༤༽ ལོ་ཙཱ་བ་སཱུརྱ་ཀཱིརྟི།
ལོ་ཙཱ་བ་སཱུརྱ་ཀཱིརྟི་ནི་མཆོག་ནི། ལེགས་སྦྱར་གྱི་མཚན་དེ་ཉིད་བོད་སྐད་དུ་བསྒྱུར་ན། ཉི་མ་གྲགས་པ་ཡིན་འདུག་ཀྱང་། པ་ཚབ་ཉི་མ་གྲགས་པ་མིན་པ་འགྱུར་གཞུང་ཁག་ལས་ཤེས་ཐུབ་ཀྱང་། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་མ་རྙེད། འོ་རུ་ལོ་ཙཱ་ཞེས་པ་འདི་དང་གཅིག་མིན་དཔྱད་དགོས་པར་སྣང་ལ། བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་དང་།
དུས་རབས་རིམ་བྱོན་གྱི་ལོ་པཎ་དང་འགྱུར་བྱང་ཞིབ་འཇུག་སོགས་སུ་འོ་ཙཱ་བ་སཱུརྱ་ཀཱིརྟི་འདི་ཉིད་ཀྱི་རྣམ་ཐར་མི་གསལ་ཞིང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་དང་། བསྟན་འགྱུར་དཀར་ཆག་དང་འགྱུར་བྱང་ལས། ལོ་ཙཱ་བ་འདི་ཉིད་ཀྱི་འགྱུར་ལ། བསྟན་འགྱུར་ལས། སྐྱེ་མེད་རིན་པོ་ཆེའི་མཛོད་ཅེས་བྱ་བ་འཕགས་པ་ཀླུ་སྒྲུབ་སྙིང་པོས་མཛད་པ། འོ་ལོ་ཙཱ་བ་སཱུརྱ་ཀཱིརྟིས་ལྷ་ས་ར་མོ་ཆེར་སྒྲ་སྒྱུར་མཛད་པ་[1]གསལ་ཞིང་། འགྱུར་གཞུང་འདི་ཉིད་ལས་མ་མཆིས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༤༡༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༤༣ ནས་ ༣༤༤ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།