ཇ༽ ཇོ་བོའི་གསུང་ཐོར་བུ་ལས་ཆོ་གའི་སྐོར།

ཇ༽ ཇོ་བོའི་གསུང་ཐོར་བུ་ལས་ཆོ་གའི་སྐོར།

 

༡༽ དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཆོ་ག །ཞེས་པ་ལས་རྒྱ་གར་སྐད་མི་གསལ། སློབ་དཔོན་མར་མེ་མཛད་བཟང་པོའི་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཆེ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་བ་ལྟར་མར་མེ་མཛད་བཟང་པོ་ཇོ་བོའི་མཚན་གྱི་རྣམ་གྲངས་སུ་ངོས་བཟུང་བར་སྣང་ངོ་། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ།

བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༠༢ ནས་ ༨༣༥ བར་བཞུགས་ལ། གཞུང་གི་ལུས་ནི་ཚེག་ཁྱིམ་བདུན་ཅན་གྱི་ཚིགས་བཅད་ཅན་ནོ། །ཆོས་ཚན་འདི་ཉིད་མར་མེ་མཛད་བཟང་པོའི་གསུང་གི་དཀར་ཆག་གི་ཆོས་ཚན་ ༡༽ གསལ་བ་དང་མཚན་མཚུངས་ཀྱང་གཞུང་ཐ་དད་ཡིན་ནོ།།

༢༽ ངན་སོང་སྦྱོང་རྒྱུད་ཀྱི་དཀྱིལ་འཁོར་གྱི་ཆོ་ག །རྒྱ་གར་སྐད་མི་གསལ། མཇུག་བྱང་ལས། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༣༦ ནས་ ༨༣༧ བར་བཞུགས་ལ། གཞུང་གི་ལུས་ནི་ཚེག་ཁྱིམ་བདུན་ཅན་གྱི་ཚིགས་སུ་བཅད་པ་ ༢༥ བཞུགས་སོ།།

༣༽ རྒྱ་གར་སྐད་དུ། པྲོ་ཀྴ་ཎ་བི་དྷི། བོད་སྐད་དུ། ཁྲུས་ཀྱི་ཆོ་ག །མཇུག་བྱང་ལས། སློབ་དཔོན་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༤༠ ནས་ ༨༤༡ བར་བཞུགས་ལ། གཞུང་ཚད་ཚིགས་སུ་བཅད་པ་བཅུ་གསུམ་དང་། རྐང་པ་གཅིག་གོ།

༤༽ རྒྱ་གར་སྐད་དུ། ག་ཎ་པུ་ཛ། བོད་སྐད་དུ། ཚོགས་ཀྱི་མཆོད་པ། མཇུག་བྱང་ལས། སློབ་དཔོན་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་གྱི་ཇོ་བན་དེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཅེས་པ་ལས་མཛད་བྱང་དམིགས་བསལ་མི་གསལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༤༤ ནས་ ༨༤༥ བར་བཞུགས་ལ། གཞུང་གི་ལུས་བཅད་ལྷུག་སྤེལ་མ་ཅན་ནོ།།

༥༽ རྒྱ་གར་སྐད་དུ། མཎྜ་ལ་བི་དྷི། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོ་ག །མཇུག་བྱང་ལས། དཀྱིལ་འཁོར་གྱི་ཆོ་ག་རུ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་མཛད་པ། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་བན་དེ་ཟླ་བའི་འོད་ཟེར་གྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་འབྱུང་ཞིང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༤༦ ནས་ ༨༤༧ བར་བཞུགས་ལ། གཞུང་གི་ལུས་ནི་ལྷུག་མ་ཅན་ནོ།།

༦༽ རྒྱ་གར་སྐད་དུ། ཨ་དྷིཥྛཱ་ན། བོད་སྐད་དུ། རབ་ཏུ་གནས་པ། མཇུག་བྱང་ལས། རབ་ཏུ་གནས་པ་རུ་དཱི་པཾ་གྱིས་མཛད་པ། ལོ་ཙཱ་བ་གྱི་ཇོས་བསྒྱུར་ཅིང་གཏན་ལ་ཕབ་པའོ། །ཞེས་འབྱུང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༤༧ ནས་ ༨༤༨ བར་བཞུགས་ལ། གཞུང་གི་ལུས་ཚིགས་སུ་བཅད་པ་དང་། ཤླཽ་ཀ་ ༡༤ ཅན་ནོ།།

༧༽ རོ་སྲེག་གི་ཆོ་ག །རྒྱ་གར་སྐད་དུ། མུ་ལ་ལོ་ལེ་ལ། བོད་སྐད་དུ། རོ་བསྲེག་པའི་ཆོ་ག །མཇུག་བྱང་ལས། རོ་བསྲེག་པའི་ཆོ་ག་རུ་དཱི་པཾ་ཀ་རས་མཛད་པ། ལོ་ཙཱ་བ་གྱི་ཇོས་བསྒྱུར་ཏེ་གཏན་ལ་ཕབ་པའོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༥༡ ནས་ ༨༥༢ བར་བཞུགས་སོ།།

༨༽ སྐུ་གསུང་ཐུགས་ཀྱི་རབ་གནས། རྒྱ་གར་སྐད་དུ། ཀཱ་ཡ་ཝ་ཀ་ཙིཏྟ་པྲ་གཱན་ཤ་ནེ་ན་ཏིཥྛ་ནཱ་མ། བོད་སྐད་དུ། སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ་ཞེས་བྱ་བ། མཇུག་བྱང་ལས། སྐུ་དང་གསུང་ཐུགས་རབ་ཏུ་གནས་པ་ཞེས་བྱ་བ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེངྒེས་བི་ཀྲ་མ་ཤཱི་ལར་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་བར་བྱུང་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༥༢ ནས་ ༨༦༡ བར་བཞུགས་སོ།།

༩༽ རྒྱ་གར་སྐད་དུ། ནྃ་བྷྃ་དྷྃ་ཌྷྃ་ཎྃ་ཧ། ས་གཞི་བྱིན་ཆེ་བའི་འཁོར་ལོ་བཅའ་ཐབས་དང་། བོད་སྐད་དུ། བཀྲ་ཤིས་ནོར་འཕེལ་བ། མཇུག་བྱང་ལས། བརྒྱུད་པ་ནི་དགེ་བཤེས་བྱ་ཡུལ་བས་དགེ་བཤེས་འོ་རྒོད་འདུལ་བ་འཛིན་ལ་གནང་། དེས་དགེ་བཤེས་ནམ་པ་ལ་གནང་། དེས་དགེ་བཤེས་ཇོ་བརྟེན་ལ་གནང་། དེས་བླ་མ་རྡོར་ཡུམ་ལ་གནང་། དེས་བླ་མ་གདུང་སྐྱབས་ལ། དེས་བླ་མ་ཀུན་བཟང་ལའོ། །ཞེས་པ་ལས་མཛད་བྱང་དང་། འགྱུར་བྱང་གཉིས་ཀ་མི་གསལ་ལོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༧༦ ནས་ ༨༧༧ བར་བཞུགས་ལ། གཞུང་གི་ལུས་ནི་ཚིག་ལྷུག་ཅན་ནོ།།

༡༠༽ རྒྱ་གར་སྐད་དུ། མཧཱ་ཀཱ་ལ་བ་ལི་ཏ་སྱ་ནཱ་མ། བོད་སྐད་དུ། དཔལ་མགོན་པོ་ནག་པོའི་གཏོར་མ། མཇུག་བྱང་ལས། དཱི་པཾ་ཀ་ར་ཤྲི་ཛྙཱ་ནས་མཛད་པ། ལོ་ཙཱ་བ་འབྲོམ་སྟོན་གྱིས་བསྒྱུར་བའོ། །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་ ༢༠༡༢ ལོར་དཔར་འགྲེམས་གནང་བའི་པོད་སྟོད་ཆའི་ཤོག་གྲངས་ ༨༧༧ ནས་ ༨༨༡ བར་ཞུགས་ལ། གཞུང་གི་ལུས་ནི་ཚིག་ལྷུག་ཅན་ནོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༡ ནས་ ༢༢༤ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *