ནས་ ༤༣༡བ༦ བར་ཡིག་ཕྲེང་ ༢༢ ཚེག་ཁྱིམ་ ༨༨༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཕ༽ ཚན་གྲངས་ ༧༣ ལྡེབ་ ༣༩༤ན༡ ནས་ ༣༩༥ན༣ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༨༧༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༢༠ ལྡེབ་ ༡༡༡ན༦ ནས་ ༡༡༢ན༧ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༨༦༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼འ༽ དེབ་ཨང་ ༡༢ ཤོག་གྲངས་ ༡༠༨༡ ནས་ ༡༠༨༣ བར་བཞུགས་པ་བཅས་སོ།།
༡༤༽ རྒྱུད་ ༼འ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཡོ་གི་ནཱི་སཱ་དྷ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། རྗེ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༢༡ ལྡེབ་ ༡༡༢བ༢ ནས་ ༡༡༣ན༥ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༥༥༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཕ༽ ཚན་གྲངས་ ༧༤ ལྡེབ་ ༤༣༡བ༦ ནས་ ༤༣༢བ༥ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༥༥༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཕ༽ ཚན་གྲངས་ ༧༤ ལྡེབ་ ༣༩༥ན༣ ནས་ ༣༩༥བ༧ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༥༥༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༢༡ ལྡེབ་ ༡༡༢ན༧ ནས་ ༡༡༣ན༣ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༥༥༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼འ༽ དེབ་ཨང་ ༡༢ ཤོག་གྲངས་ ༡༠༨༥ ནས་ ༡༠༨༧ བར་བཞུགས་པ་བཅས་སོ།།
༡༥༽ རྒྱུད་ ༼འ༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སྟོ་ཏྲ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཁུ་ནེ་ཙོས་བསྒྱུར་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༢༢ ལྡེབ་ ༡༡༣ན༥ ནས་ ༡༡༤ན༡ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༩-༥༠ ཚེག་ཁྱིམ་ ༥༠༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཕ༽ ཚན་གྲངས་ ༧༥ ལྡེབ་ ༤༣༢བ༥ ནས་ ༤༣༣བ༣ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༩-༥༠ ཚེག་ཁྱིམ་ ༥༡༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཕ༽ ཚན་གྲངས་ ༧༥ ལྡེབ་ ༣༩༥བ༧ ནས་ ༣༩༦བ༤ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༩-༥༠ ཚེག་ཁྱིམ་ ༥༡༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼འ༽ ཚན་གྲངས་ ༢༢ ལྡེབ་ ༡༡༣ན༢ ནས་ ༡༡༣ན༥ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༩-༥༠ ཚེག་ཁྱིམ་ ༥༠༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼འ༽ དེབ་ཨང་ ༡༢ ཤོག་གྲངས་ ༡༠༨༩ ནས་ ༡༩༠༡ བར་བཞུགས་པ་བཅས་སོ།། (གོང་གསལ་ཆོས་ཚན་ ༡༡ དང་འདི་གཉིས་བསྟོད་པའི་མཚན་བྱང་ཅུང་ཟད་འདྲ་ན་ཡང་བསྟོད་པ་ཐ་དད་པ་ཡིན་ནོ།།)
༡༦༽ རྒྱུད་ ༼ཤ༽ པ་ལ། སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བྲི་ཀ་མ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར། གཞུང་དངོས་དང་། སྡེ་བསྟན་དཀར་ཆག་གཉིས་སུ་གཅིག་མཚུངས་སུ་བསྒྱུར་བ་ལས་མཛད་ཚུལ་མི་འབྱུང་ཡང་། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས་ལས[5]། ༨༽ སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བྲི་ཀ་མ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར། ཞེས་གསལ་བ་ལྟར་ཇོ་བོའི་གསུང་ཡིན་པར་གསལ་བ་ལྟར་འདིར་གསུང་གི་གྲས་སུ་བཞུགས་སུ་གསོལ་ཞིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༡༣ ལྡེབ་ ༥༢ན༥ ནས་ ༥༢བ༡ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༡༣ ཚེག་ཁྱིམ་ ༡༠༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༡༣ ལྡེབ་ ༦༡བ༨ ནས་ ༦༢ན༤ བར་ཡིག་ཕྲེང་ ༥ ཚིག་རྐང་ ༧-༡༣ ཚེག་ཁྱིམ་ ༡༡༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༡༢ ལྡེབ་ ༥༤ན༣ ནས་ ༥༤ན༦ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༡༣ ཚེག་ཁྱིམ་ ༡༡༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༡༣ ལྡེབ་ ༥༢ན༥ ནས་ ༥༢བ༡ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༡༣ ཚེག་ཁྱིམ་ ༡༠༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ ཤོག་གྲངས་ ༡༠༠༣ ཐོག་བཞུགས་པ་བཅས་སོ།།
༡༧༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཨཱཾ་ན་ཡ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་བདེ་བའི་མན་ངག །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང༌གཏན་ལ་ཕབ། ཕོ་བྲང་བྱང་ཆུབ་འོད་ཀྱིས་ཞུས་པའོ[6]། །ཞེས་ཇོ་བོས་བསྒྱུར་བ་ལས་མཛད་པ་པོ་ཇོ་བོ་རྗེ་ཡིན་མིན་གསལ་ཁ་མ་བྱུང་ཡང་། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས་དང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[7]། རྒྱུད་འགྲེལ། ༼ལ༽ ༦༣། བྱང་ཆུབ་ཀྱི་སེམས་བདེ་བའི་མན་ངག །སློབ་དཔོན་ཇོ་བོ་རྗེས་མཛད། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་ཕོ་བྲང་བྱང་ཆུབ་འོད་དུ་བསྒྱུར། ལྡེབ་གྲངས་ ༡༦༨བ། ༡༦༩བ། བར་བཞུགས་པར་གསལ་བ་ལྟར་མཛད་པ་པོ་དང་སྒྱུར་བ་པོ་གཉིས་ཀ་ཇོ་བོ་རང་ཉིད་ཡིན་པར་ཤིན་ཏུ་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༡༤ ལྡེབ་ ༥༢བ༡ ནས་ ༥༣ན༢ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༥༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༦༥ ལྡེབ་ ༡༣༨ན༦ ནས་ ༡༣༩ན༢ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༤༦༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༦༤ ལྡེབ་ ༡༢༤བ༤ ནས་ ༡༢༥ན༦ བར་ཡིག་ཕྲེང་ ༡༠ ཚེག་ཁྱིམ་ ༤༥༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༡༤ ལྡེབ་ ༥༢བ༡ ནས་ ༥༣ན༢ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༥༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ ཤོག་གྲངས་ ༡༠༠༥ ནས་ ༡༠༠༦ བར་བཞུགས་པ་བཅས་སོ།།
༡༨༽ རྒྱུད་ ༼ཤ༽ པ་ལ། རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་བ་ལི་ཾཏེ་སྱ་ནཱ་མ། བོད་སྐད་དུ། དཔལ་མགོན་པོའི་གཏོར་མ་ཞེས་བྱ་བ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། དེ་ཉིད་དང༌། ལོ་ཙཱ་བ་འབྲོམ་སྟོན་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་དང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༨༣ ལྡེབ་ ༢༥༦བ༤ ནས་ ༢༥༨བ༡ བར་ཡིག་ཕྲེང་ ༢༦ ཚེག་ཁྱིམ་ ༡༣༡༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ལ༽ ཚན་གྲངས་ ༧༩ ལྡེབ་ ༢༨༢བ༢ ནས་ ༢༨༤བ༤ བར་ཡིག་ཕྲེང་ ༣༦ ཚེག་ཁྱིམ་ ༡༣༢༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ལ༽ ཚན་གྲངས་ ༧༨ ལྡེབ་ ༢༥༧ན༦ ནས་ ༢༥༩བ༡ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༣༢༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཤ༽ ཚན་གྲངས་ ༨༣ ལྡེབ་ ༢༥༦བ༣ ནས་ ༢༥༨ན༧ བར་ཡིག་ཕྲེང་ ༢༥ ཚེག་ཁྱིམ་ ༡༣༡༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ ཤོག་གྲངས་ ༡༦༥༣ ནས་ ༡༦༥༨ བར་བཞུགས་པ་བཅས་སོ།།
༡༩༽ རྒྱུད་ ༼པི༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་ས་མཱ་ཛ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། (གསང་འདུས་ཀྱི་དཀྱིལ་འཁོར་ལ་སྤྱན་རས་གཟིགས་གཙོ་བོར་སྟོན་པ་) དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས་ཞེས་བྱ་བའམ། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་དཔལ་གསང་བ་འདུས་པའི་རྒྱུད་ཀྱི་རིམ་པས་སྒྲུབ་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༡༩ ཏིང་ངེ་འཛིན་ ༣ ལྡེབ་ ༢༢༠བ༦ ནས་ ༢༣༡བ༥ བར་ཡིག་ཕྲེང་ ༡༥༤ ཚེག་ཁྱིམ་ ༨༨༧༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཐི༽ ཚན་གྲངས་ ༡༩ ཏིང་ངེ་འཛིན་ ༣ ལྡེབ་ ༢༦༣ན༦ ནས་ ༢༧༧བ༤ བར་ཡིག་ཕྲེང་ ༢༣༡ ཚེག་ཁྱིམ་ ༨༨༡༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཐི༽ ཚན་གྲངས་ ༡༩ ཏིང་ངེ་འཛིན་ ༣ ལྡེབ་ ༢༤༩ན༡ ནས་ ༢༦༢བ༦ བར་ཡིག་ཕྲེང་ ༡༩༥ ཚེག་ཁྱིམ་ ༨༨༡༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༡༩ ཏིང་ངེ་འཛིན་ ༣ ལྡེབ་ ༢༢༡བ༥ ནས་ ༢༣༢བ༤ བར་ཡིག་ཕྲེང་ ༡༥༤ ཚེག་ཁྱིམ་ ༨༨༧༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པི༽ དེབ་ཨང་ ༢༢ ཤོག་གྲངས་ ༡༡༧༥ ནས་ ༡༢༠༡ བར་བཞུགས་པ་བཅས་སོ།།
༢༠༽ རྒྱུད་ ༼པི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཝ་ལོ་ཀ་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
འོན་ཀྱང་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[8]། དེ་ནས་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཁོང་རང་ཇི་ལྟར་བཞེད་པ་བཞིན་དུ་མཛད་ནས་ལོ་ཙཱ་བ་དང་གཉིས་ཀྱིས་བསྒྱུར་རོ། །དེའི་དུས་སུ་ཆོས་གཞན་ཡང་མང་དུ་བསྒྱུར་ཏེ། མྱ་ངན་ལས་འདས་པའི་མདོ་བམ་པོ་བཅུ་གཉིས་དང་། ཁྱེའུ་གསེར་མདོག་གི་རྟོགས་པ་བརྗོད་པའི་མདོ་དང་། ཆོས་བཞི་སྒྲུབ་པའི་མདོ་དང་། དཔའ་བོ་གྲུབ་པའི་རྒྱུད་དང་། འཆི་བ་བླུ་བའི་མན་ངག་དང་། དགེ་སློང་མ་དཔལ་མོས་མཛད་པའི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམས་ལོ་ཙཱ་བས་བསྒྱུར་རོ། །ཞེས་གསུངས་པ་ལྟར། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བར་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༠ ལྡེབ་ ༢༣༡བ༦ ནས་ ༢༣༣ན༤ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༡༠༡༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཐི༽ ཚན་གྲངས་ ༢༠ ལྡེབ་ ༢༧༧བ༤ ནས་ ༢༧༩ན༨ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༠༢༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཐི༽ ཚན་གྲངས་ ༢༠ ལྡེབ་ ༢༦༢བ༦ ནས་ ༢༦༤ན༧ བར་ཡིག་ཕྲེང་ ༢༥ ཚེག་ཁྱིམ་ ༡༠༡༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༠ ལྡེབ་ ༢༣༢བ༤ ནས་ ༢༣༤ན༢ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༡༠༡༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པི༽ དེབ་ཨང་ ༢༢ ཤོག་གྲངས་ ༡༢༠༥ ནས་ ༡༢༠༨ བར་བཞུགས་པ་བཅས་སོ།།
༢༡༽ རྒྱུད་ ༼པི༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་གུ་ཧྱ་ས་མཱ་ཛ་སྟོ་ཏྲ། བོད་སྐད་དུ། དཔལ་གསང་བ་འདུས་པའི་བསྟོད་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༡ ལྡེབ་ ༢༣༣ན༤ ནས་ ༢༣༣བ༧ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༥༩༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཐི༽ ཚན་གྲངས་ ༢༡ ལྡེབ་ ༢༧༩ན༨ ནས་ ༢༨༠ན༨ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༦༠༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཐི༽ ཚན་གྲངས་ ༢༡ ལྡེབ་ ༢༦༤ན༧ ནས་ ༢༦༥ན༧ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༥༩༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༡ ལྡེབ་ ༢༣༤ན༢ ནས་ ༢༣༤བ༥ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༧༦ ཚེག་ཁྱིམ་ ༥༩༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པི༽ དེབ་ཨང་ ༢༢ ཤོག་གྲངས་ ༡༢༡༠ ནས་ ༡༢༡༢ བར་བཞུགས་པ་བཅས་སོ།།
༢༢༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། ཀརྨ་བཛྲ་ཎི་གཽ་རཱི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ལས་ཀྱི་རྡོ་རྗེ་གཽ་རཱིའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། འདིར་འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༤ ལྡེབ་ ༧༠ན༡ ནས་ ༧༠བ༣ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤། ༩-༤༦ ཚེག་ཁྱིམ་ ༥༢༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༢༤ ལྡེབ་ ༨༥ན༨ ནས་ ༨༦ན༤ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༤། ༩-༤༦ ཚེག་ཁྱིམ་ ༥༢༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༤ ལྡེབ་ ༧༤ན༧ ནས་ ༧༥ན༣ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༤། ༩-༤༦ ཚེག་ཁྱིམ་ ༥༡༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༤ ལྡེབ་ ༦༩བ༢ ནས་ ༧༠ན༤ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤། ༩-༤༦ ཚེག་ཁྱིམ་ ༥༢༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༡༨ ནས་ ༢༢༠ བར་བཞུགས་པ་བཅས་སོ།།
༢༣༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། དཎྜ་དྷྲིཀ་བི་དཱ་ར་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དབྱུག་པ་གཤིན་རྗེ་གཤེད་རྣམ་པར་འཇོམས་པ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཱི་པཾ་ཀ་རས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་དུ་མཛད་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༩ ལྡེབ་ ༧༥བ༤ ནས་ ༧༦ན༥ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༣༩ ཚེག་ཁྱིམ་ ༤༧༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༢༩ ལྡེབ་ ༩༡བ༤ ནས་ ༩༢ན༨ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༣༩ ཚེག་ཁྱིམ་ ༤༨༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༩ ལྡེབ་ ༨༠ན༣ ནས་ ༨༠བ༥ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༣༩ ཚེག་ཁྱིམ་ ༤༧༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༩ ལྡེབ་ ༧༥ན༣ ནས་ ༧༥བ༤ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༣༩ ཚེག་ཁྱིམ་ ༤༧༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༤༠ ནས་ ༢༤༡ བར་བཞུགས་པ་བཅས་སོ།།
༢༤༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། ཙཎྜ་ཁཌྒ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རལ་གྲི་གཤིན་རྗེ་གཤེད་གཏུམ་པོའི་སྒྲུབ་ཐབས་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཞེས་བྱ་བས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་དུ་མཛད་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༣༠ ལྡེབ་ ༧༦ན༥ ནས་ ༧༦བ༦ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༣༩། ༩-༤ ཚེག་ཁྱིམ་ ༦༠༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༣༠ ལྡེབ་ ༩༢ན༨ ནས་ ༩༣ན༤ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༣༩། ༩-༤ ཚེག་ཁྱིམ་ ༦༡༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༣༠ ལྡེབ་ ༨༠བ༥ ནས་ ༨༡ན༧ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༣༩། ༩-༤ ཚེག་ཁྱིམ་ ༦༠༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༣༠ ལྡེབ་ ༧༥བ༤ ནས་ ༧༦ན༤ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༣༩། ༩-༤ ཚེག་ཁྱིམ་ ༦༠༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༤༣ ནས་ ༢༤༤ བར་བཞུགས་པ་བཅས་སོ།།
༢༥༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། པྲཛྙཱ་སུ་ཁ་ཡ་པདྨ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། པདྨ་གཤིན་རྗེ་གཤེད་ཀྱི་ཤེས་རབ་བདེ་བ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཞེས་བྱ་བས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་དུ་མཛད་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༣༡ ལྡེབ་ ༧༦བ༦ ནས་ ༧༧ན༧ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༥༠ ཚེག་ཁྱིམ་ ༤༩༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༣༡ ལྡེབ་ ༩༣ན༤ ནས་ ༩༣བ༧ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༥༠ ཚེག་ཁྱིམ་ ༥༠༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༣༡ ལྡེབ་ ༨༡ན༧ ནས་ ༨༢ན༢ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༠ ཚེག་ཁྱིམ་ ༤༩༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༣༡ ལྡེབ་ ༧༦ན༤ ནས་ ༧༦བ༥ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༥༠ ཚེག་ཁྱིམ་ ༤༩༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༤༦ ནས་ ༢༤༧ བར་བཞུགས་པ་བཅས་སོ།།
༢༦༽ རྒྱུད་ ༼ཞི༽ པ་ལ། རྒྱ་གར་སྐད་དུ། ས་ན་ས་ར་མཱ་ན་ནི་ཡཱ་ཎི་ཀ་ར་ནཱ་མ་སངྒཱི་ཏི། བོད་སྐད་དུ། འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པ་ཞེས་བྱ་བའི་གླུ། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ། (སྔ་འགྱུར།) རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ་བསྒྱུར་བའོ། ། (ཕྱི་འགྱུར།) སླད་ནས་བླ་མ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བཅོས་ཤིང་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༤༧ ལྡེབ་ ༢༥༣ན༥ ནས་ ༢༥༤བ༧ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༢༠༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཙི༽ ཚན་གྲངས་ ༤༦ ལྡེབ་ ༢༦༧བ༡ ནས་ ༢༦༩ན༨ བར་ཡིག་ཕྲེང་ ༣༢ ཚེག་ཁྱིམ་ ༡༢༠༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཙི༽ ཚན་གྲངས་ ༤༦ ལྡེབ་ ༢༥༧ན༢ ནས་ ༢༥༨བ༦ བར་ཡིག་ཕྲེང་ ༢༦ ཚེག་ཁྱིམ་ ༡༡༩༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༤༧ ལྡེབ་ ༢༥༣ན༥ ནས་ ༢༥༤བ༧ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༡༢༠༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ ཤོག་གྲངས་ ༡༦༥༥ ནས་ ༡༦༥༩ བར་བཞུགས་པ་བཅས་སོ།།
༢༧༽ རྒྱུད་ ༼ཞི༽ པ་ལ། རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་ས་ར་གཱི་ཏ། བོད་སྐད་དུ། ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། སློབ་དཔོན་ཆེན་པོ་དཱི་པཾ་ཀ་རས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༤༨ ལྡེབ་ ༢༥༤བ༧ ནས་ ༢༦༠བ༥ བར་ཡིག་ཕྲེང་ ༨༣ ཚིག་རྐང་ ༧-༥༩༥ ཚེག་ཁྱིམ་ ༤༣༥༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཙི༽ ཚན་གྲངས་ ༤༧ ལྡེབ་ ༢༦༩ན༨ ནས་ ༢༧༦ན༤ བར་ཡིག་ཕྲེང་ ༡༠༩ ཚིག་རྐང་ ༧-༥༩༣ ཚེག་ཁྱིམ་ ༤༣༥༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཙི༽ ཚན་གྲངས་ ༤༧ ལྡེབ་ ༢༥༨བ༧ ནས་ ༢༦༥ན༥ བར་ཡིག་ཕྲེང་ ༩༠ ཚིག་རྐང་ ༧-༥༩༣ ཚེག་ཁྱིམ་ ༤༣༡༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཞི༽ ཚན་གྲངས་ ༤༨ ལྡེབ་ ༢༥༤བ༧ ནས་ ༢༦༠བ༥ བར་ཡིག་ཕྲེང་ ༨༣ ཚིག་རྐང་ ༧-༥༩༥ ཚེག་ཁྱིམ་ ༤༣༥༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ ཤོག་གྲངས་ ༡༦༦༡ ནས་ ༡༦༧༥ བར་བཞུགས་པ་བཅས་སོ།།
༢༨༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཆོས་ཀྱི་གླུ། འགྱུར་བྱང་ཡང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[9]། རཏྣ་ཕ་ལས་ (རྒྱ་གར་གྱི་རིན་ཆེན་བཟང་པོ་ཡང་ཞུ།) སྒྲ་སྒྱུར་མཛད་པར་གསལ་ལོ། །གཞུང་ཚད་ཡིག་འབྲུ་དགུ་མ་ཅན་ཚིགས་བཅད་གསུམ་དང་རྐང་པ་གཉིས་བཞུགས། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༣༤ ལྡེབ་ ༡༠ན༦ ནས་ ༡༠བ༢ བར་ཡིག་ཕྲེང་ ༤ ཚིག་རྐང་ ༩-༡༤ ཚེག་ཁྱིམ་ ༡༤༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༣༤ ལྡེབ་ ༡༢བ༢ ནས་ ༡༢བ༦ བར་ཡིག་ཕྲེང་ ༥ ཚིག་རྐང་ ༩-༡༤ ཚེག་ཁྱིམ་ ༡༤༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༣༤ ལྡེབ་ ༡༡བ༡ ནས་ ༡༡བ༤ བར་ཡིག་ཕྲེང་ ༤ ཚིག་རྐང་ ༩-༡༤ ཚེག་ཁྱིམ་ ༡༤༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༣༤ ལྡེབ་ ༡༠ན༦ ནས་ ༡༠བ༡ བར་ཡིག་ཕྲེང་ ༣ ཚིག་རྐང་ ༩-༡༤ ཚེག་ཁྱིམ་ ༡༤༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞི༽ དེབ་ཨང་ ༢༦ ཤོག་གྲངས་ ༧༢ ནས་ ༧༢ བར་བཞུགས་པ་བཅས་སོ།།
༢༩༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་དུ། ས་མཱ་དྷི་སམྦྷ་ར་པ་ཏི་བརྟ། བོད་སྐད་དུ། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་(འབྲོག་མི་)ཤཱཀྱ་བློ་གྲོས་ཀྱི་འགྱུར། བསྟན་བཅོས་འདི་ནི་ཚིགས་སུ་བཅད་པ་ཕྱེད་དང་བཅུ་གཉིས་ཀྱི་བདག་ཉིད་ཅན་ཞིག་ཡིན་ལ། དེ་ཡང་རྐང་པ་མཐའ་མ་གཉིས་ནི་བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བའི་ཚིག་ཡིན་པས། བསྟན་བཅོས་ཀྱི་བརྗོད་བྱ་སྟོན་པའི་ལུས་མིན་ལ། བསྟན་བཅོས་དངོས་ནི་ཚིགས་བཅད་བཅུ་གཅིག་གི་བདག་ཉིད་ཅན་ཞིག་ཡིན་ཅིང་། འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༢༠ ལྡེབ་ ༡༣༤བ༦ ནས་ ༡༣༥ན༦ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༤། ༡༡-༢ ཚེག་ཁྱིམ་ ༤༡༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༢༠ ལྡེབ་ ༡༦༩ན༢ ནས་ ༡༦༩བ༥ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༤༤། ༡༡-༢ ཚེག་ཁྱིམ་ ༤༡༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༢༠ ལྡེབ་ ༡༤༦བ༦ ནས་ ༡༤༧བ༡ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༤། ༡༡-༢ ཚེག་ཁྱིམ་ ༤༡༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༢༠ ལྡེབ་ ༡༣༤བ༥ ནས་ ༡༣༥ན༦ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༤། ༡༡-༢ ཚེག་ཁྱིམ་ ༤༡༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ ཤོག་གྲངས་ ༥༤༢ ནས་ ༥༤༣ བར་བཞུགས་པ་བཅས་སོ།།
༣༠༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་དུ། ལོ་ཀ་ཨ་ཏི་ཏ་སཔྟ་ཀ་བི་དྷིཿ བོད་སྐད་དུ། འཇིག་རྟེན་འདས་པའི་ཡན་ལག་བདུན་པའི་ཆོ་ག །སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོར་མཛད་པ། པཎྜི་ཏ་དེ་ཉིད་དང༌། (འབྲོག་མི་) ལོ་ཙཱ་བ་ཤཱཀྱ་བློ་གྲོས་ཀྱི་འགྱུར། སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[10]། འདི་དག་མདོ་ཕྱོགས་སུ་བྲིས་པ་ནི་ནོར་བ་ཡིན་ནོ། །ཞེས་འབྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་བསྐྱར་གསོའི་ངོ་བོར་བཞུགས་སོ།།
འོན་ཀྱང་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[11]། གཞན་ཡང་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་། སྨན་དཔྱད་ཡན་ལག་བརྒྱད་པ་དང་། མདོ་སྡེ་ཀུན་ལས་བཏུས་པའི་མན་ངག་དང་། བྱང་ཆུབ་ཀྱི་སེམས་དཔའ་ནོར་བུའི་ཕྲེང་བ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་དུ་བྱས་པ་དང་། འཇིག་རྟེན་ལས་འདས་པའི་ཡན་ལག་བདུན་པ་རྣམས་མཛད་ནས། ཇོ་བོ་དང་ལོ་ཙཱ་བ་གཉིས་ཀྱིས་བསྒྱུར་རོ། །ཞེས་གསུངས་པ་ལྟར། བསམ་ཡས་པེ་ཧར་གླིང་དུ་བསྒྱུར་བར་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༢༡ ལྡེབ་ ༡༣༥ན༦ ནས་ ༡༣༥བ༧ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༤༠ ཚེག་ཁྱིམ་ ༣༦༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༢༡ ལྡེབ་ ༡༦༩བ༥ ནས་ ༡༧༠ན༨ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༤༠ ཚེག་ཁྱིམ་ ༣༩༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༢༡ ལྡེབ་ ༡༤༧བ༡ ནས་ ༡༤༨ན༢ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༤༠ ཚེག་ཁྱིམ་ ༣༨༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༢༡ ལྡེབ་ ༡༣༥ན༦ ནས་ ༡༣༥བ༦ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༠ ཚེག་ཁྱིམ་ ༣༦༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ ཤོག་གྲངས་ ༥༤༥ ནས་ ༥༤༦ བར་བཞུགས་པ་བཅས་སོ།།
༣༡༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་དུ། ཀཱ་ཡ་བཱཀ་ཙིཏྟ་སུ་པྲ་ཏིཥྛ་ནཱ་མ། བོད་སྐད་དུ། སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ་ཞེས་བྱ་བའམ། སྐུ་གསུང་ཐུགས་ཪབ་ཏུ་གནས་པ་ཞེས་བྱ་བ། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དེ་ཉིད་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བི་ཀྲ་མ་ཤཱི་ལར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༥༦ ལྡེབ་ ༢༥༤བ༧ ནས་ ༢༦༠ན༢ བར་ཡིག་ཕྲེང་ ༧༣ ཚིག་རྐང་ ༧-༤༩༤ ཚེག་ཁྱིམ་ ༣༥༧༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༥༤ ལྡེབ་ ༣༡༦ན༡ ནས་ ༣༢༢ན༡ བར་ཡིག་ཕྲེང་ ༩༧ ཚིག་རྐང་ ༧-༤༩༥ ཚེག་ཁྱིམ་ ༣༥༩༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༥༤ ལྡེབ་ ༢༧༥བ༢ ནས་ ༢༨༡ན༢ བར་ཡིག་ཕྲེང་ ༧༨ ཚིག་རྐང་ ༧-༤༩༥ ཚེག་ཁྱིམ་ ༣༥༨༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༥༦ ལྡེབ་ ༢༥༤བ༦ ནས་ ༢༦༠ན༡ བར་ཡིག་ཕྲེང་ ༧༣ ཚིག་རྐང་ ༧-༤༩༤ ཚེག་ཁྱིམ་ ༣༥༧༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ ཤོག་གྲངས་ ༩༡༨ ནས་ ༩༣༠ བར་བཞུགས་པ་བཅས་སོ།།
༣༢༽ རྒྱུད་ ༼ཇུ༽ པ་ལ། རྒྱ་གར་སྐད་དུ། ཨཀཱོ་བྷྱ་སཱ་དྷ་ནྃ་ནཱ་མ། བོད་སྐད་དུ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྒྱུན་གཅོད་པར་བྱེད་པའི་གཟུངས་རྣལ་འབྱོར་གྱི་རྒྱུད་དུ་དགོངས་པ་བཀྲལ་བ་མི་འཁྲུགས་པའི་སྒྲུབ་ཐབས་ཞེས་བྱ་བ་རྒྱས་པའམ། མི་འཁྲུགས་པའི་སྒྲུབ་ཐབས་ཞེས་བྱ་བ། གཞུང་དངོས་ཀྱི་མཛད་བྱང་དུ[12]། བཅོམ་ལྡན་འདས་མི་འཁྲུགས་པའི་སྒྲུབ་ཐབས་རྒྱས་པ། ཞེས་འབྱུང་། སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༢༦ ལྡེབ་ ༣༠༦བ༥ ནས་ ༣༠༨ན༢ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༡༢༩༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གུ༽ ཚན་གྲངས་ ༢༣ ལྡེབ་ ༣༣༧ན༣ ནས་ ༣༣༨བ༦ བར་ཡིག་ཕྲེང་ ༢༨ ཚེག་ཁྱིམ་ ༡༣༠༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གུ༽ ཚན་གྲངས་ ༢༣ ལྡེབ་ ༣༢༠བ༢ ནས་ ༣༢༢ན༥ བར་ཡིག་ཕྲེང་ ༢༥ ཚེག་ཁྱིམ་ ༡༣༠༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༢༦ ལྡེབ་ ༣༢༢བ༣ ནས་ ༣༢༤ན༢ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༢༩༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཇུ༽ དེབ་ཨང་ ༣༤ ཤོག་གྲངས་ ༡༥༨༩ ནས་ ༡༥༩༢ བར་བཞུགས་པ་བཅས་སོ།།
༣༣༽ རྒྱུད་ ༼ཇུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། མི་འཁྲུགས་པའི་སྒྲུབ་ཐབས་བཞུགས་སམ། མི་འཁྲུགས་པའི་སྒྲུབ་ཐབས་བསྡུས་པ། དཔལ་མེ་མར་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༢༧ ལྡེབ་ ༣༠༨ན༢ ནས་ ༣༠༨ན༧ བར་ཡིག་ཕྲེང་ ༦ ཚིག་རྐང་ ༧-༣༦ ཚེག་ཁྱིམ་ ༣༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གུ༽ ཚན་གྲངས་ ༢༤ ལྡེབ་ ༣༣༨བ༦ ནས་ ༣༣༩ན༧ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༣༦ ཚེག་ཁྱིམ་ ༣༡༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གུ༽ ཚན་གྲངས་ ༢༤ ལྡེབ་ ༣༢༢ན༥ ནས་ ༣༢༢བ༥ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༣༦ ཚེག་ཁྱིམ་ ༣༠༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༢༧ ལྡེབ་ ༣༢༤ན༢ ནས་ ༣༢༤བ༡ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༦ ཚེག་ཁྱིམ་ ༣༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཇུ༽ དེབ་ཨང་ ༣༤ ཤོག་གྲངས་ ༡༥༩༤ ནས་ ༡༥༩༥ བར་བཞུགས་པ་བཅས་སོ།།
༣༤༽ རྒྱུད་ ༼ཇུ༽ པ་ལ། རྒྱ་གར་གྱི་སྐད་དུ། ཧོ་མ་བི་དྷིཿ བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག །དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས་ལས[13]། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་ནཱ་ལེནྡྲར་བསྒྱུར་ཅིང་ཞུས་པར་གསལ་ལོ། །གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[14]། མི་འཁྲུགས་པའི་སྦྱིན་སྲེག་གི་ཆོ་ག །ཞེས་འབྱུང་ངོ་། །གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[15]། ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན་གྱི་འགྱུར་ལ། བསྟན་འགྱུར་ལས། མི་འཁྲུགས་པའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། ཞེས་བསྟན་བཅོས་ཁག་གཉིས་ཡིན་པ་ལྟ་བུ་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༣༢ ལྡེབ་ ༣༡༡ན༧ ནས་ ༣༡༡བ༧ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༥༠ ཚེག་ཁྱིམ་ ༤༤༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གུ༽ ཚན་གྲངས་ ༢༩ ལྡེབ་ ༣༤༣ན༤ ནས་ ༣༤༣བ༧ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༥༠ ཚེག་ཁྱིམ་ ༤༥༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གུ༽ ཚན་གྲངས་ ༢༩ ལྡེབ་ ༣༢༦བ༣ ནས་ ༣༢༧ན༥ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༠ ཚེག་ཁྱིམ་ ༤༤༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༣༢ ལྡེབ་ ༣༢༧བ༦ ནས་ ༣༢༨བ༡ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༠ ཚེག་ཁྱིམ་ ༤༤༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཇུ༽ དེབ་ཨང་ ༣༤ ཤོག་གྲངས་ ༡༦༡༢ ནས་ ༡༦༡༣ བར་བཞུགས་པ་བཅས་སོ།།
༣༥༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། སིདཿདྷཻ་ཀ་བཱི་ར་མཉྫུ་གྷོ་ཥ་སཱ་དྷ་ནཾ། བོད་སྐད་དུ། འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༩ ལྡེབ་ ༧༠ན༣ ནས་ ༧༢ན༢ བར་ཡིག་ཕྲེང་ ༢༨ ཚེག་ཁྱིམ་ ༡༤༦༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༡༠ ལྡེབ་ ༨༨བ༨ ནས་ ༩༠བ༨ བར་ཡིག་ཕྲེང་ ༣༣ ཚེག་ཁྱིམ་ ༡༤༧༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༡༡ ལྡེབ་ ༡༡༨བ༣ ནས་ ༡༢༡ན༡ བར་ཡིག་ཕྲེང་ ༣༤ ཚེག་ཁྱིམ་ ༡༤༧༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༩ ལྡེབ་ ༧༠ན༣ ནས་ ༧༢ན༡ བར་ཡིག་ཕྲེང་ ༢༧ ཚེག་ཁྱིམ་ ༡༤༦༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ ཤོག་གྲངས་ ༢༨༦ ནས་ ༢༩༡ བར་བཞུགས་པ་བཅས་སོ།།
༣༦༽ རྒྱུད་ ༼ནུ༽ པ་ལ། རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་སྟོ་ཏྲ། བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེ་ལ་ (དོན་རྟོགས་ཀྱི་སྒོ་ནས་) བསྟོད་པ། སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༩༢ ལྡེབ་ ༢༤༠ན༣ ནས་ ༢༤༡ན༥ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༩-༩༢ ཚེག་ཁྱིམ་ ༧༩༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཉུ༽ ཚན་གྲངས་ ༨༩ ལྡེབ་ ༢༨༩ན༥ ནས་ ༢༩༠བ༣ བར་ཡིག་ཕྲེང་ ༢༣ ཚིག་རྐང་ ༩-༩༢ ཚེག་ཁྱིམ་ ༩༠༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཉུ༽ ཚན་གྲངས་ ༨༨ ལྡེབ་ ༣༡༣བ༦ ནས་ ༣༡༥ན༥ བར་ཡིག་ཕྲེང་ ༢༡ ཚིག་རྐང་ ༩-༩༢ ཚེག་ཁྱིམ་ ༨༩༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༩༢ ལྡེབ་ ༢༤༡བ༢ ནས་ ༢༤༢བ༧ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༨༩༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ནུ༽ དེབ་ཨང་ ༣༧ ཤོག་གྲངས་ ༩༠༡ ནས་ ༩༠༤ བར་བཞུགས་པ་བཅས་སོ།།
༣༧༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། འཕགས་པ་རྟ་མགྲིན་གྱི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༤ ལྡེབ་ ༡༠༩བ༤ ནས་ ༡༡༢བ༢ བར་ཡིག་ཕྲེང་ ༤༡ ཚེག་ཁྱིམ་ ༡༣༥༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༡༢ ལྡེབ་ ༡༢༥བ༧ ནས་ ༡༢༩ན༤ བར་ཡིག་ཕྲེང་ ༥༤ ཚེག་ཁྱིམ་ ༡༢༧༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༡༢ ལྡེབ་ ༡༡༧ན༡ ནས་ ༡༢༠ན༣ བར་ཡིག་ཕྲེང་ ༤༥ ཚེག་ཁྱིམ་ ༡༣༧༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༤ ལྡེབ་ ༡༡༡ན༤ ནས་ ༡༡༤ན༦ བར་ཡིག་ཕྲེང་ ༤༥ ཚེག་ཁྱིམ་ ༡༣༥༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༣༡༨ ནས་ ༣༢༥ བར་བཞུགས་པ་བཅས་སོ།།
༣༨༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༥ ལྡེབ་ ༡༡༢བ༢ ནས་ ༡༡༣ན༦ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༦༥༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༡༣ ལྡེབ་ ༡༢༩ན༤ ནས་ ༡༣༠ན༤ བར་ཡིག་ཕྲེང་ ༡༧ ཚེག་ཁྱིམ་ ༦༥༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༡༣ ལྡེབ་ ༡༢༠ན༣ ནས་ ༡༢༡ན༡ བར་ཡིག་ཕྲེང་ ༡༣ ཚེག་ཁྱིམ་ ༦༥༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༥ ལྡེབ་ ༡༡༤ན༦ ནས་ ༡༡༥ན༣ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༦༥༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༣༢༧ ནས་ ༣༢༩ བར་བཞུགས་པ་བཅས་སོ།།
༣༩༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་ཀྲོ་དྷ་རཱ་ཛ་སྟོ་ཏྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༧ ལྡེབ་ ༡༡༦ན༤ ནས་ ༡༡༦བ༦ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༧། ༩-༤༠ ཚེག་ཁྱིམ་ ༤༨༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༡༥ ལྡེབ་ ༡༣༣བ༣ ནས་ ༡༣༤བ༡ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༧། ༩-༤༠ ཚེག་ཁྱིམ་ ༤༩༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༡༥ ལྡེབ་ ༡༢༤ན༢ ནས་ ༡༢༤བ༥ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༧། ༩-༤༠ ཚེག་ཁྱིམ་ ༤༨༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༧ ལྡེབ་ ༡༡༨ན༤ ནས་ ༡༡༨བ༧ བར་ཡིག་ཕྲེང་ ༡༡ ཚེག་ཁྱིམ་ ༤༨༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༣༤༡ ནས་ ༣༤༣ བར་བཞུགས་པ་བཅས་སོ།།
༤༠༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་ཀྲོ་དྷ་རཱ་ཛ་སྟོ་ཏྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། ལོ་ཙཱབ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ། །གོང་གསལ་བསྟོད་པ་གཉིས་མཚན་མཚུངས་ནའང་གཞུང་ཐ་དད་པའོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༨ ལྡེབ་ ༡༡༦བ༦ ནས་ ༡༡༧བ༧ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༧༩ ཚེག་ཁྱིམ་ ༧༧༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༡༦ ལྡེབ་ ༡༣༤བ༡ ནས་ ༡༣༥བ༤ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༧༩ ཚེག་ཁྱིམ་ ༧༩༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༡༦ ལྡེབ་ ༡༢༤བ༦ ནས་ ༡༢༥བ༧ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༧༩ ཚེག་ཁྱིམ་ ༧༧༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༡༨ ལྡེབ་ ༡༡༨བ༧ ནས་ ༡༢༠ན༢ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༧༩ ཚེག་ཁྱིམ་ ༧༧༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༣༤༤ ནས་ ༣༤༦ བར་བཞུགས་པ་བཅས་སོ།།
༤༡༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་རཀྵ་སཱ་དྷ་ནཾ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བའི་སྒྲུབ་ཐབས། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༨ ལྡེབ་ ༡༧༥བ༡ ནས་ ༡༧༦ན༣ བར་ཡིག་ཕྲེང་ ༡༠ ཚེག་ཁྱིམ་ ༤༨༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༥ ལྡེབ་ ༡༨༩བ༨ ནས་ ༡༩༠བ༣ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༥༠༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༥ ལྡེབ་ ༡༧༦ན༦ ནས་ ༡༧༧ན༢ བར་ཡིག་ཕྲེང་ ༡༡ ཚེག་ཁྱིམ་ ༥༠༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༨ ལྡེབ་ ༡༧༩ན༢ ནས་ ༡༧༩བ༤ བར་ཡིག་ཕྲེང་ ༡༠ ཚེག་ཁྱིམ་ ༤༨༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༥༡༣ ནས་ ༥༡༤ བར་བཞུགས་པ་བཅས་སོ།།
༤༢༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། སཱ་ཙྪ་ལྔ་གདབ་པའི་ཆོ་ག །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[16]། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བར་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༩ ལྡེབ་ ༡༧༦ན༣ ནས་ ༡༧༦བ༤ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༤༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༦ ལྡེབ་ ༡༩༠བ༤ ནས་ ༡༩༡ན༧ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༤༤༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༦ ལྡེབ་ ༡༧༧ན༢ ནས་ ༡༧༧བ༤ བར་ཡིག་ཕྲེང་ ༡༠ ཚེག་ཁྱིམ་ ༤༤༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༢༩ ལྡེབ་ ༡༧༩བ༤ ནས་ ༡༨༠ན༥ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༤༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༥༡༦ ནས་ ༥༡༧ བར་བཞུགས་པ་བཅས་སོ།།
༤༣༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག་བཞུགས། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་གཙུག་ཏོར་དྲི་མ་མེད་པའི་གཟུངས་ཀྱི་ཆོ་ག་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས་ལས[17]། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར། ཞེས་འབྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༣༠ ལྡེབ་ ༡༧༦བ༤ ནས་ ༡༧༧བ༦ བར་ཡིག་ཕྲེང་ ༡༠ ཚེག་ཁྱིམ་ ༤༧༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༧ ལྡེབ་ ༡༩༡ན༧ ནས་ ༡༩༢ན༧ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༤༧༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༧ ལྡེབ་ ༡༧༧ན༤ ནས་ ༡༧༨ན༧ བར་ཡིག་ཕྲེང་ ༡༡ ཚེག་ཁྱིམ་ ༤༧༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༣༠ ལྡེབ་ ༡༨༠ན༥ ནས་ ༡༨༠བ༦ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༧༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༥༡༩ ནས་ ༥༢༠ བར་བཞུགས་པ་བཅས་སོ།།
༤༤༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཡང་གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག་བཞུགས། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དེ་ཉིད་དང༌། ནག་ཚོ་ཚུལ་རྒྱལ་གྱི་འགྱུར། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ། །གོང་གསལ་ཆོས་ཚན་གཉིས་མཚན་མཚུངས་ནའང་གཞུང་ཐ་དད་པའོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༣༡ ལྡེབ་ ༡༧༧ན༦ ནས་ ༡༧༧བ༦ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༤༠༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༨ ལྡེབ་ ༡༩༢ན༢ ནས་ ༡༩༢བ༣ བར་ཡིག་ཕྲེང་ ༡༠ ཚེག་ཁྱིམ་ ༤༡༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཏུ༽ ཚན་གྲངས་ ༢༨ ལྡེབ་ ༡༧༨ན༧ ནས་ ༡༧༩ན༡ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༡༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པུ༽ ཚན་གྲངས་ ༣༡ ལྡེབ་ ༡༨༠བ༦ ནས་ ༡༨༡ན༦ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༤༠༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༥༢༢ ནས་ ༥༢༣ བར་བཞུགས་པ་བཅས་སོ།།
༤༥༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༡ ལྡེབ་ ༣༡༥ན༢ ནས་ ༣༡༧ན༤ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༧༧༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༢ ལྡེབ་ ༤༡༤བ༥ ནས་ ༤༡༧བ༧ བར་ཡིག་ཕྲེང་ ༥༡ ཚེག་ཁྱིམ་ ༡༧༧༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༢ ལྡེབ་ ༣༦༩ན༡ ནས་ ༣༧༡ན༤ བར་ཡིག་ཕྲེང་ ༣༢ ཚེག་ཁྱིམ་ ༡༧༧༥། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༡ ལྡེབ་ ༣༢༢ན༢ ནས་ ༣༢༤ན༤ བར་ཡིག་ཕྲེང་ ༣༡ ཚེག་ཁྱིམ་ ༡༧༧༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ ཤོག་གྲངས་ ༡༤༤༤ ནས་ ༡༤༤༩ བར་བཞུགས་པ་བཅས་སོ།།
༤༦༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། འཇིགས་པ་བརྒྱད་ལས་སྐྱོབ་པ། སློབ་དཔོན་མཁས་པ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས། འགྱུར་བྱང་མི་གསལ་ཡང་། སྡེ་བསྟན་དཀར་ཆག་ལས[18]། སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པའི་སྒྲུབ་ཐབས། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། ཞེས་འབྱུང་ལ། ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༣ ལྡེབ་ ༣༢༢བ༡ ནས་ ༣༢༣ན༡ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༤༡༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༤ ལྡེབ་ ༤༢༤བ༢ ནས་ ༤༢༥ན༥ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༤༡༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༤ ལྡེབ་ ༣༧༦བ༢ ནས་ ༣༧༧ན༤ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༤༡༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༣ ལྡེབ་ ༣༢༩བ༡ ནས་ ༣༣༠ན༡ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༤༡༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ ཤོག་གྲངས་ ༡༤༦༧ ནས་ ༡༤༦༨ བར་བཞུགས་པ་བཅས་སོ།།
༤༧༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་སྟོ་ཏྲ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང༌། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༤ ལྡེབ་ ༣༢༣ན༡ ནས་ ༣༢༣བ༢ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༣༩༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༥ ལྡེབ་ ༤༢༥ན༥ ནས་ ༤༢༥བ༨ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༣༩༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༥ ལྡེབ་ ༣༧༧ན༤ ནས་ ༣༧༧བ༤ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༣༨༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༤ ལྡེབ་ ༣༣༠ན༡ ནས་ ༣༣༠བ༢ བར་ཡིག་ཕྲེང་ ༩ ཚེག་ཁྱིམ་ ༣༩༡། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ ཤོག་གྲངས་ ༡༤༧༠ ནས་ ༡༤༧༡ བར་བཞུགས་པ་བཅས་སོ།།
༤༨༽ རྒྱུད་ ༼མུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྒྲོལ་མའི་སྒྲུབ་ཐབས། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་བུདྡྷ་ཀ་ར་ཝརྨ་དང༌། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༥ ལྡེབ་ ༣༢༣བ༢ ནས་ ༣༢༤བ༧ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༡༡༦༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༦ ལྡེབ་ ༤༢༦ན༡ ནས་ ༤༢༧བ༥ བར་ཡིག་ཕྲེང་ ༢༩ ཚེག་ཁྱིམ་ ༡༡༦༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼དུ༽ ཚན་གྲངས་ ༣༨༦ ལྡེབ་ ༣༧༧བ༤ ནས་ ༣༧༩ན༣ བར་ཡིག་ཕྲེང་ ༢༡ ཚེག་ཁྱིམ་ ༡༡༦༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མུ༽ ཚན་གྲངས་ ༣༨༥ ལྡེབ་ ༣༣༠བ༢ ནས་ ༣༣༡བ༧ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༡༡༦༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མུ༽ དེབ་ཨང་ ༤༠ ཤོག་གྲངས་ ༡༤༧༣ ནས་ ༡༤༧༦ བར་བཞུགས་པ་བཅས་སོ།།
༤༩༽ རྒྱུད་ ༼ཚུ༽ པ་ལ། རྒྱ་གར་སྐད་དུ། སརྦ་ས་མ་ཡ་སཾ་གྲ་ཧ་ནཱ་མ། བོད་སྐད་དུ། དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་བ། གཞུང་དངོས་ཀྱི་མཛད་བྱང་ལས[19]། བྷཾ་ག་ལར་སྐྱེས་དགེ་སློང་ནི། །མར་མེ་མཛད་དཔལ་ཡེ་ཤེས་ཀྱིས། །གཞུང་དང་བླ་མའི་མན་ངག་གིས། །དམ་ཚིག་ཐམས་ཅད་བསྡུས་ནས་བྲིས། །དམ་ཚིག་ཐམས་ཅད་བསྡུས་པ་ཞེས་བྱ་བ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། ཞེས་གསལ། རྗེ་བཙུན་ཆེན་པོ་དེ་ཉིད་ཀྱི་ཞལ་སྔ་ནས་དང༌། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
འོན་ཀྱང་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[20]། དེའི་དུས་སུ་ཇོ་བོ་ཉིད་ཀྱིས་མཛད་པའི་དམ་ཚིག་བསྡུས་པ་བསྒྱུར་བས་འགྱུར་བཟང་བ་ཞིག་བྱུང་བས། ཇོ་བོའི་ཞལ་ནས་ད་ལོ་ཙཱ་བ་འགྲོ་དགོས་གསུང་བ་ལ། ལོ་ཙཱ་བ་ཆེན་པོས་དབུ་བསྟན་ནས་མགོ་དཀར་པོ་འདི་ལྟར་སོང་བས་ཁོ་བོ་སྒྲུབ་པ་ཞིག་བགྱི་བར་ཞུ་ཞེས་ཞུས་པས། ཇོ་བོའི་ཞལ་ནས་ཀའི་རིན་ཆེན་བཟང་པོ་ཁྱོད་སྒྲུབ་པ་རྣལ་མ་བྱེད་ན་སྐྱེ་བ་སྔ་མ་ཕན་ཆད་ཀྱི་དགེ་བའི་ཆོས་དཔག་ཏུ་མེད་པའི་མཐུ་ནི་ཡོད། དལ་འབྱོར་གྱི་ལུས་ནི་ཐོབ། སངས་རྒྱས་ཀྱི་བསྟན་པ་དང་ནི་ཕྲད། གདམས་ངག་སྟོན་པའི་དགེ་བའི་བཤེས་གཉེན་དང་ནི་མཇལ། སྲེད་པའི་ནད་ཞི་བར་བྱེད་པའི་ཆོས་ནི་རྙེད། སྲེད་པའི་མུན་པ་སེལ་བའི་སྒྲོན་མེ་ནི་རྙེད། སྲེད་པའི་ཆུ་བོ་ལས་སྒྲོལ་བའི་ཐབས་ཤེས་རབ་ཀྱི་གྲུ་དང་གཟིངས་རྙེད་པའི་སྐབས་འདིར་སེམས་བྱ་བ་ངན་པ་རྣམས་ཀྱིས་མི་གཡེང་བར་མཛོད་ཅིག་གསུངས། དེ་ཐུགས་ལ་བཞག་ནས་སྒྲུབ་ཁང་གི་སྒོ་ལ་ལྕགས་གཟེར་བཏབ། ཆོས་སྟོན་བུ་ག་ཞིག་ནས་ཚུར་བླངས་ཏེ། སྒོའི་ཡ་ཐེམ་ལ་གནས་ཁང་འདིའི་ནང་དུ་ཐ་མལ་པའི་རྟོག་པ་སྐྱེས་ན་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་མགོ་བོ་ཚལ་པ་བརྒྱ་རུ་ཁོས་ཤིག་ཅེས་པ་བྲིས་ནས་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་དཔལ་བདེ་མཆོག་གི་ཞལ་གཟིགས་སོ། །ཞེས་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བར་གསལ་ལོ།།
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལས[21]། གང་ཡང་དམ་ཚིག་བསྡུས་པ་ལས། དེ་ལ་རྐང་གྲངས་ནི་ཐུན་མོང་གི་རྩ་བའི་ལྟུང་བ་བཞི་དང་། ཕ་རོལ་ཏུ་ཕྱིན་པའི་རྩ་བའི་ལྟུང་བ་བཅུ་གཉིས་དང་། ཀྲི་ཡའི་རྒྱུད་ཀྱི་རྩ་བའི་ལྟུང་བ་སུམ་ཅུ་དང་། སྤྱོད་པའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་། རྣལ་འབྱོར་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་རྩ་བའི་ལྟུང་བ་བཅུ་བཞི་དང་། ཡང་ལྔ་དང་ཡང་བཞི་སྟེ་རྩ་བའི་ལྟུང་བ་བདུན་ཅུ་ཐམ་པའོ། །ཞེས་འབྱུང་བ་ལ་ནི་ཡིད་བརྟན་མི་སྣང་སྟེ། དེ་དག་ལ་གོ་བདུན་འདུག་པ་ལ་བདུན་ཅུ་ཐམ་པར་བྱས་པས་གྲངས་ཙམ་ལ་ཡང་འཁྲུལ་འདུག་པ་དང་། བླ་མའི་དམ་ཚིག་ཉམས་ན་དཀྱིལ་འཁོར་དུ་འཇུག་ལ། སྤུན་གྱི་དམ་ཚིག་ཉམས་ན་དབང་མི་དགོས་པར་བསྐང་ཐབས་བཤད་པའི་ཕྱིར་རོ། །འདི་འདོད་པ་གཞན་ཡང་སྣང་སྟེ་འོག་ཏུ་འགོག་གོ །ཡང་དེའི་དཔེ་ཁ་ཅིག་ལས། བྱ་རྒྱུད་ལ་རྩ་ལྟུང་བཅུ་གསུམ་ཞེས་ཀྱང་འབྱུང་མོད། དེ་ལྟར་བྱས་ཀྱང་གྲངས་འགྲིག་པར་མི་སྣང་ངོ༌། །ཇོ་བོ་ཆེན་པོ་འདས་རྗེས་སུ་ནག་པོ་དམ་ཚིག་རྡོ་རྗེ་བོད་དུ་བྱོན་ནས་ལོ་ཙྪ་བ་ནག་ཚོ་དང་གཉིས་ཀྱིས་མང་དུ་བསྒྱུར་བ་ཡོད་ལ། འདི་ན་བདག་གི་བླ་མ་རྗེ་བཙུན་དམ་ཚིག་རྡོ་རྗེའི་ཞལ་ནས་ནི་ཞེས་ཟེར་བ་སྣང་བས་ཕལ་ཆེར་བླ་མ་དེའི་གསུང་བགྲོས་འདྲ་དང་ཕར་བསྲེ་ཚུར་བསྲེ་བྱས་པ་ཞིག་ཏུ་མངོན་ནོ། །དེས་ན་འདི་ཇོ་བོ་ཆེན་པོས་མཛད་པ་མིན་ནོ། །ཞེས་བསྟན་བཅོས་འདི་ཉིད་ཇོ་བོ་རྗེས་མཛད་པ་ཞིག་མིན་པར་གསུངས་པས་དཔྱད་དགོས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༦ ལྡེབ་ ༤༤ན༡ ནས་ ༤༩བ༡ བར་ཡིག་ཕྲེང་ ༧༨ ཚེག་ཁྱིམ་ ༤༤༡༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ནུ༽ ཚན་གྲངས་ ༢༠ ལྡེབ་ ༢༤༣བ༦ ནས་ ༤༥༩བ༨ བར་ཡིག་ཕྲེང་ ༩༨ ཚེག་ཁྱིམ་ ༤༤༡༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༢༠ ལྡེབ་ ༢༥༤བ༤ ནས་ ༢༦༠བ༦ བར་ཡིག་ཕྲེང་ ༨༧ ཚེག་ཁྱིམ་ ༤༤༠༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༦ ལྡེབ་ ༤༣བ༥ ནས་ ༤༩ན༧ བར་ཡིག་ཕྲེང་ ༨༠ ཚེག་ཁྱིམ་ ༤༤༡༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ ཤོག་གྲངས་ ༦༩༠ ནས་ ༧༠༣ བར་བཞུགས་པ་བཅས་སོ།།
༥༠༽ རྒྱུད་ ༼ཚུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ག་ཎ་པ་ཏི་རཱ་ག་བཛྲ་ས་མ་ཡ་སྟོད་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེའི་དམ་ཚིག་གི་བསྟོད་པ་ཞེས་བྱ་བ། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༢༠ ལྡེབ་ ༧༤བ༥ ནས་ ༧༥ན༤ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༡ ཚེག་ཁྱིམ་ ༣༥༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ནུ༽ ཚན་གྲངས་ ༣༤ ལྡེབ་ ༢༨༩བ༤ ནས་ ༤༩༠ན༤ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༣༡ ཚེག་ཁྱིམ་ ༥༣༥། ག༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༢༠ ལྡེབ་ ༧༤ན༥ ནས་ ༧༥བ༤ བར་ཡིག་ཕྲེང་ ༧ ཚིག་རྐང་ ༧-༣༡ ཚེག་ཁྱིམ་ ༣༥༤། ང༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ ཤོག་གྲངས་ ༨༠༤ ནས་ ༨༠༥ བར་བཞུགས་ཤིང་། ཆོས་ཚན་འདི་ཉིད་སྣར་ཐང་བསྟན་འགྱུར་དུ་མི་གསལ་བ་བཅས་སོ།།
༥༡༽ རྒྱུད་ ༼ཚུ༽ པ་ལ། རྒྱ་གར་སྐད་དུ། ཨ་མྲི་ཏོ་དཱ་ཡ་བི་དྷིཿབ་ལི་ཾཏ་ནཱ་མ། བོད་སྐད་དུ། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་ཅིང་བསྒྱུར་བ་སྟེ། ལོ་ཙཱ་བ་ཁུ་དངོས་གྲུབ་ཀྱིས་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༥༩ ལྡེབ་ ༢༡༢བ༤ ནས་ ༢༢༠བ༣ བར་ཡིག་ཕྲེང་ ༡༡༢ ཚེག་ཁྱིམ་ ༦༦༨༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ནུ༽ ཚན་གྲངས་ ༦༩ ལྡེབ་ ༤༢༩བ༡ ནས་ ༤༣༨ན༧ བར་ཡིག་ཕྲེང་ ༡༤༤ ཚེག་ཁྱིམ་ ༦༧༢༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༦༦ ལྡེབ་ ༤༢༩ན༥ ནས་ ༤༣༩ན༤ བར་ཡིག་ཕྲེང་ ༡༤༠ ཚེག་ཁྱིམ་ ༦༧༢༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༥༩ ལྡེབ་ ༢༡༢བ༤ ནས་ ༢༢༠བ༣ བར་ཡིག་ཕྲེང་ ༡༡༢ ཚེག་ཁྱིམ་ ༦༦༨༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ ཤོག་གྲངས་ ༡༢༤༦ ནས་ ༡༢༦༦ བར་བཞུགས་པ་བཅས་སོ།།
༥༢༽ རྒྱུད་ ༼ཚུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཆུ་གཏོར་གྱི་ཆོ་ག་བཞུགས་སམ། ཆབ་གཏོར་དྲི་མ་མེད་པའི་གཞུང༌། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། སློབ་དཔོན་དེ་ཉིད་ལ་ཞུ་བ་པོ་ཀན་སྟོན་ལེགས་པའི་ཤེས་རབ་ཀྱིས་ཚོགས་བསགས་པའི་ཡན་ལག་ཏུ་ཞུས་ནས་མང་ཡུལ་གྱི་གྲོང་དུ་གཞུང་བྲིས་སོ། །པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༦༠ ལྡེབ་ ༢༢༠བ༣ ནས་ ༢༢༡བ༢ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༧༨༧། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ནུ༽ ཚན་གྲངས་ ༧༠ ལྡེབ་ ༤༣༨ན༧ ནས་ ༤༣༩བ༡ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༨༠༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༦༧ ལྡེབ་ ༤༣༩ན༤ ནས་ ༤༤༠ན༦ བར་ཡིག་ཕྲེང་ ༡༧ ཚེག་ཁྱིམ་ ༧༨༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༦༠ ལྡེབ་ ༢༢༠བ༣ ནས་ ༢༢༡བ༢ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༧༨༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ ཤོག་གྲངས་ ༡༢༦༩ ནས་ ༡༢༧༡ བར་བཞུགས་པ་བཅས་སོ།།
༥༣༽ རྒྱུད་ ༼ཚུ༽ པ་ལ། རྒྱ་གར་སྐད་དུ། ནཱ་ག་བ་ལི་ཾབི་དྷིཿ བོད་སྐད་དུ། ཀླུ་གཏོར་གྱི་ཆོ་ག །སྒྲོལ་མའི་ཞབས་ཀྱི་རྡུལ་ལ་རེག་པའི་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། དེ་ཉིད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༦༡ ལྡེབ་ ༢༢༡བ༣ ནས་ ༢༢༢ན༦ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༥༨༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ནུ༽ ཚན་གྲངས་ ༧༡ ལྡེབ་ ༤༣༩བ༡ ནས་ ༤༤༠ན༦ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༥༩༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ནུ༽ ཚན་གྲངས་ ༦༨ ལྡེབ་ ༤༤༠ན༦ ནས་ ༤༤༡ན༣ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༥༨༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚུ༽ ཚན་གྲངས་ ༦༡ ལྡེབ་ ༢༢༡བ༢ ནས་ ༢༢༢ན༥ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༥༨༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ ཤོག་གྲངས་ ༡༢༧༣ ནས་ ༡༢༧༥ བར་བཞུགས་པ་བཅས་སོ།།
༥༤༽ རྒྱུད་ ༼ཝུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། གཏོར་མ་ཚོགས་མཆོད་ཀྱི་དབུ་ལགས་སོ། །རྒྱ་གར་གྱི་མཁས་པ་ཆེན་པོ། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། བོད་ཀྱི་ལོ་ཙྪ་བ་རིན་ཆེན་བཟང་པོས་བསྒྱུར་བའོ། །ཞེས་དང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[22]། གཏོར་མ་ཚོགས་མཆོད་ཀྱི་རིམ་པ། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ལྡེབ་ ༡༩༦བ། ནས་ ༡༩༧བ། བར་བཞུགས་པར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼པུ༽ ཚན་གྲངས་ ༢༨ ལྡེབ་ ༡༣༥བ༡ ནས་ ༡༤༠ན༡ བར་ཡིག་ཕྲེང་ ༨༡ ཚེག་ཁྱིམ་ ༥༨༠༢། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼པུ༽ ཚན་གྲངས་ ༢༨ ལྡེབ་ ༡༣༠ན༨ ནས་ ༡༣༤ན༤ བར་ཡིག་ཕྲེང་ ༦༣ ཚེག་ཁྱིམ་ ༥༨༠༢། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཝུ༽ དེབ་ཨང་ ༤༢ ཤོག་གྲངས་ ༨༣༡ ནས་ ༨༤༡ བར་བཞུགས་པ་ལ། ཅོ་ནེ་བསྟན་འགྱུར་དང་། སྡེ་དགེ་བསྟན་འགྱུར་གཉིས་སུ་མི་གསལ་བས་འདིར་ཞལ་སྐོང་ཞུས་པ་བཅས་སོ།།
༥༥༽ རྒྱུད་ ༼ཞུ༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཡོ་གི་ནི་ས་ད་ན་མ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སམ། མཁའ་སྤྱོད་མ་དཀར་པོ་བཞུགས་སོ། །པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཕུ༽ ཚན་གྲངས་ ༥ ལྡེབ་ ༡༨ན༧ ནས་ ༡༨བ༣ བར་ཡིག་ཕྲེང་ ༥ ཚིག་རྐང་ ༧-༤ ཚེག་ཁྱིམ་ ༡༥༧། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཕུ༽ ཚན་གྲངས་ ༥ ལྡེབ་ ༡༩ན༣ ནས་ ༡༩ན༦ བར་ཡིག་ཕྲེང་ ༤ ཚིག་རྐང་ ༧-༤ ཚེག་ཁྱིམ་ ༡༥༧། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཞུ༽ དེབ་ཨང་ ༤༢ ཤོག་གྲངས་ ༡༢༢༠ ནས་ ༡༢༢༠ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༥༦༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཥ་ཊ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཇོ་བོ་རྗེ་ལྷ་གཅིག་གིས་དཔལ་གྱི་ཡེར་པར་མཛད། ཅེས་པ་ལས་འགྱུར་བྱང་མི་གསལ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༩ ལྡེབ་ ༡༢༢བ༢ ནས་ ༡༢༣ན༧ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༥༣༡། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༩ ལྡེབ་ ༡༡༨ན༤ ནས་ ༡༡༩ན༡ བར་ཡིག་ཕྲེང་ ༡༢ ཚེག་ཁྱིམ་ ༥༣༠། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༥༠ ནས་ ༥༢ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༥༧༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། མན་ཏྲ་ཡ་ད་ར། བོད་སྐད་དུ། སྔགས་ཀྱི་དོན་འཇུག་པ། པེ་ཅིན་བསྟན་འགྱུར་ལས[23]། རྒྱལ་པོ་ཟ་ཞེས་བྱ་བ་ཞིག་གསང་སྔགས་ཀྱི་ཐེག་པ་བཀའ་མ་ཡིན་ཟེར་བས། དེའི་ལོག་རྟོག་དགག་པའི་ཆེད་དུ་མཛད་པའོ། །དཱི་པཾ་ཀ་རའི་སྔགས་ལུགས་བཅུ་གསུམ་བཞུགས་པ་ལགས་སྷོ། །ཞེས་དང་མཛད་བྱང་ལས། སློབ་དཔོན་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པའོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༢༦ ལྡེབ་ ༡༦༤བ༥ ནས་ ༡༦༦ན༧ བར་ཡིག་ཕྲེང་ ༢༧ ཚེག་ཁྱིམ་ ༦༧༢། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༢༦ ལྡེབ་ ༡༦༢བ༧ ནས་ ༡༦༤བ༦ བར་ཡིག་ཕྲེང་ ༢༨ ཚེག་ཁྱིམ་ ༦༧༣། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༦༤ ནས་ ༡༦༨ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༥༨༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཤེ་ཀ་ཨུ་པ་དྷེ་ཤ །བོད་སྐད་དུ། དབང་གི་མན་ངག །དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པའི་དབང་གི་མན་ངག་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༢༧ ལྡེབ་ ༡༦༦ན༧ ནས་ ༡༦༧ན༦ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༤༥༧། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༢༧ ལྡེབ་ ༡༦༤བ༦ ནས་ ༡༦༦ན༡ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༥༨ ཚེག་ཁྱིམ་ ༤༤༣། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༦༩ ནས་ ༡༧༡ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༥༩༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ས་མ་གྷ་པ་ཏ། བོད་སྐད་དུ། དམ་ཚིག་སྦས་པ། དཱི་པཾ་ཀ་རས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༢༨ ལྡེབ་ ༡༦༧ན༧ ནས་ ༡༦༨ན༧ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༦༥ ཚེག་ཁྱིམ་ ༤༨༢། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༢༨ ལྡེབ་ ༡༦༦ན༡ ནས་ ༡༦༧ན༤ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༦༥ ཚེག་ཁྱིམ་ ༤༧༠། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༧༣ ནས་ ༡༧༥ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༠༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། སྲ་ད་ཏ་ཏ། བོད་སྐད་དུ། གཞལ་ཡས་ཁང་སྦྱིན་པ། མཛད་བྱང་དང་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༢༩ ལྡེབ་ ༡༦༨ན༨ ནས་ ༡༦༩ན༧ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༤༧༥། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༢༩ ལྡེབ་ ༡༦༧ན༤ ནས་ ༡༦༨ན༤ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༤༧༡། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༧༧ ནས་ ༡༧༩ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༡༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། པ་ཡོ་ཀྵི་པ་ཏི་བི་དྷི། བོད་སྐད་དུ། ཆུ་གཏོར་གྱི་ཆོ་ག་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༠ ལྡེབ་ ༡༦༩ན༧ ནས་ ༡༧༠ན༤ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༤༣༨། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༠ ལྡེབ་ ༡༦༨ན༤ ནས་ ༡༦༩ན༢ བར་ཡིག་ཕྲེང་ ༡༣ ཚེག་ཁྱིམ་ ༤༣༢། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༨༡ ནས་ ༡༨༣ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༢༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། མ་ཧོ་མ་བི་ཏི། བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༡ ལྡེབ་ ༡༧༠ན༤ ནས་ ༡༧༡ན༥ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༥༠༠། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༡ ལྡེབ་ ༡༦༩ན༢ ནས་ ༡༧༠ན༣ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༤༩༣། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༨༤ ནས་ ༡༨༦ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༣༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། དེ་ཝ་པུ་ཙ་ཀྲ་མ། བོད་སྐད་དུ། ལྷ་མཆོད་པའི་རིམ་པ་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ་ལས[24]། ད༽ (༡༡) རྒྱ་གར་སྐད་དུ། དེ་པ་པཱུ་ཛ་ཀྲ་མ། བོད་སྐད་དུ། ལྷ་མཆོད་པའི་རིམ་པ། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། བོད་ཀྱི་ལོ་རྩ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཤོག་གྲངས་ ༡༠༥༠ ཕྲེང་ ༡ ནས་ ༡༠༥༡ ཕྲེང་ ༡ བར་བཞུགས་ལ། གཞུང་གི་ལུས་བཅད་ལྷུག་སྤེལ་མ་ཅན་ནོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༢ ལྡེབ་ ༡༧༡ན༦ ནས་ ༡༧༢བ༡ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༥༩༡། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༢ ལྡེབ་ ༡༧༠ན༣ ནས་ ༡༧༡བ༡ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༥༨༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༨༨ ནས་ ༡༩༠ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༤༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཨ་ཡུ་ས་དྷ་ན། བོད་སྐད་དུ། ཚེ་སྒྲུབ་པའི་ཐབས་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༣ ལྡེབ་ ༡༧༢བ༢ ནས་ ༡༧༣བ༡ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༥༡༠། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༣ ལྡེབ་ ༡༧༡བ༡ ནས་ ༡༧༢ན༧ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༥༠༢། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༩༢ ནས་ ༡༩༤ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༥༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། མི་ཐུ་མ་ཤ་ན། བོད་སྐད་དུ། འཆི་བ་བསླུ་བ་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༤ ལྡེབ་ ༡༧༣བ༡ ནས་ ༡༧༤ན༧ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༤༥༠། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༤ ལྡེབ་ ༡༧༢བ༡ ནས་ ༡༧༣ན༦ བར་ཡིག་ཕྲེང་ ༡༣ ཚེག་ཁྱིམ་ ༤༤༣། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༩༥ ནས་ ༡༩༧ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༦༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཨ་དེ་ཤ་ཤ་ན། བོད་སྐད་དུ། འཆི་ཀ་མའི་བསྟན་ཆོས། བྱང་ཆུབ་ཀྱི་སེམས་སྦྱང་བའི་མན་ངག་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ལོ། །དབུ་ཤོག་ལས[25]། དབང་བསྐུར་བའི་དལ་དང་དེ་ནས་བསྐྱེད་རྫོགས་བསྒོམ་པ་ས་མ་ཏའི་དལ་དང་གཉིས། གོང་དང་འཇལ་ནས་བསྒོམ་པས་འདོད་ལྷར་བྱིན་གྱིས་བརླབས་པ་སྤྲུལ་པའི་དལ་དང་གསུམ། དེ་ནས་འོག་མིན་དུ་རྣམ་སྣང་དང་འཇལ་ནས་བྱིན་གྱིས་བརླབས་པ་དང་བཞིན་གྱི་དལ་དང་བཞི། བེ་རོ་ཙ་ནས་བྱང་ཆུབ་ལྔའི་གདམས་པ་བསྟན་བཅས་ཆོས་སྐུ་ཐོབ་པ་དོན་དམ་པའི་དལ་དང་ལྔའོ། །བུདྡྷ་ཛྙ་ན་དང་ཀུན་དགའ་སྙིང་པོ་ལམ་ལྔར་འདོད་པ་ནི་ཕ་རོལ་ཏུ་ཕྱིན་པའི་ལུགས་མིན་གསུང་ངོ་། །དུས་ཆེན་པོ་ལ་བབ་སྟེ་འཆི་བ་མ་ཟློག་ན་འཆི་ཀ་མའི་གདམས་པ་སྟོན་ཏེ། ཞེས་འབྱུང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༥ ལྡེབ་ ༡༧༤ན༧ ནས་ ༡༧༥ན༨ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༤༨༩། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༥ ལྡེབ་ ༡༧༣ན༦ ནས་ ༡༧༤བ༢ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༦༤ ཚེག་ཁྱིམ་ ༤༨༢། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༩༨ ནས་ ༢༠༠ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༧༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། མུ་ལྷ་མ་དེ་ལ། བོད་སྐད་དུ། རོ་བསྲེག་པའི་ཆོ་ག་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༦ ལྡེབ་ ༡༧༥བ༡ ནས་ ༡༧༦བ༣ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༦༠ ཚེག་ཁྱིམ་ ༤༤༨། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༦ ལྡེབ་ ༡༧༤བ༢ ནས་ ༡༧༥བ༥ བར་ཡིག་ཕྲེང་ ༡༩ ཚིག་རྐང་ ༧-༦༠ ཚེག་ཁྱིམ་ ༤༤༨། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༢༠༢ ནས་ ༢༠༤ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༨༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཨ་ཏི་བི་ཏི། བོད་སྐད་དུ། བདུན་ཚིགས་ཀྱི་ཆོ་ག་རྫོགས་སོ། །ཞེས་པ་ལས་མཛད་བྱང་དང་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༧ ལྡེབ་ ༡༧༦བ༣ ནས་ ༡༧༧བ༤ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༥༠༧། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༧ ལྡེབ་ ༡༧༥ན༥ ནས་ ༡༧༦བ༦ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༥༠༠། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༢༠༦ ནས་ ༢༠༨ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༦༩༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཙཱི་ཏ་བ་ཏི། བོད་སྐད་དུ། ཚ་ཚཱའི་ཆོ་ག །སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། གཞུང་གི་འགྱུར་བྱང་ལས[26]། དགེ་བཤེས་སྦྱང་ང་བྱ་ཡུལ་བའི། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙ་ན་དང་། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཨྚི། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
དཱི་པཾ་ཀ་རའི་སྔགས་ལུགས་བཅུ་གསུམ་པོ། །ཀུན་ལ་ཡོད་ན་ངོ་མཚར་ཆེ། །བཅུ་གསུམ་ནི། གཞལ་ཡས་ཁང་སྦྱིན་པ། ཆུ་གཏོར། སྦྱིན་བསྲེག །ལྷ་མཆོད་པ། ཚེ་སྒྲུབ་པ། འཆི་བ་སླུ་བ། འཆི་ཀ་མའི་བསྟན་ཆོས། རོ་བསྲེག་པ། བདུན་ཚིགས། ཚ་ཚྭ་གདབ་པ་དང་བཅུ་གསུམ་མོ། །ཨ་ཏི་ཤའི་སྔགས་ཀྱི། ཆོས་ཚན་བཅུ་གསུམ་འདི་དག་ལ། བདག་གིས་མཆན་གཏབ་པའི་བསོད་ནམས་ཀྱིས། མྱུར་དུ་བྱང་ཆུབ་ཐོབ་པར་ཤོག །ཨྠི། །ཞེས་གསལ་བ་ལྟར། སྔགས་ལུགས་བཅུ་གསུམ་གྱི་ཆོས་ཀྱི་ཆོས་ཚན་ཨང་ ༦༠ ནས་ ༦༨ བར་ཆོས་ཚན་ ༩ ལ་མཛད་བྱང་དང་འགྱུར་བྱང་མི་གསལ་བ་ནི། སྔགས་ལུགས་བཅུ་གསུམ་གྱི་ཐོག་མཐའ་གཉིས་ལ་མཛད་བྱང་དང་། འགྱུར་བྱང་བཅས་གཉིས་ཀ་གསལ་བས་གཅིག་གོ་ཉིས་ཆོད་གནང་བ་ཡིན་འདུག་པ་བཅས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༨ ལྡེབ་ ༡༧༧བ༤ ནས་ ༡༧༨བ༥ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༦༤༣། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༣༨ ལྡེབ་ ༡༧༦བ༦ ནས་ ༡༧༨ན༡ བར་ཡིག་ཕྲེང་ ༡༧ ཚེག་ཁྱིམ་ ༦༣༦། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༢༡༠ ནས་ ༢༡༢ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༧༠༽ རྒྱུད་ ༼ཧུ༽ པ་ལ། རྒྱ་གར་སྐད་དུ། ཨརྱ་ཨ་ཙ་ལ་ཁྲོ་ཏཱ་ས་དྷ་ནི། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་མི་གཡོ་བ་སྒྲུབ་པའི་ཐབས། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༦༢ ལྡེབ་ ༢༤༣ན༣ ནས་ ༢༤༦བ༤ བར་ཡིག་ཕྲེང་ ༥༧ ཚེག་ཁྱིམ་ ༢༢༠༧། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཟུ༽ ཚན་གྲངས་ ༦༢ ལྡེབ་ ༢༤༢བ༤ ནས་ ༢༤༦བ༡ བར་ཡིག་ཕྲེང་ ༥༧ ཚེག་ཁྱིམ་ ༢༢༠༩། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ ཤོག་གྲངས་ ༣༣༢ ནས་ ༣༣༩ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༧༡༽ རྒྱུད་ ༼ཨུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཡེ་ཤེས་མགོན་པོ་གྲི་གུག་ཅན་གྱི་བདག་བསྐྱེད་བཟླས་པ་བསྟོད་པ་རྣམས་བཞུགས། འདི་ཡང་ཇོ་བོ་རྗེས་མཛད། ཅེས་པ་ལས་འགྱུར་བྱང་མི་སྣང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༨ ལྡེབ་ ༡༤བ༦ ནས་ ༡༦ན༥ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༢༩ ཚེག་ཁྱིམ་ ༨༣༤། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༨ ལྡེབ་ ༡༦ན༡ ནས་ ༡༧ན༣ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༢༩ ཚེག་ཁྱིམ་ ༨༣༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༥༤༠ ནས་ ༥༤༣ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༧༢༽ རྒྱུད་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། པུ་ཎ་དེ་ཝ་མ་ཧཱ་བི་གྷ་རཱ་ཛཱ་སཱ་དྷ་ནཱ་མ། བོད་སྐད་དུ། ཤིན་ཏུ་མྱུར་བའི་ལྷ་ཆེན་པོ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས་ཞེས་བྱ་བ། དཱི་པཾ་ཀ་རས་མཛད་པ་རྫོགས་སྷོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༣༨ ལྡེབ་ ༩༣ན༡ ནས་ ༩༣བ༢ བར་ཡིག་ཕྲེང་ ༡༠ ཚེག་ཁྱིམ་ ༣༨༥། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༣༨ ལྡེབ་ ༨༧ན༥ ནས་ ༨༧བ༥ བར་ཡིག་ཕྲེང་ ༨ ཚེག་ཁྱིམ་ ༣༨༥། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༧༥༠ ནས་ ༧༥༡ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༧༣༽ རྒྱུད་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། ཤྲི་ག་ན་པ་ཏི་ཤན་ཏ་ན་ས་དྷ་ན་མ། བོད་སྐད་དུ། དཔལ་ཚོགས་ཀྱི་བདག་པོ་ཞི་བའི་སྒྲུབ་ཐབས། འདི་ཇོ་བོས་དངོས་གྲུབ་འབྱུང་བའི་རྒྱུད་ལ་བརྟེན་ནས་མཛད་པའོ། །དེས་འབྲོམ། དེས་སྤྱན་སྔ་བ་ལ་གནང་བའོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༤༣ ལྡེབ་ ༩༧བ༥ ནས་ ༩༩ན༡ བར་ཡིག་ཕྲེང་ ༢༡ ཚིག་རྐང་ ༧-༢༩ ཚེག་ཁྱིམ་ ༧༤༧། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༤༣ ལྡེབ་ ༩༡བ༣ ནས་ ༩༢བ༤ བར་ཡིག་ཕྲེང་ ༡༦ ཚིག་རྐང་ ༧-༢༩ ཚེག་ཁྱིམ་ ༧༤༥། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༧༦༨ ནས་ ༧༧༠ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༧༤༽ རྒྱུད་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། གྷ་ན་པ་ཏི་གྷུ་ཧ་ས་དྷ་ན་མ། བོད་སྐད་དུ། ཚོགས་བདག་གསང་སྒྲུབ་བམ། ཚོགས་ཀྱི་བདག་པོའི་གསང་བའི་སྒྲུབ་ཐབས། སློབ་དཔོན་དཱི་པཾ་ཀ་ར་ཛྙཱ་ནས་མཛད་པའོ། །རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་ཡང་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༤༧ ལྡེབ་ ༡༠༠བ༥ ནས་ ༡༠༢ན༤ བར་ཡིག་ཕྲེང་ ༢༤ ཚིག་རྐང་ ༧-༦༩ ཚེག་ཁྱིམ་ ༧༧༧། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༤༧ ལྡེབ་ ༩༤ན༧ ནས་ ༩༥བ༣ བར་ཡིག་ཕྲེང་ ༡༨ ཚིག་རྐང་ ༧-༦༩ ཚེག་ཁྱིམ་ ༧༧༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༧༨༠ ནས་ ༧༨༣ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༧༥༽ རྒྱུད་ ༼ཨུ༽ པ་ལ། རྒྱ་གར་སྐད་དུ། བ་སུ་པ་ཏི་ཨུ་པ་དྷྱ་པཉྩ་སྟོཏྟྲ་བ་སུ་མེ་གྷ་ཨ་བེ་ནཱ་མ། བོད་སྐད་དུ། ནོར་བདག་གཙོ་འཁོར་ལྔའི་བསྟོད་པ་དབྱིག་གི་ཆར་འབེབས་ཞེས་བྱ་བའམ། རྗེ་བཙུན་ལྷ་ལྔའི་བསྟོད་པ། མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དང་། ལོ་ཙཱ་བ་ཆེན་པོ་བརྩོན་འགྲུས་སེངྒེས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༥༧ ལྡེབ་ ༡༡༧ན༢ ནས་ ༡༡༧བ༤ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༡༡-༢༨ ཚེག་ཁྱིམ་ ༤༠༦། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼འུ༽ ཚན་གྲངས་ ༥༧ ལྡེབ་ ༡༠༩བ༥ ནས་ ༡༡༠ན༧ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༡༡-༢༨ ཚེག་ཁྱིམ་ ༤༠༤། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༨༢༩ ནས་ ༨༣༠ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།།
༧༦༽ རྒྱུད་ ༼ཀེ༽ པ་ལ། རྒྱ་གར་སྐད་དུ། ཡེ་དྷརྨ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། བོད་སྐད་དུ། རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་ཞིབ་མོར་བཀོད་པ་བཞུགས་སོ། །མཛད་བྱང་ལས[27]། འདི་ནི་འགྱུར་མེད་རྡོ་རྗེའི་ཚིག །ཨ་ཏི་ཤ་ལས་ནག་ཚོས་བསྒྱུར། །དེ་ལས་འགལ་ན་བྲི་ཉེས་ཡིན། །མཁས་རྣམས་འདི་ཡི་རྗེས་སུ་ཞུགས། །རྨོངས་རྣམས་མིག་ཀྱང་བལྟ་མི་འགྱུར། །ནོར་འཁྲུལ་བྱུང་སྲིད་བཟོད་པར་གསོལ། །དགེ་བས་ཀུན་མཁྱེན་མྱུར་ཐོབ་ཤོག །རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་ཞིབ་མོར་བཀོད་པ་ཞེས་བྱ་བ། ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་འབྱུང་བ་ལྟར་རོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཡུ༽ ཚན་གྲངས་ ༡༣ ལྡེབ་ ༢༡༠ན༤ ནས་ ༢༡༠བ༣ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༢༨ ཚེག་ཁྱིམ་ ༢༨༧། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྔགས། པོད་རྟགས། ༼ཡུ༽ ཚན་གྲངས་ ༡༣ ལྡེབ་ ༢༠༩བ༣ ནས་ ༢༡༠ན༢ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༢༨ ཚེག་ཁྱིམ་ ༢༨༧། ག༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ ཤོག་གྲངས་ ༡༢༧༢ ནས་ ༡༢༧༣ བར་བཞུགས་ལ། ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་པར་མ་གཉིས་སུ་མི་གསལ་བ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༤༢
[2] རྗེའི་གསུང་འབུམ། པོད། ༼ཏ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༡༩
[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༢༦
[4] གསེར་བྲིས་བསྟན་འགྱུར་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༦༩
[5] ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༤༣
[6] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཤ༽ དེབ་ཨང་ ༡༤ པ། ༡༩༩༥ ལོ། ཤོག་གྲངས་ ༡༠༠༦
[7] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༡༦
[8] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡༡༣བ༤
[9] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༤༡༣
[10] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༨༧
[11] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡༢༧མ༦
[12] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཇུ༽ དེབ་ཨང་ ༣༤ པ། ༡༩༩༥ ལོ། ཤོག་གྲངས་ ༡༥༩༢
[13] རྣམ་ཐར་ཕྱོགས་བསྡུས་དད་པའི་འཇུག་ངོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༤༤
[14] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༣༨
[15] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༢
[16] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༣༡
[17] རྣམ་ཐར་ཕྱོགས་བསྡུས་དད་པའི་འཇུག་ངོགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༤༥
[18] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༠༢
[19] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚུ༽ དེབ་ཨང་ ༤༡ པ། ༡༩༩༥ ལོ། ཤོག་གྲངས་ ༧༠༣
[20] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡༡༢ན༢
[21] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཀ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༩༦
[22] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༩༥
[23] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ པ། ༡༩༩༥ ལོ། ཤོག་གྲངས་ ༡༦༤
[24] བཀའ་གདམས་དཔེ་དཀོན་གཅེས་བཏུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༠༥༠
[25] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ པ། ༡༩༩༥ ལོ། ཤོག་གྲངས་ ༡༩༨
[26] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཧུ༽ དེབ་ཨང་ ༤༧ པ། ༡༩༩༥ ལོ། ཤོག་གྲངས་ ༢༡༢
[27] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཨུ༽ དེབ་ཨང་ ༤༧ པ། ༡༩༩༥ ལོ། ཤོག་གྲངས་ ༡༢༧༣
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡ ནས་ ༩༩ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།