ང༽ བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ།
༡༽ སྟོང་པ་ཉིད་ཉི་ཤུ་པའི་འགྲེལ་པ།
དེ་ཡང་དཀར་ཆག་འཕང་ཐང་མ་ལས[1]། སྟོང་པ་ཉིད་ཉི་ཤུ་པའི་འགྲེལ་པ། སློབ་དཔོན་ཤཱནྟ་རཀྵི་ཏས་མཛད་པ་ཤུ་ལོག །ཅེས་བྱུང་ཡང་། བསྟན་བཅོས་འདི་ཉིད་ཀྱི་མ་ཡིག་མ་རྙེད་པས་མ་འོངས་པར་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།
མདོར་ན། མཁན་ཆེན་ཞི་བ་འཚོའི་གསུང་བསྟན་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༢༠ དང་། བསྟན་བཅོས་ཀྱི་མ་ཡིག་མ་རྙེད་པ་གྲངས་ ༡ བཅས་བསྟན་བཅོས་ ༢༡ ལྗགས་རྩོམ་མཛད་པ་ལས། འདིར་བོད་འགྱུར་དུ་བཞུགས་པའི་བསྟན་བཅོས་གྲངས་ ༢༠ རྣམས་ཕྱོགས་བསྒྲིགས་ཞུས་པ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༢
ང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༣ ནས་ ༡༤༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།