ང༽ ཀླུ་སྒྲུབ་ཀྱི་གསུང་བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།

ང༽ བསྒྱུར་ཞུས་གཏན་འབེབས་མཛད་པ་པོ།

 

༡༽ དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསུང་བཟང་རྣམས་ལེགས་སྦྱར་ལྷའི་སྐད་ནས་བོད་གངས་ཅན་པའི་སྐད་དུ་བསྒྱུར་ཞུས་གཏན་ལ་འབེབས་མཁན་གྱི་རྒྱ་གར་གྱི་པཎྜི་ཏ་རྣམས་ནི། རྒྱ་གར་གྱི་མཁན་པོ་ཀྲིཥྞ་པཎྜི་ཏ་དང་། རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁན་པོ་ཏི་ལ་ཀ །རྒྱ་གར་གྱི་མཁན་པོ་མཉྫུ་གྷོ་ཥ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་དྷརྨ་བཛྲ། པཎྜི་ཏ་འབུམ་ཕྲག་གསུམ་པ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས། པཎྜི་ཏ་ཨ་བྷ་ཡཱ་ཀ་ར།

རྒྱ་གར་གྱི་མཁན་པོ་ཤྲཱི་བཻ་རོ་ཙ་ན་བཛྲ། རྒྱ་གར་གྱི་མཁན་པོ་ཤྲཱི་ཏཱ་ར་ཀ་ལ་ཤའི་སྲས་པཎྜི་ཏ་ཀུ་མཱ་ར་ཀ་ལ་ཤའི་དབོན་པོ་མནྟྲ་ཀ་ལ་ཤ །རྒྱ་གར་གྱི་མཁན་པོ་ཆེན་པོ་དཔལ་གཞོན་ནུ་བུམ་པའི་ཞལ་སྔ་ནས། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ། རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ། རྒྱ་གར་གྱི་མཁན་པོ་ཤཱནྟི་གརྦྷ། རྒྱ་གར་གྱི་མཁན་པོ་གུ་ཎ་ཨཱ་ཀ་ར། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ། པཎྜི་ཏ་གུ་རུ་པདྨ་འབྱུང་གནས། བླ་མ་དྷི་རི་ཤྲཱི་ཛྙཱ་ནའི་ཞབས། དངོས་གྲུབ་བརྙེས་པའི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི། རྒྱ་གར་གྱི་མཁན་པོ་ག་ཡ་དྷ་རའི་ཞལ་སྔ་ནས། རྒྱ་གར་གྱི་མཁན་པོ་པདྨ་ཀ་ར་ཝརྨ། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་པཎྜི་ཏ་ཆེན་པོ་མ་ཎི་ཀ་ཤྲཱི་ཛྙཱ་ན། རྒྱ་གར་གྱི་མཁན་པོ་བཻ་རོ་ཙ་ན་རཀྵི་ཏ། རྒྱ་གར་གྱི་མཁན་པོ་སློབ་དཔོན་པདྨའི་ཞལ་སྔ་ནས། རྒྱ་གར་གྱི་མཁན་པོ་ནག་པོའི་ཞལ་སྔ་ནས། པཎྜི་ཏ་ཆོས་ཀྱི་སྡེ། པཎྜི་ཏ་དོན་ཡོད་རྡོ་རྗེ། རྒྱ་གར་གྱི་མཁན་པོ་དཔལ་རྣམ་པར་སྣང་མཛད་རྡོ་རྗེ། རྒྱ་གར་གྱི་མཁན་པོ་རྡོ་རྗེ་སློབ་དཔོན་ཆེན་པོ་ཀརྨ་བཛྲའི་ཞལ་སྔ་ནས། རྒྱ་གར་གྱི་མཁན་པོ་བླ་མ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་རེནྟྲའི་ཞལ་སྔ་ནས། པཎྜི་ཏ་བི་བུ་ཏི་ཙནྟྲ། རྒྱ་གར་གྱི་མཁན་པོ་ཆེན་པོ་དབུ་མ་པ་ཛྙཱ་ན་གརྦྷ། རྒྱ་གར་གྱི་མཁན་པོ་མུ་ཏི་ཏ་ཤྲཱིའི་ཞལ་སྔ་ནས། རྒྱ་གར་གྱི་མཁན་པོ་ཙནྡྲ་ཀུ་མཱ་ར། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། དཱ་ན་ཤི་ལ། རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཝརྨ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ལོ་ཏ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི། རྒྱ་གར་གྱི་མཁན་པོ་ཤཱནྟ་རཀྵི་ཏ། རྒྱ་གར་གྱི་པཎྜི་ཏ་ཡེ་ཤེས་སྙིང་པོ། རྒྱ་གར་གྱི་མཁན་པོ་མུ་ནི་ཝརྨ། རྒྱ་གར་གྱི་མཁན་པོ་ཀ་ན་ཀ་ཝརྨ། རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ཝ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། པཎྜི་ཏ་བུདྡྷ་ཀ་ར་བྷ་དྲ། རྒྱ་གར་གྱི་པཎྜི་ཏ་བུདྡྷ་ཀ་ར་ཝ་རྨ། རྒྱ་གར་གྱི་པཎྜི་ཏ་ནིརྦ་ན། རྒྱ་གར་གྱི་པཎྜི་ཏ་རཏྣ་ཕ་ལ། རྒྱ་གར་གྱི་པཎ་ཆེན་ཟླ་བ་གཞོན་ནུ། ཤཱཀྱའི་དགེ་བསྙེན་བརྟུལ་ཞུགས་སྤྱོད་པའི་བཻ་རོ་ཙ་ན་བཛྲའི་ཞལ་སྔ་ནས་བཅས་རྒྱ་གར་འཕགས་ཡུལ་གྱི་མཁན་པོ་དང་པཎྜི་ཏ་ཞལ་གྲངས་ ༥༥ མཆིས་སོ།།

༢༽ ཁ་ཆེའི་པཎྜི་ཏར་མཚོན་ན། ཁ་ཆེའི་པཎྜི་ཏ་ཐིག་ལེ་བུམ་པ་དང་། ཁ་ཆེའི་མཁན་པོ་ཧ་སུ་མ་ཏི། ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནནྡ། ཁ་ཆེའི་པཎྜི་ཏ་དགེ་སློང་ཟླ་བ་གྲགས་པ། ཛྙཱ་ན་ཀུ་མཱ་ར། ཁ་ཆེའི་པཎྜི་ཏ་ཤྲཱི་ར་ཐ། ཁ་ཆེའི་པཎྜི་ཏའི་ཞལ་སྔ་ནས་བཅས་ཞལ་གྲངས་ ༧། ༣༽ བལ་པོའི་པཎྜི་ཏ་ཇི་ཡོད་ནི། བལ་པོའི་པཎྜི་ཏ་ཆེན་པོ་བྲམ་ཟེ་ཛེ་ཏ་ཀརྞའི་ཞལ་སྔ་ནས་དང་།

༤༽ བོད་གངས་ཅན་ལྗོངས་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྣམས་ནི། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བ་དང་། ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོ། ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་པ་ཚབ་ཉི་མ་གྲགས། ལོ་ཙཱ་བ་འབྲོ་དགེ་སློང་ཤེས་རབ་གྲགས། རྡོ་ལོ་ཙཱ་བ་དགེ་སློང་དར་མ་རིན་ཆེན། ལོ་ཙཱ་བ་དགེ་སློང་གཉན་དར་མ་གྲགས། སྟག་ཚང་(ཆོས་འཁོར་)ལོ་ཙཱ་བ་འཇམ་དཔལ་ཡེ་ཤེས། ལོ་ཙཱ་བ་རྩ་མི་ཆེན་པོ། ལོ་ཙཱ་བ་བནྡེ་ལྡི་རི་ཆོས་གྲགས། ལོ་ཙཱ་བ་འགོས་ལྷས་བཙས། ལོ་ཙཱ་བ་རབ་ཞི་བཤེས་གཉེན། ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་ཁུ་མདོ་སྡེ་འབར། ལོ་ཙཱ་བ་གླང་དཔལ་གྱི་སེང་གེ །ལོ་ཙཱ་བ་རྨ་བན་ཆོས་འབར། ལོ་ཙཱ་བ་གཞོན་ནུ་དཔལ། ཞ་མ་ལོ་ཙཱ་བ། ལོ་ཙཱ་བ་དགེ་སློང་ཡེ་ཤེས་བཟང་པོ། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ། ལོ་ཙཱ་བ་གླན་ཆུང་། ལོ་ཙཱ་བ་རྒྱ་བརྩོན་སེང་གེ །ལོ་ཙཱ་བ་བཙུན་པ་རྒྱལ་བ་མཆོག་དབྱངས། ལོ་ཙཱ་བ་དགེ་ཚུལ་ནམ་མཁའ་རྡོ་རྗེ། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི། ལོ་ཙཱ་བ་དགེ་སློང་གཞོན་ནུ་ཚུལ་ཁྲིམས། ལོ་ཙཱ་བ་ག་རོད་ཚུལ་ཁྲིམས་འབྱུང་གནས། ཡར་ལུང་པ་སེང་གེ་རྒྱལ་མཚན། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཅོག་རོ་ཀླུའི་རྒྱལ་མཚན། ལོ་ཙཱ་བ་སྐ་བ་དཔལ་བརྩེགས། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ། ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད། ལོ་ཙཱ་བ་བནྡེ་གཞོན་ནུ་ཤེས་རབ། ལོ་ཙཱ་བ་གྲགས་འབྱོར་ཤེས་རབ། ལོ་ཙཱ་བ་སཱུརྱ་ཀཱིརྟི། ལོ་ཙཱ་བ་བནྡེ་ལེགས་པའི་བློ་གྲོས། ལོ་ཙཱ་བ་རྙི་བ་དེ་ཝ་གྷོ་ཥ། སྒྲ་སྒྱུར་གྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ། རྩེ་ཐང་ལོ་ཙཱ་བ་གཞོན་ནུ། ལོ་ཙཱ་བ་ཚུལ་ཁྲིམས་གཞོན་ནུ། ལོ་ཙཱ་བ་གཞོན་ནུ་མཆོག །ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོ། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེ། ཞ་ལུ་ལོ་ཙཱ་བ་དགེ་སློང་ཆོས་སྐྱོང་བཟང་པོ། ལོ་ཙཱ་བ་ཆོས་ཀྱི་ཤེས་རབ། ལོ་ཙཱ་བ་དིང་རི་ཆོས་གྲགས། ལོ་ཙཱ་བ་གྲགས་པ་རྒྱལ་མཚན། ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོ། ལོ་ཙཱ་བ་རྨ་དགེ་བའི་བློ་གྲོས། ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས། ལོ་ཙཱ་བ་སྣར་ཐང་པུ་ཎྱ་རསྨི། གསར་བསྒྱུར་གནང་མཁན་གྱི་དེང་གི་ལོ་ཙཱ་བ་དོར་ཞི་གདོང་དྲུག་སྙེམས་བློ་དང་། ཨཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་བཅས་ཞལ་གྲངས་ ༥༡ བཅས་ཁྱོན་བསྡོམས་རྒྱ་གར་གྱི་མཁན་པོ་དང་པཎྜི་ཏ་ ༥༥ དང་། ཁ་ཆེའི་པཎྜི་ཏ་ ༧ བལ་པོའི་པཎྜི་ཏ་ ༡ བོད་ཀྱི་ལོ་ཙཱ་བ་ ༥༡ བཅས་རྒྱལ་ཁབ་བཞི་ཡི་ལོ་པཎ་ཞལ་གྲངས་ ༡༡༤ གྱིས་སློབ་དཔོན་འདིའི་གསུང་རྣམས་ལེགས་སྦྱར་གྱི་སྐད་དང་། རྒྱའི་སྐད་གཉིས་ནས་བོད་སྐད་དུ་བསྒྱུར་ཞུས་ཀྱིས་གཏན་ལ་ཕབ་པའོ། །ལོ་ཙཱ་བ་དེ་དག་གི་རྣམ་ཐར་མཇུག་མཐར་བཀོད་ཡོད་པས་དེ་དག་ཏུ་གཟིགས་པར་འཚལ་ལོ།།

གསུང་བཟང་དེ་དག་གི་ཁྲོད་ནས་རྒྱ་གར་སྐད་གསལ་བ་ ༡༣༥ དང་། རྒྱ་གར་སྐད་མི་གསལ་བ་ཆོས་ཚན་ཨང་ ༢༣། ༥༤། ༥༥། ༥༧། ༥༨། ༦༠། ༦༡། ༧༠། ༧༡། ༧༢། ༨༧། ༩༦། ༡༠༠། ༡༣༠། ༡༣༨། ༡༤༠། ༡༤༨། ༡༥༢ བཅས་ཆོས་ཚན་ ༡༨ རྣམས་ཡིན། འགྱུར་བྱང་མེད་པའི་ཆོས་ཚན་ཨང་། ༣༣། ༤༤། ༤༥། ༥༠། ༥༨། ༧༣། ༨༧། ༩༣། ༩༤། ༩༥། ༩༦། ༩༧། ༡༠༠། ༡༠༡། ༡༤༧ བཅས་ཆོས་ཚན་ ༡༥ ཡོད་པ་དང་། གོང་གསལ་བསྟན་འགྱུར་ཁྲོད་དུ་བཞུགས་པའི་གསུང་ཆོས་ཚན་ ༡༥༣ ཡོད་པ་ལས་ལེགས་སྦྱར་གྱི་མ་དཔེ་བཞུགས་པའི་ཆོས་ཚན་ ༣༤ དང་། ལེགས་སྦྱར་མ་དཔེའི་ཆ་ཤས་བཞུགས་པའི་ཆོས་ཚན་གྲངས་ ༤། ལེགས་སྦྱར་བསྐྱར་གསོའི་ངོ་བོར་བཞུགས་པའི་ཆོས་ཚན་གྲངས་ ༦ ཡོད་ཅིང་། གཞན་རྣམས་ཀྱི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་པ་བཅས་སོ།།  །།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥༣ ནས་ ༢༥༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *