རྒྱལ་སྲས་ཞི་བ་ལྷའི་གསུང་གི་དཀར་ཆག བཞི་པ། སྣ་ཚོགས་སྐོར།

བཞི་པ། སྣ་ཚོགས་སྐོར།

 

༡༢༽ སྡེ་བསྟན་བཟོ་རིག་དང་བཅས་པའི་སྣ་ཚོགས་ ༼ངོ༽ པ་ལ། ཆོས་ཚན་ཨང་ ༡༢ པ། དཔལ་ལྡན་ཞི་བ་ ༼མ་བྱུང༌།༽ ལྷས་མཛད་པའི་མོ་རྩིས། པཎྜི་ཏ་གོ་མ་ཤྲཱི་དང༌། བུདྡྷ་ཤྲཱི་ཛྙཱ་ན་དང༌། ལོ་ཙཱ་བ་ཉི་མ་རྒྱལ་མཚན་གྱི་འགྱུར། བུ་སྟོན་ཪིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་རྒྱལ་བའི་དགོངས་འགྲེལ་བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག་ལས[1]། ཞི་བ་ལྷའི་རྩིས་ཉི་མ་རྒྱལ་མཚན་གྱི་འགྱུར།

ཞེས་གསལ་བ་ལྟར། གཞུང་དངོས་གཞི་སྡེ་དགེ་བསྟན་འགྱུར་དཀར་ཆག་ནང་མ་བྱུང་ཞེས་གསལ་བ་ལྟར་ཆོས་ཚན་འདི་ཉིད་སྡེ་བསྟན་དང་། ཅོ་ནེ་བསྟན་འགྱུར་གཉིས་སུ་མ་འཁོད་ཀྱང་། པེ་ཅིན་དང་སྣར་ཐང་གཉིས་སུ་བཞུགས་པ་ནི། རྒྱ་གར་སྐད་དུ། ཀེ་པ་ལི། བོད་སྐད་དུ། མོ་རྩིས་འཇམ་པའི་དབྱངས་ཞེས་བྱ་བ། མཇུག་བྱང་ལས[2]། དཔལ་ལྡན་ཞི་བ་ལྷས་གསུངས་པའི་མོ་རྫོགས་སོ། །རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ། གོ་ཏ་མ་ཤྲི་དང་། བལ་པོའི་པཎྜི་ཏ་རཱ་མ་དང་། བལ་པོ་རྫོང་གི་རྒྱལ་པོ་བླ་མ་པཎྜི་ཏ་བུདྷ། ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་མཉན་ནས་མང་དུ་ཐོས་པའི་ལོ་ཙཱ་བ་གནས་བརྟན་དཔལ་ཉི་མ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།

ཀ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་བྱེ་བྲག་རྟོགས། པོད་རྟགས། ༼གོ༽ ཚན་གྲངས་ ༡༣ ལྡེབ་ ༩༨ན༡ ནས་ ༡༠༣བ༧ བར་ཡིག་ཕྲེང་ ༩༥ ཚེག་ཁྱིམ་ ༤༥༡༠། ཁ༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼གོ༽ ཚན་གྲངས་ ༡༣ ལྡེབ་ ༡༡༦ན༡ ནས་ ༡༢༢ན༥ བར་ཡིག་ཕྲེང་ ༨༩ ཚེག་ཁྱིམ་ ༤༥༦༨། ག༽ བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་། ༡༡༤ ཤོག་གྲངས་ ༡༢༤༤ ནས་ ༡༢༥༧ བར་བཞུགས་ཤིང་། སྡེ་དགེ་དང་ཅོ་ནེ་གཉིས་སུ་མི་གསལ་ཡང་། པེ་ཅིན་དང་སྣར་ཐང་གཉིས་སུ་བཞུགས་པ་ལས་ཞལ་གསབ་ཞུས་ཤིང་། འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

༡༣༽ སྣ་ཚོགས་ ༼ཉོ༽ པ་ལ། བསྔོ་བ་དང༌། སྨོན་ལམ་དང༌། བཀྲ་ཤིས་ཀྱི་སྐོར་ལ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྨོན་ལམ་བཞུགས། སློབ་དཔོན་ཆེན་པོ་ཞི་བ་ལྷས་མཛད་པ། འདིར་རྒྱ་གར་སྐད་དང་། འགྱུར་བྱང་བཅས་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[3]། ལོ་ཆེན་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་སྒྲ་སྒྱུར་མཛད་པར་གསལ། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༠ ལྡེབ་ ༣༡༢ན༥ ནས་ ༣༡༥ན༥ བར་ཡིག་ཕྲེང་ ༤༤ ཚིག་རྐང་ ༧-༢༢༥། ༩-༡༢། ༡༡-༡༢། ༡༥-༨། ༡༧-༤། ཚེག་ཁྱིམ་ ༢༠༠༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་སྒྲ་སྐོར། པོད་རྟགས། ༼མོ༽ ཚན་གྲངས་ ༡༥ ལྡེབ་ ༣༠༠ན༨ ནས་ ༣༠༥ན༥ བར་ཡིག་ཕྲེང་ ༥༤ ཚིག་རྐང་ ༧-༢༢༥། ༩-༡༢། ༡༡-༡༢། ༡༥-༨། ༡༧-༤། ཚེག་ཁྱིམ་ ༢༠༠༤། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་སྒྲ། པོད་རྟགས། ༼མོ༽ ཚན་གྲངས་ ༡༦ ལྡེབ་ ༢༩༣བ༧ ནས་ ༢༩༧ན༡ བར་ཡིག་ཕྲེང་ ༤༤ ཚིག་རྐང་ ༧-༢༢༥། ༩-༡༢། ༡༡-༡༢། ༡༥-༨། ༡༧-༤། ཚེག་ཁྱིམ་ ༢༠༠༤། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་སྣ་ཚོགས། པོད་རྟགས། ༼ཉོ༽ ཚན་གྲངས་ ༡༠ ལྡེབ་ ༣༡༦བ༥ ནས་ ༣༡༨ན༧ བར་ཡིག་ཕྲེང་ ༤༥ ཚིག་རྐང་ ༧-༢༢༥། ༩-༡༢། ༡༡-༡༢། ༡༥-༨། ༡༧-༤། ཚེག་ཁྱིམ་ ༢༠༠༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ལ༽ དེབ་ཨང་ ༡༡༦ པའི་ཤོག་གྲངས་ ༡༦༦༡ ནས་ ༡༦༦༨ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བསྟན་འགྱུར་རིན་པོ་ཆེའི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༥༢༦

[2] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ ༡༡༤ པ། ༡༩༩༤ ལོ། ཤོག་གྲངས་ ༡༢༥༧

[3] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༣༣༥

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༥ ནས་ ༧༧ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *