ཁ༽ མཛད་བྱང་དང་མཚན་གྱི་རྣམ་གྲངས།
སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ཙནྡྲ་ཀིརྟིཿདང་། བོད་སྐད་དུ་སློབ་དཔོན་ཟླ་བ་གྲགས་པ། མཚན་གྱི་རྣམ་གྲངས་ལ་མཐིང་མིག་ཅན་གསུམ་ལས། སློབ་དཔོན་འདིས་མཛད་པའི་མདོ་སྔགས་བསྟན་བཅོས་ཀྱི་མཛད་བྱང་ཁག་གི་མཚན་ལ་དཔལ་ལྡན་ཟླ་བ་གྲགས་པ་ཞེས་པ་ལས། ལེགས་སྦྱར་གྱི་མཚན་ཙནྡྲ་ཀིརྟིཿདང་།
མཚན་གྱི་རྣམ་གྲངས་མཐིང་མིག་ཅན་གཉིས་བཀོལ་སྤྱོད་གནང་བ་གཅིག་ཀྱང་མི་སྣང་བས་པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་བསྟན་བཅོས་མཛད་པ་པོ་དང་། སྒྲ་སྒྱུར་གྱི་ལོ་ཙཱ་བ། ཞུས་ཆེན་པ་སྔ་ཕྱི་ཚང་མས་མཛད་བྱང་གི་མཚན་ལ་ཟླ་བ་གྲགས་པ་ཞེས་གཅིག་གྱུར་དུ་གསལ་བ་སློབ་དཔོན་འདི་ཉིད་ཙམ་མོ།། །།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣ ནས་ ༣༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།