(ཁ་ཆེ་པཎ་ཆེན་) རབ་བྱུང་གཉིས་པའི་མེ་ལུག་ (༡༡༢༧) ལོ་ནས་རབ་བྱུང་བཞི་པའི་ཤིང་བྱ་ (༡༢༢༥) ལོ་བར་དགུང་ལོ་དགུ་བཅུ་གོ་དགུ་བཞུགས། འཁྲུངས་ཡུལ་ནི་རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་ (དེང་སང་གི་ཀསྨིར་) དུ་གྲོང་ཁྱེར་ཁྲ་ཝ་སུ་རར་ཡད་ཚོང་དཔོན་ཆེན་པོ་ས་མ་ཛ་ཡའི་སྲས་སུ་འཁྲུངས། དགུང་ལོ་བཅུ་ནས་བཟུང་རིག་པའི་གནས་ལྔ་ལ་སྦྱངས་པ་མཐར་ཕྱིན།
མུ་མཐུད་ཀློགས།པཎ་གྲུབ་གཞན།
༄༅། །པཎ་ཆེན་སྨྲི་ཏིའི་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་ཆེན་ཞེས་བྱ་བ་བཞུགས།
༄༅། །པཎ་ཆེན་སྨྲི་ཏིའི་བླ་མའི་རྣལ་འབྱོར་དངོས་གྲུབ་གཏེར་ཆེན་ཞེས་བྱ་བ་བཞུགས། རང་ལུས་རྡོ་རྗེ་རྣལ་འབྱོར་མར་གསལ་བའི། ། སྤྱི་བོར་ཆུ་སྐྱེས་ཉི་ཟླའི་གདན་གྱི་སྟེང་། ། སྐྱབས་གནས་ཀུན་འདུས་པཎ་ཆེན་སྨྲི་ཏིའི་ཞབས། ། རབ་བྱུང་ཆ་ལུགས་པཎ་ཞུ་མཉམ་བཞག་ཅན། །
མུ་མཐུད་ཀློགས།༄༅། །ཇོ་བོ་ཆེན་པོ་སྨྲི་ཏི་ཛྙཱ་ན་ལ་བསྟོད་པ་ཡེ་ཤེས་རབ་གསལ་ཞེས་བྱ་བ་བཞུགས་སོ།།
༄༅། །ཇོ་བོ་ཆེན་པོ་སྨྲི་ཏི་ཛྙཱ་ན་ལ་བསྟོད་པ་ཡེ་ཤེས་རབ་གསལ་ཞེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་ཛྙཱ་ན་ཀཱ་ཡ་ཡེ། ཡེ་ཤེས་སྐུ་མཆོག་ཉིན་མོར་བྱེད་པའི་གཟིས། ། ས་གསུམ་རྨོངས་པའི་མུན་པ་ཀུན་སེལ་བ། ། བླ་མ་འཇམ་དབྱངས་དྲན་པ་ཡེ་ཤེས་ནི། ། མི་འབྲལ་སྤྱི་བོའི་རྒྱན་དུ་རྟག་པར་མཆོད། ། འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ། ། ཀུན་གྱི་གཙུག་ན་མངོན་པར་མཐོ་བ་ཡི། ། ངོ་མཚར་ཇོ་བོ་ཆེན་པོ་དེ་ཉིད་ནི། ། ཕྱོགས་ལས་རྣམ་པར་རྒྱལ་བའི་གྲགས་སྙན་འབར། །
མུ་མཐུད་ཀློགས།༄༅། །མ་ཧཱ་པཎྜི་ཏ་ཙནྡྲ་གོ་མི་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས།
༄༅། །མ་ཧཱ་པཎྜི་ཏ་ཙནྡྲ་གོ་མི་ལ་བསྟོད་པ་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། གཟོད་ནས་ཞི་བ་ཆོས་ཀྱི་དབྱིངས། ། རྣམ་པར་གྲོལ་བ་བྱང་ཆུབ་ཀྱང་། ། མཁྱེན་བརྩེ་ཡེ་ཤེས་ཆེན་པོའི་སྐུ། ། སླར་ཡང་ཞིང་འདིར་སྣང་བར་གྱུར། ༡ ། མཚན་དཔེའི་དཀྱིལ་འཁོར་རབ་རྒྱས་ཤིང་། ། གསུང་དབྱངས་དྲུག་ཅུའི་ཉམས་ལྡན་པ། ། ཕ་རོལ་ཕྱིན་ཐུགས་བདག་ཉིད་ཅན། ། འཇམ་དབྱངས་བླ་མ་ཁྱེད་ལ་འདུད། ༢ །
མུ་མཐུད་ཀློགས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།