ག༽ མཛད་བྱང་དུ་གསལ་བའི་མཚན་གྱི་སྐོར།

ག༽ མཛད་བྱང་དུ་གསལ་བའི་མཚན་གྱི་སྐོར།

སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་གཞུང་ལུགས་རྣམས་ཀྱི་མཛད་བྱང་ལྟར་ན། མཛད་པ་པོའི་མཚན་ལ་ཐོགས་མེད་ཅེས་འཁོད་པའི་ཆོས་ཚན་གྲངས་ ༡༣ ཡོད་པ་ལས། དེ་དག་གི་མཚན་ཟུར་དུ་སློབ་དཔོན་ཞེས་གསལ་བ་ ༡༢ དང་། དེའི་ནང་ནས་ཆེན་པོའི་ཁྱད་ཆོས་གསལ་བ་ ༡ འཕགས་པ་ཞེས་གསལ་བ་ ༢ སློབ་དཔོན་འཕགས་པ་ཐོགས་མེད་ཅེས་གཉིས་ཀ་མཉམ་དུ་གསལ་བ་ ༣

གཞན་ཡང་མཚན་གྱི་རྣམ་གྲངས་རྣལ་འབྱོར་པ་མིག་གི་སྙིང་པོ་སློབ་དཔོན་འཕགས་པ་ཐོགས་མེད་ཅེས་གསལ་བ་ ༡ བཅས་མཆིས་ཤིང་། ཆོས་ཚན་གཅིག་གླེགས་བམ་སྟོད་སྨད་གཉིས་སུ་བཞུགས་པ་འགའ་ཞིག་ཡོད་པ་རྣམས་ལ་སྨད་ཆ་ལས་སྟོད་ཆར་མཛད་པ་པོའི་མཚན་མ་བཀོད་པ་སོགས་ཀྱིས་དཀར་ཆག་དངོས་གཞིའི་ཆོས་ཚན་ ༡༠ ནས་ ༡༦ བར་མཛད་པ་པོའི་མཚན་མི་གསལ་ལོ།། །།

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༣༧ ནས་ ༢༣༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *