གསུམ་པ། ཇོ་བོ་རྗེའི་བསྟན་བཅོས་མ་རྙེད་པའི་རིགས། ཀ༽ བསྟན་འགྱུར་དཀར་ཆག་སོགས་ལས་བསྟན་བཅོས་མ་རྙེད་པ།

གསུམ་པ། ཇོ་བོ་རྗེའི་བསྟན་བཅོས་མ་རྙེད་པའི་རིགས།

ཀ༽ བསྟན་འགྱུར་དཀར་ཆག་སོགས་ལས་བསྟན་བཅོས་མ་རྙེད་པ།

 

༡༽ བསྟན་འགྱུར་སྣ་ཚོགས་ ༼ཉོ༽ པ་ལ། སྨན་བླའི་སྒྲུབ་ཐབས། པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། འདི་ཉིད་ཨ་ཏི་ཤའི་གསུང་འབུམ་སྟེ། བཀའ་གདམས་དཔེ་དཀོན་གཅེས་བཏུས་ཀྱི་ཆོས་ཚན། འ༽ (༢༢) རྒྱ་གར་སྐད་དུ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྡྷ་ཀ་ར་བིདྷི།

བོད་སྐད་དུ། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཐག་པར་བྱེད་པའི་ཆོ་ག་ཞེས་བྱ་བ་སྨན་བླའི་སྒྲུབ་ཐབས། ཞེས་ཤོག་གྲངས་ ༡༠༧༥ ནས་འཁོད་པ་དང་གཅིག་མིན་དཔྱད་དགོས་ལ། གཅིག་ཡིན་ན་བཀའ་གདམས་དཔེ་དཀོན་གཅེས་བཏུས་ལས་ཁ་སྐོང་ཞུས་ཡོད་ཀྱང་། ཐ་དད་ཡིན་ན་སྨན་བླའི་སྒྲུབ་ཐབས་འདི་ཉིད་མ་རྙེད་དོ།།

༢༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[1]། རྒྱུད་འགྲེལ། ༼ཏུ༽ རྟ་མགྲིན་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༥༥བ། ༡༦༠བ། བར་བཞུགས་པར་གསལ་ནའང་བསྟན་འགྱུར་པར་མ་གཞན་དུ་འཕགས་པ་རྟ་མགྲིན་གྱི་སྒྲུབ་ཐབས་དང་། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། རྟ་མགྲིན་གྱི་སྒྲུབ་ཐབས་གསུམ་བཞུགས་ཀྱང་ཞལ་གསུམ་ཕྱག་དྲུག་ཅན་གྱི་རྟ་མགྲིན་གྱི་སྒྲུབ་ཐབས་མ་རྙེད་དོ།།

༣༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[2]། རྒྱུད་འགྲེལ། ༼ཏུ༽ ཞལ་གསུམ་ཕྱག་བཞི་པའི་སྒྲུབ་ཐབས། སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༡༦༠ན། ༡༦༡བ། བར་བཞུགས་པར་གསལ་ནའང་བསྟན་འགྱུར་པར་མ་གཞན་དུ་མི་གསལ་ལོ།།

༤༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[3]། རྒྱུད་འགྲེལ། ༼ཏུ༽ གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས། སློབ་དཔོན་ཇོ་བོ་རྗེས་མཛད། དེ་ཉིད་དང་བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། ལྡེབ་གྲངས་ ༢༤༤ན། ༢༤༩ན། བར་བཞུགས་པར་གསལ་ནའང་བསྟན་འགྱུར་པར་མ་ཁག་ཏུ་གསལ་ཡོད་མེད་དཔྱད་དགོས་སོ།།

༥༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[4]། རྒྱུད་འགྲེལ། ༼ཏུ༽ གཙུག་ཏོར་དྲི་མེད་ཀྱི་སྒྲུབ་ཐབས། སློབ་དཔོན་ཇོ་བོ་རྗེས་མཛད། དེ་ཉིད་དང་བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། ལྡེབ་གྲངས་ ༢༤༠ན། ༢༤༣ན། བར་བཞུགས་པར་གསལ་ནའང་བསྟན་འགྱུར་པར་མ་ཁག་ཏུ་གསལ་མིན་དཔྱད་དགོས་སོ།།

༦༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[5]། རྒྱུད་འགྲེལ། ༼ཏུ༽ མཆོད་རྟེན་ལྔ་གདབ་པའི་ཆོ་ག །སློབ་དཔོན་ཇོ་བོ་རྗེས་མཛད། དེ་ཉིད་དང་བོད་ཀྱི་ལོ་ཙཱ་བ་ནག་ཚོ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། ལྡེབ་གྲངས་ ༢༤༤ན། ༢༤༩ན། བར་བཞུགས་པར་གསལ་ནའང་བསྟན་འགྱུར་པར་མ་ཁག་ཏུ་གསལ་མིན་དཔྱད་དགོས་སོ།།

༧༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[6]། རྒྱུད་འགྲེལ། ༼པུ༽ གཏོར་མའི་ཚོགས་མཆོད་ཀྱི་རིམ་པ། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ལྡེབ་གྲངས་ ༡༩༨ན། ༢༠༤ན། བར་བཞུགས་པར་གསལ་ནའང་བསྟན་འགྱུར་པར་མ་ཁག་ཏུ་གསལ་མིན་དཔྱད་དགོས་སོ།།

༨༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[7]། རྒྱུད་འགྲེལ། ༼ཟུ༽ ཕྱག་རྡོར་གོས་སྔོན་ཅན་གྱི་སྒྲུབ་ཐབས། སློབ་དཔོན་ཇོ་བོ་རྗེས་མཛད། རྒྱ་གར་གྱི་པཎྜི་ཏ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ལྡེབ་གྲངས་ ༡༨༣ན། ༡༨༨བ། བར་བཞུགས་པར་གསལ་ནའང་བསྟན་འགྱུར་པར་མ་ཁག་ཏུ་གསལ་མིན་དཔྱད་དགོས་སོ།།

༩༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[8]། རྒྱུད་འགྲེལ། ༼ཟུ༽ སྒྲོལ་མའི་བསྟོད་པ། སློབ་དཔོན་ཇོ་བོ་རྗེས་མཛད། རྒྱ་གར་གྱི་པཎྜི་ཏ་བུདྡྷ་ཀ་ར་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་ཆོས་ཀྱི་ཡེ་ཤེས་ཀྱིས་བསྒྱུར། ལྡེབ་གྲངས་ ༢༤༤ན། ༢༤༥ན། བར་བཞུགས་པར་གསལ་ནའང་། ཡོངས་གྲགས་ཀྱི་བསྟན་འགྱུར་པར་མ་ཁག་བཞི་ཀར་འཁོད་ཡོད་མི་འདུག་པས་དཔྱད་དགོས་པར་སྣང་ངོ་།།

༡༠༽ གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[9]། རྒྱུད་འགྲེལ། ༼ཟུ༽ གཏུམ་པོ་ཁྲོ་བོ་ཆེན་པོའི་སྒྲུབ་ཐབས་དོན་དམ་པ། སློབ་དཔོན་ཇོ་བོ་རྗེས་མཛད། རྒྱ་གར་གྱི་པཎྜི་ཏ་ནི་རྦཱ་ཎ་ཤྲཱི་དང་། བོད་ཀྱི་ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོས་གཡར་ཁྲལ་དུ་བསྒྱུར། ལྡེབ་གྲངས་ ༣༣༠ན། ༣༣༢ན། བར་བཞུགས་པར་གསལ་ནའང་། ཡོངས་གྲགས་ཀྱི་བསྟན་འགྱུར་པར་མ་ཁག་བཞི་ཀར་གསལ་མི་འདུག་པས་ཐབས་འཚོལ་གྱིས་ལག་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།

དེ་ལྟར་གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ཏུ་གསལ་བའི་བསྟན་བཅོས་རྣམ་གྲངས་ ༡༠ པོ་རྣམས་ཀྱི་མ་ཡིག་ཀྱང་མ་རྙེད་པས་མ་འོངས་པར་རྙེད་སོན་བྱུང་མཚམས་ཞལ་སྐོང་ཞུ་དགོས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༧

[2] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༧

[3] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༩

[4] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༩

[5] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༩༩

[6] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༩༥

[7] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༩༤

[8] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༤༢༨

[9] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༤༣༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༧ ནས་ ༢༥༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *