ཇ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ རྨ་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད།

ཇ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།

༡༽ རྨ་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད།

 

ལོ་ཙཱ་བ་རྨ་དགེ་སློང་ཤཱཀྱ་འོད་མཆོག་ནི། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་ལོ་ཙཱ་བ་སྙན་གྲགས་ཅན་ཞིག་ཡིན། སྒྱུར་རྩོམ་ནི། བཀའ་འགྱུར་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་གྱི་རྒྱུད་ལེའུ་ལྔ་པ། བསྟན་འགྱུར་ལས། དེ་ཁོ་ན་ཉིད་ལ་བསྟོད་པ་དང་། གསང་བའི་དབང་གི་རབ་ཏུ་བྱེད་པ། དབང་ཆེན་པོའི་རིམ་པ་གསུམ་པ།

དགྱེས་པ་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། ཐེག་པ་ཆེན་པོ་ཉི་ཤུ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། རྣམ་པ་མེད་པའི་ཚིག་ལེའུར་བྱས་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྒོམ་པའི་རིམ་པ། ལྷག་པར་སློབ་དཔོན་ཐོགས་མེད་ཀྱིས་མཛད་པའི་སངས་རྒྱས་རྗེས་སུ་དྲན་པའི་འགྲེལ་པ་དང་། ཆོས་རྗེས་སུ་དྲན་པའི་འགྲེལ་པ། དགེ་འདུན་རྗེས་སུ་དྲན་པའི་བཤད་པ་གསུམ་དགེ་སློང་ཤཱཀྱ་འོད་ཀྱིས་སྒྲ་སྒྱུར་མཛད་པ་སོགས་ཆོས་ཚན་ཉི་ཤུ་ལྷག་ཙམ་བཞུགས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༧ ནས་ ༢༤༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *