༄༅། །བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལོ་རྒྱུས་ཐོག་གི་དུས་རབས་གསར་འབྱེད་མཁན་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྗེས་མདོ་ཙམ་བརྗོད་པ།
སྒྲིག་རྩོམ་མཁན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ནོར་བྲང་ཨོ་རྒྱན།
ས་སྐྱའི་དབང་འཛིན་དུས་རབས་སུ་བོད་ཀྱི་རིག་གནས་འཕེལ་རྒྱས་བྱུང་ཚུལ་རགས་ཙམ་ཞིག་གོང་དུ་བརྗོད་པ་ལྟར་དེའི་ནང་། ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་མཆོག་ནི་རང་ཅག་བོད་མི་རིགས་ཀྱི་གནའ་བོའི་རྩོམ་རིག་སྒྱུ་རྩལ་དེ་ཆུ་ཚད་གསར་པ་ཞིག་ཏུ་གོང་སྤེལ་གཏོང་བའི་ཐད། ཁྱད་དུ་འཕགས་པའི་ཕྱག་རྗེས་འཇོག་གནང་མཛན་མཁན་ལོ་རྒྱུས་ཐོག་གི་མཁས་པའི་དབང་པོ་གཞན་དྲིང་མི་འཇོག་པ་ཞིག་ཡིན།
རང་རེ་མི་རབས་རྗེས་མ་ཚོས་དུས་ནམ་ཡིན་ཡང་དེ་ལྟ་བུའི་མཁས་དབང་རྣམས་ཤེས་རྟོགས་དང་། རྗེས་དྲན་ཞུ་བའི་ཕྱིར་ཁོང་གི་ལོ་རྒྱུས་དང་མཛད་རྗེས་མདོར་བསྡུས་ཙམ་ངོ་སྤྲོད་ཞུ་ཐུབ་ན་དོན་སྙིང་ཆེན་པོ་ལྡན་ཡོད་སྙམ་གྱིན་འདུག །འོན་ཀྱང་ད་ཕན་ང་ཚོས་ཤོང་སྟོན་ལོ་ཙཱ་བའི་རྣམ་ཐར་མ་མཇལ་བའི་ཁར། ཁོང་གིས་བསྒྱུར་རྩོམ་གནང་བའི་བསྟན་བཅོས་ཆེན་པོ་དག་གི་བསྒྱུར་བྱང་དུའང་མཚན་ཙམ་ལས་དགུང་གྲངས་སོགས་གསལ་བ་མ་མཐོང་སྟབས། ཐ་ན་འཁྲུངས་གཤེགས་ཀྱི་ལོ་ཁམས་ཙམ་ཡང་ངེས་རྙེད་ཞུ་མ་ཐུབ་པ་ནི་བློ་ཕམ་ངོ་གནོང་གི་གནས་སུ་གྱར། འོན་ཏེ་རྒྱུ་མཚན་དེ་རིགས་ལ་བརྟེན་ནས་མཐོང་ཐོས་ཀྱི་མཛད་རྗེས་རྣམས་ཀྱང་ངོ་སྤྲོད་མ་བྱས་པར་འཇོག་པ་ནི་གནས་མ་ཡིན་སྙམ་སྟེ་འབྲེལ་ཡོད་ཀྱི་ཡིག་ཆ་གང་འབྱོར་རྣམས་གཞིར་བཟུང་ཤོང་ལོ་ཆེན་པོའི་ལོ་རྒྱུས་ཆ་ཤས་ཙམ་འགོད་པར་བྱའོ། །
དེ་ཡང«ཐ་སྙད་རིག་གནས་ལྔ་བྱུང་ཚུལ་གསལ་བར་བྱེད་པ»ཞེས་པ་ལས་འབྱུང་བ་ལྟར་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་ནི། ལ་སྟོད་ལྷོའི་དཔྱད་ལུང་ཤར་ཟེར་བའི་ཡུལ་ཚོའི་བོང་ར་ཞེས་པར་སྐུ་བལྟམས་པ་དང་། གཞོན་ནུའི་དུས་ནས་རབ་ཏུ་བྱུང་ཞིང་གོ་ཡུལ་བ་མདོ་སྡེ་རྒྱལ་མཚན་གྱི་དྲུང་དུ་དུས་འཁོར་ཆག་ལུགས་དང་། བདེ་ཀྱཻ་ཕྲེང་བ་སྐོར་གསུམ་སོགས་རྒྱུད་སྡེའི་ཆོས་མང་དུ་གསན་ཅིང་། གར་ཐིག་དང་རྩིས་ལ་སོགས་པ་མཁས་པར་སྦྱོར་གནང་མཛད། གཟའ་གསལ་བར་བྱེད་པའི་སྒྲོན་མེ་སོགས་རྩིས་ཀྱི་བསྟན་བཅོས་ཀྱང་མང་དུ་བརྩམས་པ་གནང་། དེ་ནས་ཚ་ནང་བླ་མ་སྟག་བདེ་བའི་དྲུང་དུ་ཕེབས་ནས་ཕར་ཕྱིན་དང་། ཚད་མ། མངོན་པ་གསུམ་ལ་བྱང་ཆུབ་པར་གསན་སྦྱོང་གནང་ཐོག །དུས་འཁོར་གྱི་སྐོར་ཕྱག་དཔེ་ཤོག་ལྡེབ་བཞི་བཅུ་ཙམ་ཞིག་ཕྱག་བྲིས་སུ་མཛད་པ་དེ་ཡོན་དུ་ཕུལ་ནས་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་པ་མན་ངག་དང་བཅས་པ་ལེགས་པར་གསན། དམ་པ་འདི་ནི་གཞོན་ནུ་ནས་སྐུ་ཡོན་གསན་སྦྱོང་གནང་རྒྱུར་མཁྱེན་རབ་དང་ཐུགས་བརྩོན་གཉིས་ཀ་འགྲན་ཟླ་བྲལ་བ་ཞིག་ཡོད་པ་ལགས།
དེ་ནས་སྤྱི་ལོ་ 1265 བོད་རབ་བྱུང་བཞི་པའི་ཤིང་གླང་ལོར་ས་སྐྱ་འགྲོན་མགོན་འཕགས་པ་ནང་ས་ནས་དཔལ་ལྡན་ས་སྐྱའི་གདན་སར་ཕེབས་སྐབས། ཤོང་སྟོན་གྱིས་འཕགས་པ་རིན་པོ་ཆེར་སྡེབས་ལེགས་ཚིགས་སུ་བཅད་པའི་བསྟོད་པ་མཁས་པའི་ཡིད་དབང་འཕྲོག་པ་ཞིག་ལྗགས་རྩོམ་གནང་ནས་ཕུལ་ཐོག །རང་གི་ཐུགས་འདུན་གསལ་པོར་གསོལ་ཏེ་སྒྲ་བསྒྱུར་གྱི་ལོ་ཙཱ་ཞིག་སློབ་ཏུ་འགྲོ་འདོད་པས་ཅིས་ཀྱང་བརྫོང་བར་ཞུ་ཞེས་གསོལ་བ་བཏབ་པ་ན། བླ་མ་འཕགས་པས་ཁོང་གི་ལྗགས་རྩོམ་དང་ཐུགས་འདོད་ལ་ཤིན་ཏུ་དགྱེས་ནས། ཁྱེད་དེ་ལྟ་བུའི་བློ་སྐྱེ་བ་ནི་བཟང་། རེ་ཞིག་གཞུང་ལུགས་གསར་པ་བསྒྱུར་བའི་ནུས་པ་མ་བྱུང་ཡང་། པཎྜི་ཏ་བསྟེན་ལ་སློབ་གཉེར་དྲི་གཏུགས་ལེགས་པར་གྱིས་ཤིག །ཁོ་བོས་ཀྱང་ཆོས་རྗེ་པ(ས་པཎ)བསྟེན་ཡུན་ཐུངས་པས། སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང་། ཚིག་གཏེར་སོགས་ཚུལ་བཞིན་མི་ཤེས་པས་འདི་དག་ཤེས་པ་ཞིག་ཅིས་ཀྱང་གྱིས་ཤིག །མཁས་པར་གྱུར་པའི་ཚེ་ངེད་ལ་ཆོས་རྗེ་པའི་དགོངས་པ་སྐོང་དགོས་ཀྱི་འགྱུར་འདྲ་ཡང་དགོས་པ་ཡོད་དེ་རྗེས་སུ་བྱེད་དོ་གསུངས་ནས། སྡེབ་སྦྱོར་ཚིག་གཏེར་སོགས་ཀྱི་ཕྱག་དཔེ་དང་། གསེར་སྲང་ལྔ། དར་ཡུག་བཅུ་གསུམ་རྣམས་གནང་ཞིང་། རྟེན་འབྲེལ་གྱི་གནད་ཡོད་པས་དོ་ནུབ་ཁྱེད་རང་རྗེ་བཙུན་གོང་མའི་གཟིམ་ཆུང་དཔེ་ཁང་དུ་ཉོལ་ལ་མྱུར་དུ་སོངས། སླར་ཕྱིར་འཁོར་བ་ན་ངའི་དྲུང་དུ་ཤོག་ཅིག་གསུངས་ནས་བླ་མ་འཕགས་པའི་གཟིམ་གཡོག་མདོ་སྨད་པ་བློ་གྲོས་རྒྱལ་པོ་གྲོགས་སུ་མངགས་ནས་རྫོང་བར་མཛད།
དེའི་དུས་ཤོང་ལོའི་ཐུགས་ལ་རང་ལ་སྐྱེ་སྟོབས་ཀྱི་བློ་གྲོས་ནི་ཕུན་སུམ་ཚོགས་ཙམ་ཡོད། སྦྱོར་བརྩོན་གྱི་ནན་ཏན་ལ་མཆོག་ཏུ་འབད་ན་སྔར་མ་འགྱུར་བའི་ལེགས་པར་བཤད་པ་གསར་པ་མང་དུ་བསྒྱུར་བ་ཅི་མི་ནུས་དགོངས་པའི་བརྩོན་འགྲུས་ཀྱི་ཤུགས་སྐྱེད་བཞིན་བལ་ཡུལ་དུ་བྱོན་ནོ། །(ང་ཚོས་ཁོང་གི་འཁྲུངས་ལོ་ངེས་གསལ་མ་རྙེད་རུང་སྐབས་འདིར་གཞི་ནས་ལོ་ཙཱ་སྦྱོང་བ་ལ་ཞུགས་པ་དེ་ལས་སྐུ་ན་གཞོན་ནུར་ངེས་པས་ཕལ་ཆེར་དུས་རབས་བཅུ་གསུམ་པའི་ལོ་རབས་བཞི་བཅུ་ཡས་མས་ལ་འཁྲུངས་པར་རྩིས་ན་ནོར་འཛོལ་ཆེར་ཡོང་མི་སྲིད་སྙམ་མོ།།)
བལ་ཡུལ་དུ་པཎྜི་ཏ་ས་དབང་བཟང་པོའི་དྲུང་ནས་སྒྲ་དང་། སྙན་ངག །སྡེབ་སྦྱོར། ཟློས་གར། མངོན་བརྗོད་ལ་སོགས་པ་ཉིན་མཚན་རྟག་འགྲུས་ཀྱིས་བྱང་ཆུབ་པར་གསན་སྦྱོང་མཛད་དེ། རིངས་པའི་ཚུལ་གྱིས་ས་སྐྱར་བླ་མའི་སྐུ་དྲུང་དུ་ཕྱིར་ཕེབས། སྦྱངས་འབྲས་ཀྱི་ཚུལ་རྣམས་ཞིབ་པར་སྙན་དུ་ཕུལ་བས་འཕགས་པ་རིན་པོ་ཆེ་རབ་ཏུ་དགྱེས་པར་གྱུར་ཏེ། བཀའ་གནང་བར། “འོ་ངེད་ཀྱི་ཆོས་རྗེ་པ་བྱང་ཕྱོགས་སྤྲུལ་པའི་སྡེར་སྐུ་གཤེགས་ཁར་ཐ་མའི་གསུང་དུ་བཀའ་བསྩལ་པ་ལ། ད་ནི་སངས་རྒྱས་ཀྱི་བསྟན་པ་ཡང་མཆོག་ཏུ་དར་བར་བྱས། བརྒལ་བརྟགས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་སྲོལ་བཟང་པོ་ཡང་དོད། ཐ་སྙད་རིག་གནས་ཀྱི་ཚུལ་འདི་ལའང་ལག་རྗེས་ཆེན་པོ་བྱུང་བས་སེམས་ལ་འཕྲེང་བར་ཆེར་མེད། འོན་ཀྱང་འཕགས་པ་བསྙེན་པར་མ་རྫོགས་པ་དང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་བོད་དུ་མ་འགྱུར་བ་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྲེང་འཛིན་གྱི་ཚིགས་བཅད་བཞིན་མ་འགྱུར་བ་བཅས་གསུམ་ཙམ་མོ་ཞེས་གསུངས་པ་ཞིག་ཡོད་ན། ང་ནི་བསྙེན་པར་རྫོགས་ཟིན། འགྱུར་གཉིས་པོ་དེ་སྔར་མ་བྱུང་བས་ད་ཁྱེད་ཀྱིས་ཅིས་ཀྱང་ལེགས་པར་སྒྲུབ་ཐུབ་པ་གྱིས་ཤིག །དེའི་གྲོགས་འགྱུར་དཔོན་ཆེན་ཤཱཀྱ་བཟང་པོས་བྱེད་པ་ཡོད་དོ”ཞེས་དགྱེས་བཞིན་བཀའ་ཕེབས་པ་ཤོང་ལོས་ཀྱང་སྤྲོ་བ་ཆེན་པོས་དང་དུ་བཞེས་པ་ཡིན།
དེ་ནས་མི་རིང་བར་དང་ཐོག་ས་སྐྱ་རང་དུ་དུས་འཁོར་རྒྱུད་འགྲེལ«ཤོང་འགྱུར»ཞེས་ཡོངས་སུ་གྲགས་པ་མཁས་པ་ཐམས་ཅད་ཀྱིས་འགྱུར་ལེགས་པ་རང་དུ་བརྩི་བ་འདི་མཛད་པ་ཡིན། དེ་རྗེས་སུ་འཕགས་ཡུལ་རྡོ་རྗེ་གདན་དུ་བྱོན་ནས་མ་ཧཱ་བོ་དྷི་ལ་མཆོད་པ་དང་སྐོར་བ་མཛད་ཅིང་། རྒྱ་གར་གྱི་པཎྜི་ཏ་ལཀྵིམ་ཀ་ར་བོད་དུ་གདན་དྲངས་ནས། དཔོན་ཆེན་ཤཱཀྱ་བཟང་པོའི་གྲོགས་དན་དང་བཅས་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ«རྟོགས་བརྗོད་ཆེན་པོ་དཔག་བསམ་འཁྲི་ཤིང»དང་། «ཀླུ་ཀུན་ཏུ་དགའ་བའི་ཟློས་གར» སྙན་ངག་གི་གཞུང་ལུགས་ཆེན་པོ«མེ་ལོང་མ» «འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ» «འཕགས་པ་འཇམ་དཔལ་གྱི་བསྟོད་པ་བྲྀ་ཏ་མ»ཙནྡྲ་པའི་མདོ་སྦྱོར་བའི་རྩ་འགྲེལ། བཟློག་པ་བསྡུས་པ་རྩ་འགྲེལ། སློབ་དཔོན་སུ་པ་རཀྵི་ཏས་མཛད་པའི་སྨྲ་བ་ཀུན་ལ་འཇུག་པ་རྩ་འགྲེལ། སློབ་དཔོན་སེང་གེ་བཟང་པོས་མཛད་པའི་རྣམ་དབྱེའི་ལེའུར་བྱས་པ་ལ་སོགས་པ་སྔོན་ཆད་བོད་དུ་མ་འགྱུར་བའི་རིག་གནས་ཀྱི་གཞུང་ལུགས་དང་། བསྟན་བཅོས་མང་དུ་བསྒྱུར་གནང་བ་མ་ཟད། མངོན་བརྗོད་ཀྱི་བསྟན་བཅོས་ཆེན་པོ་འཆི་མེད་མཛོད་ལ་འགྱུར་མཆན་ཡང་མཛད་དོ། །
དེ་ནས་སྒྲ་དང་། སྙན་ངག་གི་བཤད་རྒྱུན་དངོས་སུ་དར་སྤེལ་གནང་ནས་སློབ་མ་མཁས་པ་དུ་མ་གསོ་སྐྱོང་གི་འགོ་ཚུགས་པ་ཡིན། བླ་མ་འཕགས་པ་རིན་པོ་ཆེའི་བཀའ་དང་། ཆོས་རྗེ་ས་སྐྱ་པཎྜི་ཏའི་བོད་ཀྱི་བསྟན་པ་དང་མི་རིགས་ཀྱི་རིག་གནས་འཕེལ་རྒྱས་ཡོང་བའི་རླབས་ཆེན་གྱི་དགོངས་བཞེད་ཡོངས་རྫོགས་ལྷག་དང་བཅས་པ་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་གྲུབ་མཛད་པ་ཡིན།
འགྱུར་སྔོན་མ་ཁག་གཅིག་གྲུབ་པ་དང་ཕོ་བྲང་ཆེན་པོ་ཏཱ་ཏུར་བླ་མ་འཕགས་པའི་དྲུང་དུ་ཕུལ་བས་རབ་ཏུ་མཉེས་ཤིང་། བཀའ་ཤོག་བསྩལ་བའི་ནང་དུའང“སྡེ་སྣོད་འཛིན་པ་ཤོང་ལོ་ཙཱ་བའི་སྙན་དུ་གསོལ་བ”ཞེས་གུས་བཀུར་གནང་ཐོག“དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་པ་དང་བཅས་པ་རྒྱ་ཆེ་ལ་ཟབ་ཅིང་གཏིང་དཔག་དཀའ་བ། ཚིག་བརླིང་ཞིང་སྡེབས་སྦྱོར་བྱིངས་ཆེ་བས་ཆེན་པོ་རྣམས་ཀྱིས་ཀྱང་ཉམས་སུ་ལོན་དཀའ་བས། སྔོན་བྱུང་གི་ལོ་ཙཱ་བ་དག་གིས་ཀྱང་མ་འགྱུར་བ་དང་ལོག་པར་འགྱུར་བ་དང་། རྣམ་གྲངས་གཞན་དང་ཕྱོགས་རེ་བ་དང་། ཐལ་བར་བསྒྱུར་པ་ལ་སོགས་པ་དེ་དག་ཁྱེད་ཀྱིས་ལེགས་པར་ཁོང་དུ་ཆུད་ཅིང་ངེས་ཏེ་ཞུ་ཆེན་མཛད་པའི་གླེགས་བམ་དང་། ཀླུ་རྣམས་ཀུན་ཏུ་དགའ་བའི་ཟློས་གར་མཐོང་བས་དགེ་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས”ཞེས་གསལ་བས་འགྲོ་མགོན་འཕགས་པ་ལྟ་བུས་ཀྱང་རབ་ཏུ་བསྔགས་པ་རྒྱ་ཆེར་མཛད་པ་འདི་ཐོག་ནས། ཤོང་སྟོན་ལོ་ཙཱ་བས་བསྒྱུར་བྱའི་བཀའ་དང་བསྟན་བཅོས་རྣམས་འགྱུར་དཀའ་བའི་ཚད་དང་། བསྒྱུར་ཟིན་པ་རྣམས་འགྲན་ཟླ་བྲལ་བའི་སྤུས་ཚད་ཅི་འདྲ་བྱུང་ཡོད་པ་རགས་ཙམ་རྟོགས་ཐུབ་པ་ཡིན།
ལྷག་པར་དུ་རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ནི་སྙན་ངག་གི་རྒྱལ་པོ་ཞེས་ཡོངས་སུ་གྲགས་ལ། རྒྱ་གར་ཤར་ཕྱོགས་གོ་ཌ་པའི་ལུགས་ལས་དྲངས་པའི་ཚིག་སྦྱོར་ཧ་ཅང་ཕུན་སུམ་ཚོགས་ཤིང་། ནང་དོན་རྒྱ་ཆེ་བ་བསམ་ཡུལ་ལས་འདས་པ་འདི་ལྟ་བུ་ཡང་བརྗོད་བྱའི་དོན་གསལ་ཞིང་། ཚིག་རྒྱན་གྱི་རོ་མཆོག་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཕུལ་དུ་བྱུང་བ་མཁས་པ་རྣམས་ཀྱིས་ཇི་ཙམ་བཀླགས་ན་དེ་ཙམ་གྱི་ཡིད་དབང་འཕྲོག་པ་སོགས་འགྱུར་གྱི་ཆུ་ཚད་དང་ངོ་མཚར་བའི་དགེ་མཚན་ནི། ངག་དང་ཡི་གེའི་ལམ་ནས་མཚོན་པར་མི་ནུས་པས་གལ་སྲིད་འཛམ་གླིང་ཐོག་བསྒྱུར་ཡིག་ལ་དཔྱད་བསྡུར་ཞིབ་འཇུག་བྱེད་མཁན་འདྲ་བྱུང་བ་ཡིན་ན། རང་ཅག་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་འདིའི་མི་མངོན་པའི་འོད་སྟོང་ཕྱོགས་བརྒྱར་འགྱེད་ནུས་པའི་ཚད་གཞི་ལེགས་པར་མཚོན་བྱེད་ཅིག་ཆགས་སྲིད་སྙམ།
དུས་མཚུངས་སྙན་གཞུང་མེ་ལོང་མ་ནི་ཚིག་རྒྱན་རྩོམ་རིག་གི་གཞུང་ལུགས་ཤིག་ཡིན་ཅིང་། སྔོན་ཆད་བོད་དུ་རྩོམ་རིག་གི་རིག་པའི་གཞུང་ལུགས་མེད་པ་ནས་ཡོད་པར་འགྱུར་ཐུབ་པ་བྱུང་བ་དང་། དེ་ནི་བསྒྱུར་ཡིག་གཞན་དག་དང་མི་འདྲ་བར་རྒྱན་གྱི་རྣམ་གྲངས་བརྒྱ་ཕྲག་འགའ་ཞིག་མཆིས་པ་དེ་དག་རེ་རེ་བཞིན་ལ་རྒྱན་གྱི་ངོ་བོ་དང་། མཚན་ཉིད། དབྱེ་བ་སོགས་ཞིབ་ཅིང་ཕྲ་བ་སོ་སོར་སྟོན་ནུས་པ་མ་ཟད། དེ་རྣམས་སྟོན་པ་དང་ཆབས་ཅིག་རང་རང་གི་དཔེར་བརྗོད་ཀྱང་སྦྲེལ་ནས་བཤད་པ་སོགས་འདི་ལྟ་བུ་སྐད་ཡིག་གཅིག་ནས། སྐད་ཡིག་གཞན་ཞིག་ལ་ཇི་མ་ཇི་བཞིན་དུ་བསྒྱུར་རྒྱུ་ནི་དངོས་འབྲེལ་བློ་ཡུལ་ལས་འདས་པ་ཞིག་ཡིན། འོན་ཀྱང་ཤོང་ལོས་མཛད་པའི་སྙན་གཞུང་དེའི་འགྱུར་གྱི་ཚད་གཞི་ནི་མཁས་པ་ཀུན་ཧ་ལས་པ་ཞིག་སྒྱུར་གནང་མཛད་ཡོད་པ་མ་ཟད། བོད་དུ་གསར་དར་གྱི་རིག་པའི་གཞུང་ལུགས་དེ་དངོས་སུ་བཤད་འཁྲིད་སྤེལ་བ་བརྒྱུད་རྩོམ་རིག་མཁས་པའི་སློབ་མ་དང་། ཡང་སློབ་མང་པོ་ཟམ་མི་ཆད་པར་ཐོན་ནས་བོད་མི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་དེ་རྒྱུན་འཛིན་དང་གསར་གཏོད་ཟུང་འབྲེལ་བརྒྱུད་ཆུ་ཚད་གསར་པ་ཞིག་ཏུ་གོང་སྤེལ་གཏོང་ཐུབ་པར་མཛད་པ་ལགས་སོ། །
ཁོང་གི་སློབ་མ་གཙོ་བོ་ནི་གང་ཉིད་ཀྱི་དབོན་པོ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ་ཡིན་པ་དང་། དེ་ལ་སློབ་མ་གཙོ་བོ་ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས་བྱུང་ཞིང་། ཁོང་གི་སློབ་མ་གཙོ་བོ་ནི་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་སྟེ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཤོང་དཔང་རྣམ་གཉིས་ཞེས་ཉི་མ་དང་ཟླ་བ་ལྟ་བུར་མཚན་སྙན་ཡོངས་སུ་གྲགས་པ་དེ་ཡིན། དཔང་ལོ་ཙཱ་བ་བལ་ཡུལ་དུ་ལན་བདུན་བྱོན་ཏེ་པཎྜི་ཏ་མང་པོ་ལ་གཏུགས་ནས་བཀའ་བསྟན་དུ་མ་བསྒྱུར་བ་དང་། སྙན་ངག་མེ་ལོང་མར་དཔང་ཊིག་སྟེ་བོད་ཀྱི་འགྲེལ་པ་དང་པོ་བརྩམས་པ་སོགས་ཕྱག་རྗེས་ཤིན་ཏུ་ཆེ་བ་འཇོག་གནང་མཛད། དེའི་སློབ་བརྒྱུད་ལས་གུང་ཐང་པ་བདེ་བའི་བློ་གྲོས་དང་། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། བོ་དོང་ཕྱོགས་ལས་རྣམ་རྒྱལ་སོགས་མཁས་ཤིང་གྲགས་པ་ཅན་དུ་མ་བྱུང་བ་རྣམས་ཀྱིས་སྒྲ། ཚད་མ། སྙན་ངག་སོགས་རིག་གནས་ཀྱི་གཞུང་ཆེན་རྣམས་ཁྱབ་གདལ་དུ་གཏོང་བར་མཛད་པ་བཅས་མདོར་ན་དུས་རབས་བཅུ་བཞི་པ་ནས་བཟུང་བོད་འདིར་གྲགས་ཅན་གྱི་མཁས་པ་ནམ་མཁའི་སྐར་ཚོགས་བཞིན་ཐོན་པ་དང་། རྩོམ་རིག་གི་སྒྱུ་རྩལ་རྒྱ་མཚོའི་རླབས་ཕྲེང་ལྟར་གོང་དུ་འཕྱུར་བ་དེ་དག་ཐམས་ཅད་ཤོང་སྟོན་ལོ་ཙཱ་བའི་མཛད་རྗེས་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ནོ། །
ཁོང་གི་དཀའ་སྤྱད་འབད་བརྩོན་གྱི་སྙིང་རུས་དང་། ཞུམ་པ་མེད་པའི་བློ་སྟོབས། མི་རིགས་རང་ཉིད་ཀྱི་རྩོམ་རིག་རྒྱུན་འཛིན་དང་གཞན་གྱི་དགེ་མཚན་དང་ལེན་ཟུང་འབྲེལ་མཛད་ནས་གསར་གཏོད་རང་བཞིན་ལྡན་པའི་གྲུབ་འབྲས་འདི་ལྟ་བུ་འཇོག་གནང་སོགས་ཀྱི་མཛད་རྗེས་རླབས་ཆེན་ལ། རང་ཅག་མི་རབས་རྗེས་མ་ཚོས་སྙིང་ཐག་པ་ནས་རྗེས་དྲན་ཞུ་འོས་པ་མ་ཟད། ད་དུང་ཁོང་གི་མི་རིགས་ཡར་རྒྱས་ཡོང་བའི་ལྷག་བསམ་དང་། ཡར་ཐོན་བརྩོན་ལེན་གྱི་ཐུགས་སྟོབས། རྒྱུན་འཛིན་དང་གསར་གཏོད་བར་གྱི་འབྲེལ་བ་ཐག་གཅོད་གནང་ཐབས་སོགས་ནི་རང་རེས“གནའ་བཟང་དེང་སྤྱོད”ཀྱི་སློབ་སྦྱོང་ཞུ་འོས་པའི་དོན་སྙིང་ཡང་ཆེན་པོ་ལྡན་ཡོད་པ་བཅས་ལགས་སོ། །

ཡོང་ཁུངས། «བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།»

Post Views: 2
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།