༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱི་སོར་མོ་བཅུའི་མངོན་ཤེས་ཞེས་བྱ་བ་བཞུགས་སོ།།[1]
༄༅། །སློབ་དཔོན་ཀླུ་སྒྲུབ་ཀྱི་སོར་མོ་བཅུའི་མངོན་ཤེས་བྱ་ཚུལ་འདི་ནི་དོན་མཁན་ལ་དམིགས་ནས་དོན་འདྲི་བ་པོ་དེའི་ལག་པ་གཡས་གཡོན་གང་ཟུང་གཅིག་གི་སོར་མོ་གཅིག་གི་མངོན་ཤེས་ཟེར། ༈ ལག་པ་གཡས་པའི་མཐེ་བོང་བསྟན་ན་བཟང་། མགྲོན་པོ་མྱུར་དུ་འོང་། ཕྱུགས་ལ་བཟང་། ཅི་བསམ་ཐམས་ཅད་ཀྱི་དོན་གྲུབ། ༈ མཛུབ་མོ་བསྟན་ན་གཏམ་སྙན་ཐོས། བོར་སྟོར་ཕྱི་དལ་ཆེ། མགྲོན་དུ་མྱུར་དུ་འོང་།
གྱོད་དང་ཁ་མཆུ་དམར་པོ་གྲིབ་ངོ་། །ཁྱིམ་སར་བབས་ན་ནད་པ་གོད་ཁ་འོང་། ནད་ཡིན་ན་ལྷ་མི་དགའ། ༈ གུང་མོ་ལ་བབས་ན། དགྲ་མེད་བཟང་ཚིག་ཐོས། དཀར་ལས་ཀུན་ལ་བཟང་། ཁྱིམ་གཞི་ནོར་རྫས་འོང་། དོན་རྙེད། སྟོར་རྙེད། བྲོས་པ་བཟང་དུ་ཟིན། ཅི་བསམ་ཐམས་ཅད་གྲུབ། ༈ སྲིན་ལག་བབས་ན། བྱ་གྲུབ་བཟང་། སྟོན་པ་དཔལ་ཕྱོགས་སུ་རྙེད། བྲོས་པ་མྱུར་དུ་འོང་། མགྲོན་པོ་ངག་སྙན་ནས་འོང་། ཚོང་ཆ་ཁེ་སྤོག་ཆེ། ནོར་རྙེད། ཅི་བསམ་ཐམས་ཅད་དོན་ལྟར་གྲུབ། ༈ མཐེའུ་ཆུང་བབས་ན། ཁ་མཁུ་དམར་ངོ་གྲིབ་ངོ་། །ངན་ཚིག་ཐོས། སྟོར་བ་མི་རྙེད། བྲོས་པ་ཟིན། ཁྱིམ་ཆ་ལྷ་མི་དགའ།
༈ ལག་པ་གཡོན་པའི་མཐེ་བོང་ལ། ཅི་བསམ་ཐམས་ཅད་གྲུབ། ༈ མཛུབ་མོ་ལ། ཟས་ནོར་འཕྲོད་བཟང་། འོན་ཀྱང་ཚིག་ངན་ཐོས། མགྲོན་པོ་ཕྱི་དལ་འོང་། སྟོར་བ་རྙེད། བྲོས་པ་ཕྱི་དལ་ཆེ། ༈ གུང་མོ་ལ། ཡང་ན་ན། མགྲོན་པོ་དོན་ཆ་མི་གྲུབ་ཕྱི་དལ་ཆེ། ༈ སྲིན་ལག་ལ། མི་མང་པོ་དབང་བསྡུས་ཤིང་བཟང་། ཅི་བསམ་ཐམས་ཅད་གྲུབ། ༈ ༡༠ མཐེའུ་ཆུང་ལ། ཅི་བསམ་ཐམས་ཅད་ཡིད་བཞིན་གྲུབ། སྟོར་བ་རྙེད། བྲོས་པ་མྱུར་དུ་ཟིན། དཔལ་ཕྱོགས་སུ་ཡོད། ཟས་ནོར་འཕེལ་བཟང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སོར་མོ་བཅུའི་མོ་འདི་ཡིན་ནོ། །དགེའོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཔལ་ལྡན་དམག་ཟོར་རྒྱལ་མོའི་སྒོ་ནས་རྣོ་མཐོང་སྒྲུབ་ཚུལ་དེའི་འབྲས་བཤད་དང་བཅས་པ་སོགས། ༼༡༽ ཤོག་གྲངས་ ༡༠༩ ནས་ ༡༡༢བར་བཞུགས་པའི་དབུ་ཅན་བྲིས་མ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།