ཆ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད། ༡༽ ལོ་ཙཱ་བ་དབས་མཉྫུ་ཤྲཱི།

ཆ༽ སྒྱུར་བྱེད་ལོ་ཙཱ་བའི་རྣམ་ཐར་ངོ་སྤྲོད།

༡༽ ལོ་ཙཱ་བ་དབས་མཉྫུ་ཤྲཱི།

 

ལོ་ཙཱ་བ་དབའས་མཉྫུ་ཤྲཱི་མཆོག་ནི། ཕྱི་ལོའི་དུས་རབས་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས་ཤིང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དུས་ཀྱི་ལོ་ཙཱ་བ་ཞིག་ཡིན། སྒྱུར་རྩོམ་གཙོ་གྲས་ནི། བསྟན་འགྱུར་ལས། པཎྜི་ཏ་ཟླ་བ་གྲགས་པས་མཛད་པའི་རྡོ་རྗེ་ཕག་མོ་སྒྲོལ་མ་ལ་བསྟོད་པ་དང་། སྒྲོལ་མ་ཁྲོ་མོ་ལ་རྩ་བའི་སྔགས་ཀྱིས་བསྟོད་པ་ཚིག་རྐང་བཅུ་གཉིས་པ།

སྒྲོལ་མ་ཨུ་གྲ་ཏཱ་རའི་སྒྲུབ་ཐབས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་བ་ན་རཏྣའི་ཞབས་ཀྱིས་མཛད་པ། འཕགས་པ་སྒྲོལ་མ་དྲག་མོའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ་དབས་ལོ་ཙཱ་བ་མཉྫུ་ཤྲཱིས་སྒྲ་སྒྱུར་མཛད་པ་བཅས་བཞུགས་སོ།།[1]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༦༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། བར་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣ ནས་ ༤༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *