ཅ༽ མར་མེ་མཛད་ཀྱི་མཛད་བྱང་གསལ་བའི་གསུང་གི་དཀར་ཆག
༡༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། ཀྲིཥྞ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་མཛད་པའོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༡༦ ལྡེབ་ ༦༤བ༥ ནས་ ༦༥ན༥ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༣ ཚེག་ཁྱིམ་ ༤༢༠།
ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༡༦ ལྡེབ་ ༧༨ན༨ ནས་ ༧༩བ༢ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༤༣ ཚེག་ཁྱིམ་ ༤༣༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༡༦ ལྡེབ་ ༦༨ན༧ ནས་ ༦༩ན༡ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༤༣ ཚེག་ཁྱིམ་ ༤༢༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༡༦ ལྡེབ་ ༦༤བ༣ ནས་ ༦༥ན༣ བར་ཡིག་ཕྲེང་ ༨ ཚིག་རྐང་ ༧-༤༣ ཚེག་ཁྱིམ་ ༤༢༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༡༩༤ ནས་ ༡༩༥ བར་བཞུགས་པ་བཅས་སོ།།
༢༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། བཻ་རོ་ཙ་ན་ཡ་མཱ་རི་ནོ་པི་ཀ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་རྣམ་པར་སྣང་མཛད་ཀྱི་མངོན་པར་རྟོགས་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་མཁས་པར་གྲགས་པ་དཔལ་མར་མེ་མཛད་ཀྱིས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་མཛད་པའོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༡༧ ལྡེབ་ ༦༥ན༥ ནས་ ༦༦ན༡ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༡༣-༢༢། ༧-༡༤ ཚེག་ཁྱིམ་ ༥༠༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༡༧ ལྡེབ་ ༧༩བ༢ ནས་ ༨༠ན༨ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༡༣-༢༢། ༧-༡༤ ཚེག་ཁྱིམ་ ༥༡༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༡༧ ལྡེབ་ ༦༩ན༡ ནས་ ༦༩བ༥ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༡༣-༢༢། ༧-༡༤ ཚེག་ཁྱིམ་ ༥༠༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༡༧ ལྡེབ་ ༦༥ན༣ ནས་ ༦༥བ༥ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༡༣-༢༢། ༧-༡༤ ཚེག་ཁྱིམ་ ༥༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༡༩༧ ནས་ ༡༩༩ བར་བཞུགས་པ་བཅས་སོ།།
༣༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། རཏྣ་སཾ་བྷཱ་ཝ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། གཤིན་རྗེ་གཤེད་རིན་ཆེན་འབྱུང་ལྡན་གྱི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་མཛད་པའོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༡༨ ལྡེབ་ ༦༦ན༡ ནས་ ༦༦བ༣ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༩། ༩-༨ ཚེག་ཁྱིམ་ ༧༠༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༡༨ ལྡེབ་ ༨༠ན༨ ནས་ ༨༡ན༦ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༤༩། ༩-༨ ཚེག་ཁྱིམ་ ༧༡༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༡༨ ལྡེབ་ ༦༩བ༥ ནས་ ༧༠བ༢ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༤༩། ༩-༨ ཚེག་ཁྱིམ་ ༧༠༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༡༨ ལྡེབ་ ༦༥བ༥ ནས་ ༦༦ན༧ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༩། ༩-༨ ཚེག་ཁྱིམ་ ༧༠༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༠༠ ནས་ ༢༠༢ བར་བཞུགས་པ་བཅས་སོ།།
༤༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། ཨ་མི་ཏཱ་བྷཱ་ཧྲི་ད་ཡ་རཱ་ག་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། འོད་དཔག་ཏུ་མེད་པའི་སྙིང་པོ་འདོད་ཆགས་གཤིན་རྗེ་གཤེད་སྒྲུབ་པའི་ཐབས་ཞེས་བྱ་བ། སློབ་དཔོན་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ངོ་།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༡༩ ལྡེབ་ ༦༦བ༣ ནས་ ༦༧ན༦ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༥༦། ༩-༤ ཚེག་ཁྱིམ་ ༥༣༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༡༩ ལྡེབ་ ༨༡ན༦ ནས་ ༨༢ན༤ བར་ཡིག་ཕྲེང་ ༡༥ ཚིག་རྐང་ ༧-༥༦། ༩-༤ ཚེག་ཁྱིམ་ ༥༤༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༡༩ ལྡེབ་ ༧༠བ༢ ནས་ ༧༡ན༧ བར་ཡིག་ཕྲེང་ ༡༣ ཚིག་རྐང་ ༧-༥༦། ༩-༤ ཚེག་ཁྱིམ་ ༥༣༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༡༩ ལྡེབ་ ༦༦ན༧ ནས་ ༦༧ན༢ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༦། ༩-༤ ཚེག་ཁྱིམ་ ༥༣༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༠༣ ནས་ ༢༠༥ བར་བཞུགས་པ་བཅས་སོ།།
༥༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཏཱིཀྵྞ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐ་དུ། གཤིན་རྗེ་གཤེད་རྡོ་རྗེ་རྣོན་པོ་ཞེས་བྱ་བའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་མར་མེ་མཛད་ཀྱིས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་དུ་མཛད་པའོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༠ ལྡེབ་ ༦༧ན༦ ནས་ ༦༨ན༡ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༦༣ ཚེག་ཁྱིམ་ ༥༤༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༢༠ ལྡེབ་ ༨༢ན༤ ནས་ ༨༣ན༡ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༦༣ ཚེག་ཁྱིམ་ ༥༦༣། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༠ ལྡེབ་ ༧༡ན༧ ནས་ ༧༢ན༤ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༦༣ ཚེག་ཁྱིམ་ ༥༦༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༠ ལྡེབ་ ༦༧ན༢ ནས་ ༦༧བ༤ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༦༣ ཚེག་ཁྱིམ་ ༥༤༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༠༦ ནས་ ༢༠༨ བར་བཞུགས་པ་བཅས་སོ།།
༦༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཙརྩི་ཀཱ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་སེམས་མ་བདེ་བའི་སྒྲུབ་པའི་ཐབས་ཞེས་བྱ་བ། སློབ་དཔོན་མཁས་པ་ཆེན་པོ་མར་མེ་མཛད་ཀྱིས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་དུ་མཛད་པའོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༡ ལྡེབ་ ༦༨ན༡ ནས་ ༦༨བ༤ བར་ཡིག་ཕྲེང་ ༡༡ ཚིག་རྐང་ ༧-༥༣། ༩-༡༠ ཚེག་ཁྱིམ་ ༥༧༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༢༡ ལྡེབ་ ༨༣ན༢ ནས་ ༨༣བ༧ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༥༣། ༩-༡༠ ཚེག་ཁྱིམ་ ༥༧༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༡ ལྡེབ་ ༧༢ན༤ ནས་ ༧༣ན༡ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༥༣། ༩-༡༠ ཚེག་ཁྱིམ་ ༥༦༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༡ ལྡེབ་ ༦༧བ༤ ནས་ ༦༨ན༦ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༣། ༩-༡༠ ཚེག་ཁྱིམ་ ༥༧༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༠༩ ནས་ ༢༡༡ བར་བཞུགས་པ་བཅས་སོ།།
༧༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། བཛྲ་ཌཱ་ཀི་ཡོ་གི་ནི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་མཁའ་འགྲོ་མ་རྣལ་འབྱོར་མའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཆེན་པོ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༢ ལྡེབ་ ༦༨བ༤ ནས་ ༦༩ན༦ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༤། ༩-༨ ཚེག་ཁྱིམ་ ༤༧༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༢༢ ལྡེབ་ ༨༣བ༧ ནས་ ༨༤བ༤ བར་ཡིག་ཕྲེང་ ༡༤ ཚིག་རྐང་ ༧-༥༤། ༩-༨ ཚེག་ཁྱིམ་ ༤༨༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༢ ལྡེབ་ ༧༣ན༡ ནས་ ༧༣བ༥ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༥༤། ༩-༨ ཚེག་ཁྱིམ་ ༤༧༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༢ ལྡེབ་ ༦༨ན༦ ནས་ ༦༩ན༡ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༤། ༩-༨ ཚེག་ཁྱིམ་ ༤༧༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༡༢ ནས་ ༢༡༤ བར་བཞུགས་པ་བཅས་སོ།།
༨༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། བཛྲ་གཱི་ཏི་སུ་ཁ་ར་ད་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་བདེ་རྒྱས་དབྱངས་ཅན་མའི་སྒྲུབ་ཐབས་ཞེས་བྱ་བ། སློབ་དཔོན་ཆེན་པོ་མར་མེ་མཛད་ཀྱིས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིའི་རང་འགྱུར།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༣ ལྡེབ་ ༦༩ན༦ ནས་ ༧༠ན༡ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༠། ༩-༨ ཚེག་ཁྱིམ་ ༥༤༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༢༣ ལྡེབ་ ༨༤བ༤ ནས་ ༨༥ན༧ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༤༤། ༩-༨ ཚེག་ཁྱིམ་ ༥༠༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༣ ལྡེབ་ ༧༣བ༥ ནས་ ༧༤ན༧ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༤༤། ༩-༨ ཚེག་ཁྱིམ་ ༤༩༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༣ ལྡེབ་ ༦༩ན༡ ནས་ ༦༩བ༢ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༥༠། ༩-༨ ཚེག་ཁྱིམ་ ༥༤༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༡༥ ནས་ ༢༡༧ བར་བཞུགས་པ་བཅས་སོ།།
༩༽ རྒྱུད་ ༼མི༽ པ་ལ། རྒྱ་གར་སྐད་དུ། མུངྒ་ར་ཀྲོ་དྷ་ཡ་མཱ་རི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཁྲོ་བོ་ཐོ་བ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་མར་མེ་མཛད་ཀྱིས་མཛད་པ། རྣལ་འབྱོར་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་དུ་མཛད་པའོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༨ ལྡེབ་ ༧༥ན༣ ནས་ ༧༥བ༤ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༥༣ ཚེག་ཁྱིམ་ ༥༠༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼པི༽ ཚན་གྲངས་ ༢༨ ལྡེབ་ ༩༡ན༡ ནས་ ༩༡བ༤ བར་ཡིག་ཕྲེང་ ༡༢ ཚིག་རྐང་ ༧-༥༣ ཚེག་ཁྱིམ་ ༥༠༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼པི༽ ཚན་གྲངས་ ༢༨ ལྡེབ་ ༧༩ན༧ ནས་ ༨༠ན༢ བར་ཡིག་ཕྲེང་ ༡༠ ཚིག་རྐང་ ༧-༥༣ ཚེག་ཁྱིམ་ ༥༠༣། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼མི༽ ཚན་གྲངས་ ༢༨ ལྡེབ་ ༧༤བ༢ ནས་ ༧༥ན༣ བར་ཡིག་ཕྲེང་ ༩ ཚིག་རྐང་ ༧-༥༣ ཚེག་ཁྱིམ་ ༥༠༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼མི༽ དེབ་ཨང་ ༢༤ ཤོག་གྲངས་ ༢༣༧ ནས་ ༢༣༨ བར་བཞུགས་པ་བཅས་སོ།།
༡༠༽ རྒྱུད་ ༼ཟི༽ པ་ལ། རྒྱ་གར་སྐད་དུ། མཱུ་ལ་པཏྟི་ཊཱི་ཀཱ། བོད་སྐད་དུ། རྩ་བའི་ལྟུང་བའི་རྒྱ་ཆེར་འགྲེལ་པ། པེ་ཅིན་དང་སྣར་ཐང་བསྟན་འགྱུར་ལས[1]། མཁས་པ་ཆེན་པོ་མར་མེ་མཛད་ཀྱིས་མཛད། ཅེས་དང་། གཞུང་དངོས་ཀྱི་མཇུག་བྱང་ལས[2]། གསང་སྔགས་རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་རྣམས་ཀྱི་བསླབ་པ་གསལ་བར་བྱེད་པའི་མན་ངག་ཅེས་བྱ་བ་སློབ་དཔོན་རྒྱལ་བའི་ལྷས་མཛད་པའི་རྩ་བའི་ལྟུང་བའི་[3]འགྲེལ་པ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་གསུངས་པ་རྫོགས་སོ། །པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤད་དངོས་གྲུབ་ཀྱི་སྙེ་མ་ལས[4]། རྒྱ་ཆེར་འགྲེལ་ལས་འདི་དང་ཅུང་ཟད་མི་འདྲ་བའི་ཡན་ལག་གི་ཉེས་པ་བརྒྱད་དང་བཅོ་ལྔ་དང་བདུན་བཤད་ལ། ཕྱི་མ་གཉིས་དམ་ཚིག་གི་ཆོ་ག་ཀུན་ལས་བཏུས་ལས་ཀྱང་འབྱུང་ནའང་ཕྱི་མ་དེར་བཅོ་ལྔ་པོ་དུས་འཁོར་ལས་གསུངས་པའི་རྩ་བའི་དམ་ཚིག་ཏུ་བཤད་སྣང་བས་དེ་དག་ལ་རྩ་བའི་དམ་ཚིག་གི་དོན་མེད་ཅིང༌། ཁུངས་ལ་ཡིད་བརྟན་མི་སྣང་བ་དང་། མཁས་པའི་གཞུང་གཞན་ལས་ཀྱང་མ་མཐོང་བས་འདིར་མ་བྲིས་སོ། །དེས་ན་དམ་ཚིག་གི་ཆོ་ག་ཀུན་ལས་བཏུས་ཀྱང་ཇོ་བོ་ཆེན་པོས་མཛད་པ་མིན་པར་གོ་འོ། །ཞེས་ཇོ་བོའི་གསུང་མིན་པར་གསུངས་སོ།།
ཡང་དེ་ཉིད་ལས[5]། དེས་ན་རྩ་ལྟུང་དུ་འགྲོ་བའི་ཚད་ནི་གཞན་ནས་བཟུང་བ་མི་སྣང་བས་ཇོ་བོས་མཛད་ཟེར་བའི་རྩ་ལྟུང་གི་འགྲེལ་པར། མིང་སོགས་བྲལ་བའི་ཆོས་ནི་འོད་གསལ་བ་དང་ཟུང་དུ་འཇུག་པའོ། །དེར་རྟོག་པ་ནི་དེ་གཉིས་ཀྱི་རང་བཞིན་དང་མི་མཐུན་པར་གཞན་དུ་རྟོག་པས་ཉིན་མཚན་འདས་པའོ། །ཞེས་གསུངས་པ་འདི་ཉིད་ལེགས་སམ་སྙམ་མོ། །ཞེས་དང་། ཡང་དེ་ཉིད་ལས[6]། ཇོ་བོས་མཛད་ཟེར་བའི་རྩ་ལྟུང་གི་འགྲེལ་པ་དང་ལཀྵྨིཀ་རས་བྱས་པའི་འགྲེལ་པར་སྡུད་ཚུལ་གཞན་ཡང་བཤད་དོ། །ཞེས་དང་། ཡང་དེ་ཉིད་ལས[7]། འདུས་པའི་རྒྱན་ལས[8]། སྡང་ལ་བྱམས་དང་དགའ་བྲལ་བས། །ཞེས་དེ་ལ་རྩ་ལྟུང་དུ་བཤད་ལ། ཇོ་བོས་མཛད་ཟེར་བའི་གཞུང་འདིའི་འགྲེལ་པར་ཡང་དེ་ལྟར་བྱུང་མོད་ཀྱང་དོན་ནི་སྔར་ལྟར་བྱའོ། །བདུད་རྩི་ཟླ་བ་དང་ལཀྵྨཱི་ཀ་རའི་འགྲེལ་པར་འདི་དང་རྩ་ཚིག་མི་མཐུན་པ་བྱུང་ཡང་དེ་དག་ནི་གཞུང་འདིའི་འགྲེལ་པ་མ་ཡིན་ནོ། །ཞེས་ཇོ་བོས་མཛད་པར་གྲགས་པ་ཞེས་བྱུང་ལ། ཡང་དེ་ཉིད་ལས[9]། འཇམ་དཔལ་གྲགས་པ་དང་རྟ་དབྱངས་དང་ཤཱནྟི་པ་དང་ཇོ་བོ་དང་སྙིང་པོ་ཞབས་ལ་ཁ་གཡར་བའི་འགྲེལ་པ་རྣམས་དང་ལཀྵྨཱི་ཀ་རའི་འགྲེལ་པ་ལས་ཀྱང་ལེགས་ཆ་འགའ་རེ་བླངས་ཤིང༌། གཞན་ཡང་སྔགས་ཀྱི་གཞུང་གཞན་རྣམས་ལས་ཀྱང་བསྡུས་ཏེ་རྩ་ལྟུང་བཅུ་བཞི་པའི་རྣམ་པར་བཤད་པ་བགྱིས་སོ། །ཞེས་ཇོ་བོ་སོགས་ཁ་གཡར་བའི་འགྲེལ་པ་ཡིན་པར་གསུངས་པས་དཔྱད་དགོས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༤༧ ལྡེབ་ ༡༩༢བ༦ ནས་ ༡༩༧བ༦ བར་ཡིག་ཕྲེང་ ༧༡ ཚེག་ཁྱིམ་ ༤༠༨༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼ཚི༽ ཚན་གྲངས་ ༡༤༥ ལྡེབ་ ༢༣༨བ༢ ནས་ ༢༤༥ན༡ བར་ཡིག་ཕྲེང་ ༡༠༤ ཚེག་ཁྱིམ་ ༥༠༡༧། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཚི༽ ཚན་གྲངས་ ༡༤༥ ལྡེབ་ ༢༠༤བ༦ ནས་ ༢༡༠བ༤ བར་ཡིག་ཕྲེང་ ༨༢ ཚེག་ཁྱིམ་ ༥༠༡༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཟི༽ ཚན་གྲངས་ ༡༤༧ ལྡེབ་ ༡༩༢བ༥ ནས་ ༡༩༧བ༦ བར་ཡིག་ཕྲེང་ ༧༢ ཚེག་ཁྱིམ་ ༤༠༨༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ ཤོག་གྲངས་ ༧༣༩ ནས་ ༧༥༣ བར་བཞུགས་པ་བཅས་སོ།།
༡༡༽ རྒྱུད་ ༼ཇུ༽ པ་ལ། རྒྱ་གར་སྐད་དུ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ནི་མཎྜ་ལ་བི་དྷིཿ བོད་སྐད་དུ། (དེའི་དཀྱིལ་ཆོག) ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་མར་མེ་མཛད་ཀྱིས་མཛད་པ། པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ། །མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས་དད་པའི་འཇུག་ངོགས་ལས[10]། རྒྱ་གར་གྱི་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། ཞེས་དང་། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[11]། རྒྱུད་འགྲེལ། ༼གུ༽ ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་དཀྱིལ་འཁོར་གྱི་ཆོ་ག །སློབ་དཔོན་ཇོ་བོ་རྗེས་མཛད། རྒྱ་གར་གྱི་པཎྜི་ཏ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར། ལྡེབ་གྲངས་ ༤༡༦ན། ༤༡༧བ། བར་བཞུགས་པར་གསལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༢༨ ལྡེབ་ ༣༠༨བ༡ ནས་ ༣༠༩བ༣ བར་ཡིག་ཕྲེང་ ༡༧ ཚིག་རྐང་ ༧-༡༡༧ ཚེག་ཁྱིམ་ ༦༥༠། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྒྱུད་འགྲེལ། པོད་རྟགས། ༼གུ༽ ཚན་གྲངས་ ༢༥ ལྡེབ་ ༣༣༩ན༧ ནས་ ༣༤༠བ༧ བར་ཡིག་ཕྲེང་ ༢༥ ཚིག་རྐང་ ༧-༡༡༧ ཚེག་ཁྱིམ་ ༦༦༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼གུ༽ ཚན་གྲངས་ ༢༥ ལྡེབ་ ༣༢༢བ༥ ནས་ ༣༢༤ན༦ བར་ཡིག་ཕྲེང་ ༢༣ ཚིག་རྐང་ ༧-༡༡༧ ཚེག་ཁྱིམ་ ༦༥༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་རྒྱུད། པོད་རྟགས། ༼ཇུ༽ ཚན་གྲངས་ ༢༨ ལྡེབ་ ༣༢༤བ༡ ནས་ ༣༢༥བ༦ བར་ཡིག་ཕྲེང་ ༢༠ ཚིག་རྐང་ ༧-༡༡༧ ཚེག་ཁྱིམ་ ༦༥༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཇུ༽ དེབ་ཨང་ ༣༤ ཤོག་གྲངས་ ༡༥༩༧ ནས་ ༡༦༠༠ བར་བཞུགས་པ་བཅས་སོ།།
༡༢༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཁྲོ་བོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ། སློབ་དཔོན་དཔལ་མར་མེ་མཛད་ཀྱིས་རྒྱུད་ལ་བརྟེན་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ པ། ཤོག་གྲངས་ ༧༡ ནས་ ༧༣ བར་བཞུགས་སོ།།
༡༣༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། (འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་) དཔའ་བོ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་བདུད་རྩིའི་བུམ་པའི་ཆོ་ག །དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༧༥ ནས་ ༧༦ བར་བཞུགས་སོ།།
༡༤༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། དཔལ་ཡབ་ཡུམ་གཉིས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་བདེ་སྦྱིན་དམ་པ་ཞེས་བྱ་བ། དཔལ་མར་མེ་མཛད་ཀྱིས་མཛད་པ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལོ། ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༧༧ ནས་ ༧༨ བར་བཞུགས་སོ།།
༡༥༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། སྒོ་མ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་རིན་པོ་ཆེ་དྲི་མ་མེད་པ་ཞེས་བྱ་བ། དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༨༢ ནས་ ༨༣ བར་བཞུགས་སོ།།
༡༦༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། རྒྱལ་པོ་བཞིའི་དཀྱིལ་འཁོར་དུ་དབང་བསྐུར་བ། དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༨༣ ནས་ ༨༥ བར་བཞུགས་སོ།།
༡༧༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཕྱོགས་སྐྱོང་བཅུའི་དཀྱིལ་འཁོར་དུ་དབང་བསྐུར་བ། དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༨༥ ནས་ ༨༩ བར་བཞུགས་སོ།།
༡༨༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། གཟའ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་ག་ཉི་མ་བཅུད་ལེན་ཞེས་བྱ་བ། དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༨༩ ནས་ ༩༢ བར་བཞུགས་སོ།།
༡༩༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཀླུ་ཆེན་པོ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་དུག་ལས་རྒྱལ་བ་ཞེས་བྱ་བ། སློབ་དཔོན་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༩༨ ནས་ ༡༠༠ བར་བཞུགས་སོ།།
༢༠༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། སྔ་མ་དང་ད་ལྟ་དང་ཕྱི་མའི་སྡིག་པ་མ་ལུས་པ་ལས་ཐར་པར་བྱེད་པ་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག །སློབ་དཔོན་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[12]། དུས་གསུམ་གྱི་སྡིག་པ་མ་ལུས་པ་ལས་ཐར་བར་བྱེད་པ་འཕགས་པ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག །སློབ་དཔོན་ཇོ་བོ་རྗེས་མཛད། ལྡེབ་གྲངས་ ༤༦བ། ༤༨ན། བར་བཞུགས་པར་གསལ་ཞིང་། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༡༠༠ ནས་ ༡༠༩ བར་བཞུགས་སོ།།
༢༡༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཤི་བའི་སེམས་ཅན་སྡིག་པ་ལས་ཐར་བར་བྱེད་པའི་རོ་སྲེག་པའི་ཆོ་ག་དུག་སྦྱོང་གསལ་བའི་མེ་ལོང་ཞེས་བྱ་བ། སློབ་དཔོན་ཆེན་པོ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༡༧༨ ནས་ ༡༨༡ བར་བཞུགས་སོ།།
༢༢༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། མཆོད་རྟེན་གདབ་པ་ཤི་བའི་སྡིག་པ་བྱང་བར་བྱེད་པ་རང་བྱུང་འཇིགས་བྲལ་ཞེས་བྱ་བ། དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༡༨༡ ནས་ ༡༨༢ བར་བཞུགས་སོ།།
༢༣༽ རྒྱུད་ ༼པུ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ཀླུའི་གདོན་ལས་ཐར་བར་བྱེད་པའི་ལས་ཀླུའི་སྲོག་མེ་དབལ་གྱི་འཁོར་ལོ་ཞེས་བྱ་བ། ཀླུའི་རྣམ་པར་འཇོམས་པའི་སྙིང་གཟེར་དུ་བཀོད་པ། སློབ་དཔོན་ཆེན་པོ་དཔལ་མར་མེ་མཛད་ཀྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། ཀ༽ བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼པུ༽ དེབ་ཨང་ ༣༨ ཤོག་གྲངས་ ༢༢༡ ནས་ ༢༢༤ བར་བཞུགས་པ་བཅས་སོ།། །། (གོང་གསལ་ཆོས་ཚན་ཨང་ ༡༢ པ་ནས་ ༢༣ བར་རྣམས་ནི། རྡོ་རྗེ་རྣམ་འཇོམས་ཀྱི་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་ནང་ཚན་ཡིན།)
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ༡༩༩༥ ལོ། ཤོག་གྲངས། ༧༥༣
[2] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟི༽ དེབ་ཨང་ ༢༧ པ། ༡༩༩༥ ལོ། ཤོག་གྲངས། ༧༥༢
[3] བསྟན་བཅོས་འདིའི་རྩ་བ་སློབ་དཔོན་རྒྱལ་བའི་ལྷས་མཛད་ཅིང་། རྒྱ་ཆེར་འགྲེལ་ཇོ་བོས་མཛད་པ་ཞིག་གོ།
[4] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཀ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༥༤
[5] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཀ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༢༦
[6] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཀ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༣༣
[7] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཀ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༢༤
[8] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཏི༽ དེབ་ ༢༠ པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་ ༩༧༨
[9] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཀ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༤༨
[10] ཨ་ཏི་ཤའི་རྣམ་པར་ཐར་པ་ཕྱོགས་བསྡུས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༡༤༤
[11] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༣༨
[12] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༢༨༧
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༦༩ ནས་ ༡༨༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།