ང༽ ལེགས་ལྡན་འབྱེད་ཀྱི་བསྟན་བཅོས་མ་རྙེད་པ།
དེ་ཡང་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས། ཕ་རོལ་ཏུ་ཕྱིན་པ་ཞུས་པས་སློབ་དཔོན་ལེགས་ལྡན་འབྱེད་རྣམ་སྣང་གིས་མཛད་པའི་པ་ནི་དྷར་ཐ་གསུངས་ནས་ལོ་ཙཱ་བས་བསྒྱུར། ཞེས་བྱུང་བའི་གཞུང་འདི་ཉིད་མ་རྙེད་པས་མ་འོངས་པར་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།
མདོར་ན། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་བསྟན་འགྱུར་ནང་བཞུགས་པའི་བསྟན་བཅོས་གྲངས་ ༩ དང་། བསྟན་བཅོས་མ་རྙེད་པ་གྲངས་ ༡ བཅས་བསྟན་བཅོས་གྲངས་ ༡༠ མཛད་པར་གསལ་བ་ལས། ད་ལན་འདིར་བོད་འགྱུར་བསྟན་བཅོས་ ༩ རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༢ ནས་ ༤༦༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།