ཁ༽ ཇོ་བོ་རྗེའི་བསྟན་བཅོས་ཁག་གི་མཚན་བྱང་།

ཁ༽ ཇོ་བོ་རྗེའི་བསྟན་བཅོས་ཁག་གི་མཚན་བྱང་།

 

དེ་ལྟར་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་ར་ཤྲཱི་ཛྙཱའི་བསྟན་བཅོས་ལ་མཚོན་ན། བསྟན་འགྱུར་གྱི་རྒྱུད་དང་། ཤེར་ཕྱིན། དབུ་མ། མདོ་སྡེ། སྤྲིང་ཡིག །སྣ་ཚོགས་བཅས་སྡེ་ཚན་དྲུག་ནང་ཆོས་ཚན་ ༡༠༧ བཞུགས་པ་ལས། དང་པོ་རྒྱུད་ཀྱི་སྐོར་ལ་ཆོས་ཚན་དོན་ལྔ་ཡོད་པ་རྣམས་ནི། ༡ དཔལ་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་དང་། ༢ དཔལ་དགྱེས་པ་རྡོ་རྗེའི་གཏོར་མའི་ཆོ་ག །༣ མངོན་པར་རྟོགས་པ་རྣམ་པར་འབྱེད་པ། ༤ དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས།

༥ དཔལ་བཅོམ་ལྡན་འདས་ཀྱི་མངོན་པར་རྟོགས་པ། ༦ དཔའ་བོ་གཅིག་པའི་སྒྲུབ་ཐབས། ༧ རྡོ་རྗེ་གདན་གྱི་རྡོ་རྗེའི་གླུ། ༨ རྡོ་རྗེ་གདན་གྱི་རྡོ་རྗེའི་གླུའི་འགྲེལ་པ། ༩ སྤྱོད་པའི་གླུ། ༡༠ སྤྱོད་པའི་གླུའི་འགྲེལ་པ། ༡༡ རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པའམ། དཔལ་རྡོ་རྗེ་རྣལ་འབྱོར་མ་མཁའ་སྤྱོད་དཀར་མོའི་བསྟོད་པ། ༡༢ རིན་པོ་ཆེ་རྒྱན་གྱི་སྒྲུབ་པ། ༡༣ རྡོ་རྗེ་ཕག་མོའི་སྒྲུབ་པའི་ཐབས། ༡༤ དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། ༡༥ རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་པ། ༡༦ སྒྲོལ་མ་དཀོན་མཆོག་གསུམ་ལ་བསྟོད་པ། ༡༧ བྱང་ཆུབ་ཀྱི་སེམས་བདེ་བའི་མན་ངག །༡༨ དཔལ་མགོན་པོའི་གཏོར་མ། ༡༩ (གསང་འདུས་ཀྱི་དཀྱིལ་འཁོར་ལ་སྤྱན་རས་གཟིགས་གཙོ་བོར་སྟོན་པ་) དཔལ་གསང་བ་འདུས་པ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་པའི་ཐབས། ༢༠ འཕགས་པ་སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་སྒྲུབ་པའི་ཐབས། ༢༡ དཔལ་གསང་བ་འདུས་པའི་བསྟོད་པ།

༢༢ ལས་ཀྱི་རྡོ་རྗེ་གཽ་རཱིའི་སྒྲུབ་ཐབས། ༢༣ དབྱུག་པ་གཤིན་རྗེ་གཤེད་རྣམ་པར་འཇོམས་པའི་སྒྲུབ་ཐབས། ༢༤ རལ་གྲི་གཤིན་རྗེ་གཤེད་གཏུམ་པོའི་སྒྲུབ་ཐབས། ༢༥ པདྨ་གཤིན་རྗེ་གཤེད་ཀྱི་ཤེས་རབ་བདེ་བ་ཅན་གྱི་སྒྲུབ་ཐབས། ༢༦ འཁོར་བ་ལས་ཡིད་ངེས་པར་འབྱུང་བར་བྱེད་པའི་གླུ། ༢༧ ཆོས་ཀྱི་དབྱིངས་སུ་ལྟ་བའི་གླུ། ༢༨ དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ནའི་ཆོས་ཀྱི་གླུ། ༢༩ ཏིང་ངེ་འཛིན་ཚོགས་ཀྱི་ལེའུ། ༣༠ འཇིག་རྟེན་འདས་པའི་ཡན་ལག་བདུན་པའི་ཆོ་ག། ༣༡) སྐུ་དང་གསུང་དང་ཐུགས་རབ་ཏུ་གནས་པ། ༣༢ མི་འཁྲུགས་པའི་སྒྲུབ་ཐབས། ༣༣ མི་འཁྲུགས་པའི་སྒྲུབ་ཐབས་བཞུགས། ༣༤ སྦྱིན་སྲེག་གི་ཆོ་ག །༣༥ འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། ༣༦ དཔལ་ཕྱག་ན་རྡོ་རྗེ་ལ་ (དོན་རྟོགས་ཀྱི་སྒོ་ནས་) བསྟོད་པ། ༣༧ འཕགས་པ་རྟ་མགྲིན་གྱི་སྒྲུབ་ཐབས། ༣༨ དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། ༣༩ ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། ༤༠ ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ།

༤༡ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྲུང་བའི་སྒྲུབ་ཐབས། ༤༢ སཱ་ཙྪ་ལྔ་གདབ་པའི་ཆོ་ག །༤༣ གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག། ༤༤ གཙུག་ཏོར་དྲི་མེད་ཀྱི་གཟུངས་ཆོག། ༤༥ རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས། ༤༦ འཇིགས་པ་བརྒྱད་ལས་སྐྱོབ་པ། ༤༧ འཕགས་མ་སྒྲོལ་མ་ལ་བསྟོད་པ། ༤༨ འཕགས་མ་སྒྲོལ་མའི་སྒྲུབ་ཐབས། ༤༩ དམ་ཚིག་ཐམས་ཅད་བསྡུས་པ། ༥༠ འཕགས་པ་ཚོགས་ཀྱི་བདག་པོ་ཆགས་པ་རྡོ་རྗེའི་དམ་ཚིག་གི་བསྟོད་པ། ༥༡ བདུད་རྩི་འབྱུང་བ་ཞེས་བྱ་བའི་གཏོར་མའི་ཆོ་ག །༥༢ ཆུ་གཏོར་གྱི་ཆོ་ག་བཞུགས་སམ། ཆབ་གཏོར་དྲི་མ་མེད་པའི་གཞུང༌། ༥༣ ཀླུ་གཏོར་གྱི་ཆོ་ག །༥༤ གཏོར་མ་ཚོགས་མཆོད་ཀྱི་རིམ་པ། ༥༥ རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་སམ་མཁའ་སྤྱོད་མ་དཀར་པོ། ༥༦ འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས། ༥༧ སྔགས་ཀྱི་དོན་འཇུག་པ། ༥༨ དབང་གི་མན་ངག །༥༩ དམ་ཚིག་སྦས་པ། ༦༠ གཞལ་ཡས་ཁང་སྦྱིན་པ། ༦༡ ཆུ་གཏོར་གྱི་ཆོ་ག།

༦༢ སྦྱིན་སྲེག་གི་ཆོ་ག །༦༣ ལྷ་མཆོད་པའི་རིམ་པ། ༦༤ ཚེ་སྒྲུབ་པའི་ཐབས། ༦༥ འཆི་བ་བསླུ་བ། ༦༦ འཆི་ཀ་མའི་བསྟན་ཆོས། ༦༧ རོ་བསྲེག་པའི་ཆོ་ག །༦༨ བདུན་ཚིགས་ཀྱི་ཆོ་ག །༦༩ ཚ་ཚཱའི་ཆོ་ག་སྟེ་དཱི་པཾ་ཀ་རའི་སྔགས་ལུགས་བཅུ་གསུམ་མོ། །༧༠ ཁྲོ་བོའི་རྒྱལ་པོ་མི་གཡོ་བ་སྒྲུབ་པའི་ཐབས། ༧༡ ཡེ་ཤེས་མགོན་པོ་གྲི་གུག་ཅན་གྱི་བདག་བསྐྱེད་བཟླས་པ་བསྟོད་པ། ༧༢ ཤིན་ཏུ་མྱུར་བའི་ལྷ་ཆེན་པོ་བགེགས་ཀྱི་རྒྱལ་པོའི་སྒྲུབ་ཐབས། ༧༣ དཔལ་ཚོགས་ཀྱི་བདག་པོ་ཞི་བའི་སྒྲུབ་ཐབས། ༧༤ ཚོགས་བདག་གསང་སྒྲུབ་བམ་ཚོགས་ཀྱི་བདག་པོའི་གསང་བའི་སྒྲུབ་ཐབས། ༧༥ ནོར་བདག་གཙོ་འཁོར་ལྔའི་བསྟོད་པ་དབྱིག་གི་ཆར་འབེབས་སམ་རྗེ་བཙུན་ལྷ་ལྔའི་བསྟོད་པ། ༧༦ རྟེན་འབྲེལ་སྙིང་པོའི་སྔགས་ཐེམ་ཞིབ་མོར་བཀོད་པ་བཅས་སོ།།

གཉིས་པ་ཤེར་ཕྱིན་གྱི་སྐོར་ལ་གཉིས་ཏེ། ༧༧ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་སྒྲོན་མ། ༧༨ ཤེས་རབ་སྙིང་པོའི་རྣམ་པར་བཤད་པ། གསུམ་པ། དབུ་མའི་སྐོར་ལ་ཉེར་དྲུག་ཡོད་པ་ནི། ༧༩ བདེན་པ་གཉིས་ལ་འཇུག་པ། ༨༠ དྲན་པ་གཅིག་པའི་མན་ངག །༨༡ དབུ་མའི་མན་ངག། ༨༢ དབུ་མའི་མན་ངག་རིན་པོ་ཆེ་ཟ་མ་ཏོག་ཁ་ཕྱེ་བ། ༨༣ མདོ་ཀུན་ལས་བཏུས་པའི་དོན་བསྡུས་པ། ༨༤ བྱང་ཆུབ་སེམས་དཔའི་སྤྱོད་པ་མདོ་ཙམ་གདམས་ངག་ཏུ་བྱས་པ། ༨༥ བྱང་ཆུབ་ལམ་གྱི་སྒྲོན་མ། ༨༦ བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ། ༨༧ སྙིང་པོ་བསྡུ་བ། ༨༨ སྙིང་པོ་ངེས་པར་བསྡུ་བ། ༨༩ བྱང་ཆུབ་སེམས་དཔའི་ནོར་བུའི་ཕྲེང་བ། ༩༠ བྱང་ཆུབ་སེམས་དཔའ་ལས་དང་པོ་བའི་ལམ་ལ་འཇུག་པ་བསྟན་པ། ༩༡ སྐྱབས་སུ་འགྲོ་བ་བསྟན་པ། ༩༢ ཐེག་པ་ཆེན་པོའི་ལམ་གྱི་སྒྲུབ་ཐབས་ཡི་གེར་བསྡུས་པ། ༩༣ ཐེག་པ་ཆེན་པོ་ལམ་གྱི་སྒྲུབ་ཐབས་ཤིན་ཏུ་བསྡུས་པ། ༩༤ རང་གི་བྱ་བའི་རིམ་པ་ལ་བསྐུལ་བ་དང་བཅས་པ་ཡི་གེར་བྲིས་པ། ༩༥ མདོ་སྡེའི་དོན་ཀུན་ལས་བཏུས་པའི་མན་ངག །༩༦ མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། ༩༧ ལས་རྣམ་པར་འབྱེད་པ། ༩༨ སྤྱོད་པ་བསྡུས་པའི་སྒྲོན་མ། ༩༩ མདོ་ཀུན་ལས་བཏུས་པ་ཆེན་པོ། ༡༠༠ སེམས་བསྐྱེད་པ་དང་སྡོམ་པའི་ཆོ་གའི་རིམ་པའམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་གའི་རིམ་པ། ༡༠༡ ལྟུང་བ་བཤགས་པའི་ཆོ་ག །༡༠༢ ཁ་ཏོན་དང་གླེགས་བམ་བཀླག་པའི་སྔོན་དུ་བྱ་བའི་ཆོ་ག །༡༠༣ ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཚ་ཚ་གདབ་པའི་ཆོ་ག །༡༠༤ བླ་མའི་བྱ་བའི་རིམ་པ་བཅས་སོ།།

བཞི་པ་མདོ་སྡེའི་སྐོར་ལ་གཅིག་སྟེ། ༡༠༥ ལས་ཀྱི་སྒྲིབ་པ་རྣམ་པར་སྦྱོང་བའི་ཆོ་གའི་བཤད་པ། ལྔ་པ་སྤྲིང་ཡིག་གི་སྐོར་ལ་གཅིག་སྟེ། ༡༠༦ དྲི་མ་མེད་པའི་རིན་པོ་ཆེའི་སྤྲིང་ཡིག །དྲུག་པ་སྣ་ཚོགས་ཀྱི་སྐོར་ལ་གཅིག་སྟེ། ༡༠༧ རིགས་ཀྱི་སྨོན་ལམ། བཅས་ཇོ་བོ་རྗེའི་མཚན་གྱི་རྣམ་གྲངས་ཁག་གི་མཛད་བྱང་གསལ་བའི་ཆོས་ཚན་ ༡༠༧ བཞུགས་ཤིང་། དེ་མིན་མར་མེ་མཛད་དང་། མར་མེ་མཛད་བཟང་པོའི་མཛད་བྱང་གསལ་བའི་གསུང་གི་དཀར་ཆག་དང་། མཚན་བྱང་རྣམས་གཤམ་དུ་སྡེ་ཚན་འདྲེས་མེད་སོ་སོར་ཕྱེ་ནས་བཀོད་ཡོད་པ་དེ་དག་ཏུ་གཟིགས་པར་འཚལ་ལོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༣ ནས་ ༡༤༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *