བཞི་པ། མདོ་སྡེའི་སྐོར།
༥༽ མདོ་སྡེ་ ༼ངི༽ པ་ལ། རྒྱ་གར་སྐད་དུ། བུདྡྷ་ཨ་ནུ་སྨྲི་ཏི་ཊཱི་ཀཱ། བོད་སྐད་དུ། སངས་རྒྱས་རྗེས་སུ་དྲན་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་དཱ་ན་ཤཱི་ལ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༧ ལྡེབ་ ༥༥བ༣ ནས་ ༦༣བ༥ བར་ཡིག་ཕྲེང་ ༡༡༥ ཚེག་ཁྱིམ་ ༧༢༣༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དཀོན་མཆོག་རྗེས་དྲན། པོད་རྟགས། ༼ངི༽ ཚན་གྲངས་ ༧ ལྡེབ་ ༦༩ན༦ ནས་ ༧༩བ༨ བར་ཡིག་ཕྲེང་ ༡༧༡ ཚེག་ཁྱིམ་ ༧༢༤༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངི༽ ཚན་གྲངས་ ༧ ལྡེབ་ ༦༣ན༤ ནས་ ༧༢བ༡ བར་ཡིག་ཕྲེང་ ༡༤༤ ཚེག་ཁྱིམ་ ༧༢༤༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༧ ལྡེབ་ ༥༧བ༡ ནས་ ༦༦ན༣ བར་ཡིག་ཕྲེང་ ༡༢༢ ཚེག་ཁྱིམ་ ༧༢༣༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ངི༽ དེབ་ཨང་ ༦༥ ཤོག་གྲངས་ ༨༨༢ ནས་ ༩༠༢ བར་བཞུགས་པ་བཅས་སོ།།
༦༽ མདོ་སྡེ་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཨེ་ཀ་གཱ་ཐཱ་བྷཱ་ཥཾ། བོད་སྐད་དུ། ཚིགས་སུ་བཅད་པ་གཅིག་པའི་བཤད་པ། སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ། འོན་ཀྱང་གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[1]། ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༨ ལྡེབ་ ༦༣བ༥ ནས་ ༦༤བ༦ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༦༡༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དཀོན་མཆོག་རྗེས་དྲན། པོད་རྟགས། ༼ངི༽ ཚན་གྲངས་ ༨ ལྡེབ་ ༧༩བ༨ ནས་ ༨༡ན༧ བར་ཡིག་ཕྲེང་ ༢༤ ཚེག་ཁྱིམ་ ༦༢༩། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངི༽ ཚན་གྲངས་ ༨ ལྡེབ་ ༧༢བ༢ ནས་ ༧༣བ༥ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༦༣༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༨ ལྡེབ་ ༦༦ན༣ ནས་ ༦༧ན༤ བར་ཡིག་ཕྲེང་ ༡༦ ཚེག་ཁྱིམ་ ༦༣༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ངི༽ དེབ་ཨང་ ༦༥ ཤོག་གྲངས་ ༩༠༥ ནས་ ༩༠༨ བར་བཞུགས་པ་བཅས་སོ།།
༧༽ མདོ་སྡེ་ ༼ངི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[2]། ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བར་གསལ་ལོ། །གཞུང་ཚད་ཤླཽ་ཀ་སུམ་ཅུ་རྩ་གཅིག་གོ །རྒྱུད་ཀྱི་ཁོངས་སུ་བཞུགས་པའི་འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ་དང་འདི་གཉིས་དབུར་རྒྱ་གར་སྐད་ཡོད་མེད་དང་། བསྟན་འགྱུར་གྱི་སྡེ་ཚན་རྒྱུད་དང་མདོ་སྡེ། དེ་མིན་ཤད་རྒྱག་ཚུལ་ཅུང་ཟད་མི་མཐུན་པ་ཙམ་ལས་དེ་མིན་གཞུང་དངོས་གཅིག་ཏུ་འདུག་ནའང་། བསྟན་འགྱུར་པར་མ་ཁག་ཏུ་སོ་སོར་བཀོད་པ་ལྟར་འདིར་ཡང་དེ་བཞིན་དུ་བཀོད་ཡོད་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༩ ལྡེབ་ ༦༤བ༦ ནས་ ༦༦ན༢ བར་ཡིག་ཕྲེང་ ༡༧ ཚེག་ཁྱིམ་ ༡༠༢༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དཀོན་མཆོག་རྗེས་དྲན། པོད་རྟགས། ༼ངི༽ ཚན་གྲངས་ ༩ ལྡེབ་ ༨༡ན༨ ནས་ ༨༣ན༢ བར་ཡིག་ཕྲེང་ ༢༧ ཚེག་ཁྱིམ་ ༡༠༣༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངི༽ ཚན་གྲངས་ ༩ ལྡེབ་ ༧༣བ༥ ནས་ ༧༥ན༣ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༡༠༢༦། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༩ ལྡེབ་ ༦༧ན༤ ནས་ ༦༨བ༡ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༡༠༢༦། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ངི༽ དེབ་ཨང་ ༦༥ པ། ཤོག་གྲངས་ ༩༠༩ ནས་ ༩༡༢ བར་བཞུགས་པ་བཅས་སོ།།
༨༽ མདོ་སྡེ་ ༼ངི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པ། རྣམས་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མ་འཁོད་ཀྱང་། འོན་ཀྱང་གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[3]། ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བར་གསལ་ལོ། །གཞུང་ཚད་ཤླཽ་ཀ་ཉི་ཤུ་རྩ་བཞིའོ། །ཆོས་ཚན་འདི་ཉིད་ཏུན་ཧོང་ཡིག་རྙིང་དུ་བཞུགས་པས་ཏུན་ཧོང་ཡིག་རྙིང་[4]ཏུའང་། འཕགས་པ་ཆོས་བཞི་པའི་རྣམ་པར་བཤད་པའ། སློབས་དཔོན་དབྱིག་གཉེན་ཀྱིས་མཛད་པ་རྫོགས་སྷོ། །[5]ཞེས་པ་ལས་འགྱུར་བྱང་མི་གསལ་བ་གཅིག་མཚུངས་ལགས་སོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༡༠ ལྡེབ་ ༦༦ན༢ ནས་ ༦༦བ༧ བར་ཡིག་ཕྲེང་ ༡༣ ཚེག་ཁྱིམ་ ༧༩༩། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དཀོན་མཆོག་རྗེས་དྲན། པོད་རྟགས། ༼ངི༽ ཚན་གྲངས་ ༡༠ ལྡེབ་ ༨༣ན༢ ནས་ ༨༤ན༥ བར་ཡིག་ཕྲེང་ ༢༠ ཚེག་ཁྱིམ་ ༨༡༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངི༽ ཚན་གྲངས་ ༡༠ ལྡེབ་ ༧༥ན༣ ནས་ ༧༦ན༣ བར་ཡིག་ཕྲེང་ ༡༥ ཚེག་ཁྱིམ་ ༧༩༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༡༠ ལྡེབ་ ༦༨བ༡ ནས་ ༦༩ན༧ བར་ཡིག་ཕྲེང་ ༡༤ ཚེག་ཁྱིམ་ ༧༩༩། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ངི༽ དེབ་ཨང་ ༦༥ ཤོག་གྲངས་ ༩༡༤ ནས་ ༩༡༦ བར་བཞུགས་པ་བཅས་སོ།།
༩༽ མདོ་སྡེ་ ༼ངི༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། ག་ཡ་མགོའི་རིའི་རྣམ་པར་བཤད་པ། གཞུང་དངོས་ཀྱི་མཚན་བྱང་ལས[6]། འཕགས་པ་ག་ཡ་མགོའི་རི་ཞེས་བྱ་བའི་མདོའི་རྣམ་པར་བཤད་པ། ཞེས་དང་། སྡེ་བསྟན་དཀར་ཆག་ལས[7]། ག་ཡ་གོ་རིའི་མདོའི་རྣམ་པར་བཤད་པ་ཞེས་བྱུང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །གཞུང་ཚད་ཤླཽ་ཀ་བརྒྱ་སུམ་ཅུའོ། །གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[8]། དབྱིག་གཉེན་གྱིས་མཛད་པའི་ག་ཡ་མགོ་རིའི་ཊཱིཀ་བམ་ཟུང་བོ་དྷི་རུ་ཙིའི་འགྱུར། ཞེས་གསུངས་པ་ལྟར་རྒྱ་འགྱུར་ཡང་བཞུགས་ཡོད་འདུག་གོ །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་ཀྱང་། རྒྱའི་སྐད་དུ། (文殊師利菩薩問菩提經論 T26, No1531) བསྒྱུར་ནས་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༡༢ ལྡེབ་ ༧༡བ༤ ནས་ ༧༦ན༧ བར་ཡིག་ཕྲེང་ ༦༧ ཚེག་ཁྱིམ་ ༤༠༥༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་དཀོན་མཆོག་རྗེས་དྲན། པོད་རྟགས། ༼ངི༽ ཚན་གྲངས་ ༡༢ ལྡེབ་ ༩༠ན༥ ནས་ ༩༨ན༦ བར་ཡིག་ཕྲེང་ ༩༩ ཚེག་ཁྱིམ་ ༤༠༦༡། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངི༽ ཚན་གྲངས་ ༡༢ ལྡེབ་ ༨༡བ༢ ནས་ ༨༦བ༦ བར་ཡིག་ཕྲེང་ ༧༥ ཚེག་ཁྱིམ་ ༤༠༦༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༡༢ ལྡེབ་ ༧༤ན༣ ནས་ ༧༩ན༣ བར་ཡིག་ཕྲེང་ ༧༡ ཚེག་ཁྱིམ་ ༤༠༥༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ངི༽ དེབ་ཨང་ ༦༥ ཤོག་གྲངས་ ༩༣༢ ནས་ ༩༤༥ བར་བཞུགས་པ་བཅས་སོ།།
༡༠༽ མདོ་སྡེ་ ༼ངི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ད་ཤ་བྷཱུ་མི་བྱཱ་ཁྱཱ་ན། བོད་སྐད་དུ། འཕགས་པ་ (མདོ་སྡེ་) ས་བཅུ་པའི་རྣམ་པར་བཤད་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། གཞུང་དངོས་ཀྱི་མཇུག་མཐར་མཛད་བྱང་མི་སྣང་། རྒྱ་གར་གྱི་མཁན་པོ་མཉྫུ་ཤྲཱི་གརྦྷ་དང༌། པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་དང་། བནྡེ་དཔལ་བརྩེགས་ཀྱིས་བསྒྱུར་ཏེ་ཞུས་ནས་གཏན་ལ་ཕབ་པའོ། །བུ་སྟོན་ (1290-1364) ཆོས་འབྱུང་ལས[9]། གཞུང་ཚད་བམ་པོ་བཅུ་བཞི་དང་། ཤླཽ་ཀ་དྲུག་ཅུ། ཞེས་བྱུང་ལ། གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག་ལས[10]། མདོ། ༼ཇི༽ མདོ་སྡེ་ས་བཅུ་པའི་འགྲེལ་བཤད། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་བཤད། རྒྱ་གར་གྱི་སློབ་དཔོན་ཉི་མ་གྲུབ་ཀྱིས་མཛད། རྒྱ་གར་གྱི་པཎྜི་ཏ་པྲ་ཛྙཱ་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར། ལྡེབ་གྲངས་ ༡ན། ༡༧༡ན། བར་བཞུགས་པར་གསལ་བས། གོང་དུ་ས་བཅུ་པའི་རྣམ་པར་བཤད་པ་དང་འདི་གཉིས་བསྒྱུར་བྱེད་ལོ་ཙཱ་བ་མི་འདྲ་བས་ཆོས་ཚན་གཅིག་དང་ཐ་དད་གང་ཡིན་ཞིབ་ཏུ་དཔྱད་དགོས་པར་སྣང་ལ། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[11]། དབྱིག་གཉེན་གྱིས་མཛད་པའི་ས་བཅུ་པའི་འགྲེལ་པ་བོ་དྷི་རུ་ཙིའི་འགྱུར། ཞེས་གསལ་བ་ལྟར་གསུང་འདི་རྒྱའི་སྐད་དུ། (十地經論 T26, N01522) བསྒྱུར་ནས་བཞུགས་ཀྱང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༡༤ ས་ ༡༠ བམ་པོ། ༡༡ ལྡེབ་ ༡༠༣བ༡ ནས་ ༢༦༦ན༧ བར་ཡིག་ཕྲེང་ ༢༢༨༢ ཚེག་ཁྱིམ་ ༡༣༥༠༣༢། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༡༤ ས་ ༡༠ བམ་པོ། ༡༡ ལྡེབ་ ༡༠༣བ༣ ནས་ ༣༩༥ན༤ བར་ཡིག་ཕྲེང་ ༤༢༣༤ ཚེག་ཁྱིམ་ ༡༣༥༠༡༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ངི༽ ཚན་གྲངས་ ༡༤ ས་ ༡༠ བམ་པོ། ༡༡ ལྡེབ་ ༡༡༨ན༣ ནས་ ༣༢༤ན༦ བར་ཡིག་ཕྲེང་ ༢༨༨༩ ཚེག་ཁྱིམ་ ༡༣༥༦༩༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ངི༽ ཚན་གྲངས་ ༡༤ ས་ ༡༠ བམ་པོ་ ༡༡ ལྡེབ་ ༡༠༦བ༡ ནས་ ༢༧༡ན༧ བར་ཡིག་ཕྲེང་ ༢༣༡༠ ཚེག་ཁྱིམ་ ༡༣༤༢༡༠། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ངི༽ དེབ་ཨང་ ༦༥ ཤོག་གྲངས་ ༡༠༢༠ ནས་ ༡༤༣༠ བར་བཞུགས་པ་བཅས་སོ།།
༡༡༽ མདོ་སྡེ་ ༼ཅི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་ཨཀྵ་ཡ་མ་ཏི་ནི་རྡེ་ཤ་ཊཱི་ཀཱ། བོད་སྐད་དུ། འཕགས་པ་བློ་གྲོས་མི་ཟད་པས་བསྟན་པ་རྒྱ་ཆེར་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བཞུགས་སོ། །གཞུང་དངོས་ཀྱི་མཇུག་ཏུ་མཛད་བྱང་དང་། འགྱུར་བྱང་གང་ཡང་མི་གསལ། གཞུང་ཚད་བམ་པོ་ཉི་ཤུའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཅི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༦༩ན༧ བར་ཡིག་ཕྲེང་ ༣༧༤༨ ཚེག་ཁྱིམ་ ༢༢༦༦༣༦། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས། ༼ཅི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༤༣ན༧ བར་ཡིག་ཕྲེང་ ༥༤༥༨ ཚེག་ཁྱིམ་ ༢༢༦༣༢༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཅི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༣༠༩ན༥ བར་ཡིག་ཕྲེང་ ༤༢༩༨ ཚེག་ཁྱིམ་ ༢༢༦༢༩༩། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཅི༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༢༦༩ན༧ བར་ཡིག་ཕྲེང་ ༣༧༥༥ ཚེག་ཁྱིམ་ ༢༢༦༦༢༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཅི༽ དེབ་ཨང་ ༦༦ ཤོག་གྲངས་ ༣ ནས་ ༦༦༠ བར་བཞུགས་པ་བཅས་སོ།།
༡༢༽ མདོ་སྡེ་ ༼ཆི༽ པ་ལ། རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མུཏྤཱ་ད་སྱ་ཨཱ་དི་བི་བྷངྒ་ཡོ་ནི་རྡེ་ཤ །བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོའི་རྣམ་པར་དབྱེ་བ་བཤད་པ། བམ་པོ་བཞི་པ། སློབ་དཔོན་བ་སུ་བནྡྷུས་མཛད་པ། ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷཱ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ནམ་མཁས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །བུ་སྟོན་ (1290-1364) ཆོས་འབྱུང་ལས[12]། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་། རྣམ་པར་འབྱེད་པའི་མདོའི་འགྲེལ་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་བམ་པོ་བཞི། ཞེས་དང་། ཡང་དེ་ཉིད་ལས[13]། རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་དང་རྣམ་པར་འབྱེད་པ་བསྟན་པ་ཤླཽ་ཀ་སུམ་ཅུ་པ་ནམ་མཁའི་འགྱུར། འདི་ཐེག་པ་ཆུང་ངུར་གྲགས་ཀྱང་དབྱིག་གཉེན་གྱི་འགྲེལ་པ་རྣམ་ཤེས་ཚོགས་བརྒྱད་དང་། རིག་བྱེད་མ་ཡིན་པ་གཟུགས་མིན་པ་ལ་སོགས་པ་བསྟན་པའི་ཕྱིར་ཐེག་པ་ཐུན་མོང་དུ་འཐད་དོ། །ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
རབ་གླིང་བློ་བཟང་རྡོ་རྗེ་ལགས་ནས་བྲིས་པའི་ལེགས་སྦྱར་དང་པཱ་ལི་[14]སོགས་ནས་བོད་འགྱུར་ཇི་བྱུང་སྐོར་མདོ་ཙམ་གླེང་བ་ལས[15]། ལི་ཡུལ་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་བཀའ་བསྟན་སྐོར་བསྟན་བཅོས་ལ་སློབ་དཔོན་དབྱིག་གཉེན་གྱི་རྟེན་འབྲེལ་མདོ་འགྲེལ་དང་། ལངྐར་གཤེགས་པའི་ཊཱིཀཱ་བཅས་ཡིན་པར་གསལ་བ་ལྟར་ན། རྟེན་འབྲེལ་མདོ་འགྲེལ་ལི་ཡུལ་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བའི་གཞུང་ཡིན་སྟབས། ཐོག་མར་ལི་ཡུལ་གྱི་སྐད་དུ་ཞེས་ཡོད་དགོས་ཀྱང་དེ་ལྟར་མེད་པར་རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མུཏྤཱ་ད་སྱ་ཨཱ་དི་བི་བྷངྒ་ཡོ་ནི་རྡེ་ཤ །ཞེས་གསལ་ཡོད། འོན་ཀྱང་བསྒྱུར་བྱེད་ལོ་པཎ་གྱི་ཁྲོད་དུ་ལིའི་མཁན་པོ་སུ་རེནྡྲ་ཀ་ར་པྲ་བྷཱའི་མཚན་གསལ་བ་ལྟར་ན་ལི་ཡུལ་གྱི་སྐད་ནས་བོད་གངས་ཅན་གྱི་སྐད་དུ་བསྒྱུར་བ་ཞིག་དང་། གསུང་འདི་ཉིད་པཎ་གྲུབ་བཅུ་བདུན་གྱི་ལེགས་བཤད་གསུང་རྩོམ་ལི་ཡུལ་གྱི་སྐད་ནས་བོད་སྐད་དུ་བསྒྱུར་བ་གཅིག་པུ་དེ་ཡང་ཡིན་འདུག་གོ །འདི་ཡང་འབྲེལ་ནས་ལི་ཡུལ་ངོས་འཛིན་དང་། ལི་ཡུལ་གྱི་ལོ་པཎ་ཇི་ཙམ་བྱོན་པ། དེ་དག་གིས་བསྒྱུར་བའི་བཀའ་བསྟན་ཇི་ཡོད་སོགས་ཀྱི་དཔྱད་པ་རྒྱས་པ་ཟུར་དུ་བྱས་པ་ཡོད་པ་དེར་གཟིགས་པར་འཚལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཅི༽ ཚན་གྲངས་ ༡ བམ་པོ་ ༤ ལྡེབ་ ༡ན༡ ནས་ ༦༡ན༧ བར་ཡིག་ཕྲེང་ ༨༣༦ ཚེག་ཁྱིམ་ ༢༧༧༣༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་རྟེན་འབྲེལ་དབྱེ། པོད་རྟགས། ༼ཆི༽ ཚན་གྲངས་ ༡ བམ་པོ་ ༤ ལྡེབ་ ༡ན༡ ནས་ ༧༡ན༨ བར་ཡིག་ཕྲེང་ ༡༡༠༧ ཚེག་ཁྱིམ་ ༢༧༧༥༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཆི༽ ཚན་གྲངས་ ༡ བམ་པོ་ ༤ ལྡེབ་ ༡ན༡ ནས་ ༦༩བ༣ བར་ཡིག་ཕྲེང་ ༩༤༣ ཚེག་ཁྱིམ་ ༢༧༧༥༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཆི༽ ཚན་གྲངས་ ༡ བམ་པོ་ ༤ ལྡེབ་ ༡ན༡ ནས་ ༦༤ན༡ བར་ཡིག་ཕྲེང་ ༨༧༢ ཚེག་ཁྱིམ་ ༢༧༧༣༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཆི༽ དེབ་ཨང་ ༦༦ ཤོག་གྲངས་ ༧༡༧ ནས་ ༨༦༧ བར་བཞུགས་པ་བཅས་སོ།།
༡༣༽ མདོ་སྡེ་ ༼ཉི༽ པ་ལ། རྒྱ་གར་སྐད་དུ། ཨཱརྱ་བྷ་དྲ་ཙཱརྱ་པྲ་ཎི་དྷ་ད་ཊཱི་ཀཱ། བོད་སྐད་དུ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་འགྲེལ་པ། སློབ་དཔོན་དབྱིག་གཉེན་གྱིས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཨཱ་ཙཱརྱ་ཨཱནནྡ་དང༌། ལོ་ཙཱ་བ་དགེ་སློང་བྷ་དྲ་པཱ་ལས་བསྒྱུར་བའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཉི༽ ཚན་གྲངས་ ༦ ལྡེབ་ ༢༥༢བ༥ ནས་ ༢༦༩ན༧ བར་ཡིག་ཕྲེང་ ༢༣༤ ཚེག་ཁྱིམ་ ༡༤༦༠༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཏིང་འཛིན་རྒྱལ། པོད་རྟགས། ༼ཉི༽ ཚན་གྲངས་ ༦ ལྡེབ་ ༢༨༨ན༣ ནས་ ༣༠༨ན༨ བར་ཡིག་ཕྲེང་ ༣༢༦ ཚེག་ཁྱིམ་ ༡༤༥༥༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཉི༽ ཚན་གྲངས་ ༦ ལྡེབ་ ༢༩༠ན༡ ནས་ ༣༡༢ན༤ བར་ཡིག་ཕྲེང་ ༣༡༢ ཚེག་ཁྱིམ་ ༡༤༥༥༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼ཉི༽ ཚན་གྲངས་ ༦ ལྡེབ་ ༢༥༦བ༡ ནས་ ༢༧༤ན༧ བར་ཡིག་ཕྲེང་ ༢༥༢ ཚེག་ཁྱིམ་ ༡༤༦༠༤། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཉི༽ དེབ་ཨང་ ༦༧ ཤོག་གྲངས་ ༡༤༣༦ ནས་ ༡༤༨༡ བར་བཞུགས་པ་བཅས་སོ།།
༡༤༽ མདོ་སྡེ་ ༼དི༽ པ་ལ། རྒྱའི་སྐད་མི་གསལ། བོད་སྐད་དུ། དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ། (དམ་པའི་ཆོས་པུཎྜ་རཱི་ཀའི་འགྲེལ་པ་རྒྱ་ལས་བསྒྱུར་བ།) ཡུལ་སིངྒ་ལའི་[16]སློབ་དཔོན་སའི་རྩ་ལག་གིས་བྱས་པ་རྫོགས་སོ། །ཞེས་པ་ལས། འགྱུར་བྱང་མི་གསལ། གཞུང་ཚད་ལ་བུ་སྟོན་ (1290-1364) ཆོས་འབྱུང་ལས[17]། དམ་པའི་ཆོས་པདྨ་དཀར་པོའི་འགྲེལ་པ། སིངྒ་གླིང་གི་སློབ་དཔོན་སའི་རྩ་ལག་གིས་མཛད་པ་རྒྱ་ལས་བསྒྱུར་བ་བམ་པོ་ཉི་ཤུ་ཞེས་བྱུང་ལ། དཀར་ཆག་འཕང་ཐང་མ་ལས[18]། འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་བཤད་པ། སློབ་དཔོན་བ་སུ་བན་དྷུས་མཛད་པ། བམ་པོ་ཞེས་གསལ། གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས[19]། དབྱིག་གཉེན་གྱིས་མཛད་པའི་དམ་ཆོས་པད་དཀར་གྱི་འགྲེལ་པ་རཏྣ་མ་ཏིའི་འགྱུར། ཞེས་བྱུང་ངོ་། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼དི༽ ཚན་གྲངས་ ༢ ལེའུ་ ༡༡ ལྡེབ་ ༡༧༥བ༡ ནས་ ༣༠༢ན༧ བར་ཡིག་ཕྲེང་ ༡༧༧༩ ཚེག་ཁྱིམ་ ༡༠༦༨༡༤། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས། ༼དི༽ ཚན་གྲངས་ ༢ ལེའུ་ ༡༡ ལྡེབ་ ༡༩༨ན༥ ནས་ ༣༤༧ན༨ བར་ཡིག་ཕྲེང་ ༢༣༨༨ ཚེག་ཁྱིམ་ ༡༠༦༧༤༥། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼དི༽ ཚན་གྲངས་ ༢ ལེའུ་ ༡༡ ལྡེབ་ ༡༨༨ན༢ ནས་ ༣༢༨ན༤ བར་ཡིག་ཕྲེང་ ༡༩༧༧ ཚེག་ཁྱིམ་ ༡༠༦༧༥༢། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་མདོ་སྡེ། པོད་རྟགས། ༼དི༽ ཚན་གྲངས་ ༢ ལེའུ་ ༡༡ ལྡེབ་ ༡༨༠ན༧ ནས་ ༣༡༤ན༧ བར་ཡིག་ཕྲེང་ ༡༨༧༧ ཚེག་ཁྱིམ་ ༡༠༦༨༠༧། ཅ༽ བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼དི༽ དེབ་ཨང་ ༦༩ པའི་ཤོག། ༤༧༦ ནས་ ༧༩༥ བར་བཞུགས་པ་བཅས་སོ།། །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༦༢
[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༦༢
[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༦༢
[4] དབྱིན་ཇིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཉར་བའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས། དེབ་བཞི་པ། ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༦༩
[5] ཡིག་རྙིང་འདིའི་གི་གུ་རྣམས་ཕྱིར་ལོག་ཅན་ཡིན་ནའང་འདིར་མི་ཡོང་བས་ནམ་རྒྱུན་བཅོས་པའོ།།
[6] བསྟན་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ངི༽ དེབ་ཨང་ ༦༥ པ། ༢༠༠༨ ལོ། ཤོག་གྲངས་ ༩༣༢
[7] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་པར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༤༨
[8] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༣༩
[9] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༥
[10] གསེར་བྲིས་བསྟན་འགྱུར་གྱི་དཀར་ཆག །མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༥༡༧
[11] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༣༩
[12] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༦
[13] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༢༣
[14] པཱ་ལིའི་སྐད་དེ་ནི་ངོ་བོ་ལེགས་སྦྱར་རང་ལ་སྒྲ་འཇམ་དུ་སོང་བའི་རྒྱུ་མཚན་གྱིས་ར་སྒྲ་ཕལ་ཆེར་ཉམས་པ་དང་། ཀྵ་ཡིག་ལ་སོགས་པའི་བརྗོད་དཀའ་བ་དག་ཁ་ཡིག་ཏུ་བཀླགས་པ་སོགས་ཡིན། ཞེས་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། དེབ་གཉིས་པ། ༡༩༩༤ ལོ། ཤོག་གྲངས་ ༣༤ པར་གསལ།
[15] གཏམ་ཚོགས། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༠༢
[16] ཡོངས་གྲགས་སློབ་དཔོན་དབྱིག་གཉེན་དེང་གི་པ་ཀི་སི་ཐན་གྱི་པེ་ཤ་ཝར་དུ་འཁྲུངས་པ་ལས་སིངྒ་ལ་སྟེ་དེང་གི་ཤྲཱི་ལངྒར་འཁྲུངས་པ་ཞིག་མིན་པས་དཔྱད་དགོས་པར་སྣང་ངོ་།།
[17] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༧
[18] དཀར་ཆག་འཕང་ཐང་མ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༥༢
[19] རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༣༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༣ ནས་ ༢༧༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།