མགོན་པོ་ཀླུ་སྒྲུབ་ཀྱི་གསུང་གི་དཀར་ཆག དགུ་པ། (གསོ་རིག་སྐོར།)

དགུ་པ། གསོ་རིག་སྐོར།

 

གཞན་རྗེས་སུ་གཟུང་བའི་བསྟན་བཅོས་ལ། གསོ་བ་རིག་པའི་བསྟན་བཅོས་ཀྱི་སྐོར།

༡༣༦༽ གསོ་རིག་ ༼ཧེ༽ པ་ལ། རྒྱ་གར་སྐད་དུ། ཡོ་ག་ཤ་ཏ་ཀ །བོད་སྐད་དུ། སྦྱོར་བ་བརྒྱ་པ་ཞེས་བྱ་བ་སྨན་གྱི་གཞུང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ། བལ་པོའི་པཎྜི་ཏ་ཆེན་པོ་བྲམ་ཟེ་ཛེ་ཏ་ཀརྞའི་ཞལ་སྔ་ནས་དང་པོ་རྩ་འགྲེལ་ལན་ཅིག་གསུངས་ཤིང༌། དུས་ཕྱིས་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་སྟོད་ཅུང་ཟད་གསུངས་ནས་གྲུབ་པའི་ཞིང་སྐྱི་རོང་འཕགས་པ་འཇིག་རྟེན་དབང་པོའི་གཙུག་ལག་ཁང་ལས་ཅུང་ཟད་མི་རིང་བ།

ཆེན་པོའི་ཆེན་པོ་རྣམས་ཀྱི་གདན་ས་དཔལ་ཤེལ་གྱི་གཙུག་ལག་ཁང་དུ་སྡོམ་བརྩོན་དམ་པ་སྡེ་སྣོད་གསུམ་དང་། རྒྱུད་དང་རྒྱུད་ཀྱི་ཡན་ལག་རྣམས་ལ་ལེགས་པར་འདྲིས་ཤིང་། ཁྱད་པར་དུ་ཚེའི་རིག་བྱེད་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་གཞུང་དོན་ལེགས་པར་རྟོགས་པ་དགེ་སློང་ཨ་མོ་གྷའི་གསུང་གིས་བསྐུལ་ནས། མང་དུ་ཐོས་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས་འགྲེལ་པ་གསུམ་དང་བསྟུན་ནས་བསྒྱུར་ཅིང་ལེགས་པར་གཏན་ལ་ཕབ་པའོ། །འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་གསོ་བ་རིག་པ། པོད་རྟགས། ༼ཧེ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༨བ༤ བར་ཡིག་ཕྲེང་ ༩༨ ཚེག་ཁྱིམ་ ༥༠༢༥། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཡན་ལག་བརྒྱད་པ། པོད་རྟགས། ༼སེ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༩བ༤ བར་ཡིག་ཕྲེང་ ༡༢༧ ཚེག་ཁྱིམ་ ༥༠༥༦། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སེ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༡༠ན༢ བར་ཡིག་ཕྲེང་ ༡༠༩ ཚེག་ཁྱིམ་ ༥༠༥༨། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་གསོ་བ་རིག་པ། པོད་རྟགས། ༼ཧེ༽ ཚན་གྲངས་ ༡ ལྡེབ་ ༡ན༡ ནས་ ༨བ༤ བར་ཡིག་ཕྲེང་ ༩༨ ཚེག་ཁྱིམ་ ༥༠༢༥། ཅ༽ བསྟན་འགྱུར་དཔེ་བསྡུར་མ། གསོ་བ་རིག་པ། ༼ཧེ༽ དེབ་ཨང་ ༡༡༡ པ། ཤོག་གྲངས་ ༣ ནས་ ༡༩ བར་བཞུགས་པ་བཅས་སོ།།

༡༣༧༽ གསོ་རིག་ ༼ཧེ༽ པ་ལ། རྒྱ་གར་སྐད་དུ། ཛཱི་བ་སཱུ་ཏྲ། བོད་སྐད་དུ། སྨན་འཚོ་བའི་མདོ་བཞུགས་སམ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་སྙིང་པོས་སྨན་པ་རྣམས་ལ་བརྫངས་པ་སྨན་འཚོ་བའི་མདོ་ཚིགས་སུ་བཅད་པ་རྫོགས་སོ། །ཞེས་པ་ལས་འགྱུར་བྱང་མི་སྣང་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[1]། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་གསོ་བ་རིག་པ། པོད་རྟགས། ༼ཧེ༽ ཚན་གྲངས་ ༢ ལྡེབ་ ༨བ༤ ནས་ ༡༢ན༤ བར་ཡིག་ཕྲེང་ ༥༠ ཚིག་རྐང་ ༡༣-༢༠༠ ཚེག་ཁྱིམ་ ༢༦༤༨། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཡན་ལག་བརྒྱད་པ། པོད་རྟགས། ༼སེ༽ ཚན་གྲངས་ ༢ ལྡེབ་ ༩བ༥ ནས་ ༡༣བ༤ བར་ཡིག་ཕྲེང་ ༦༤ ཚིག་རྐང་ ༡༣-༢༠༠ ཚེག་ཁྱིམ་ ༢༦༤༨། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སེ༽ ཚན་གྲངས་ ༢ ལྡེབ་ ༡༠ན༢ ནས་ ༡༤ན༢ བར་ཡིག་ཕྲེང་ ༥༧ ཚིག་རྐང་ ༡༣-༢༠༠ ཚེག་ཁྱིམ་ ༢༦༤༧། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་གསོ་བ་རིག་པ། པོད་རྟགས། ༼ཧེ༽ ཚན་གྲངས་ ༢ ལྡེབ་ ༨བ༤ ནས་ ༡༢ན༤ བར་ཡིག་ཕྲེང་ ༥༠ ཚིག་རྐང་ ༡༣-༢༠༠ ཚེག་ཁྱིམ་ ༢༦༤༨། ཅ༽ བསྟན་འགྱུར་དཔེ་བསྡུར་མ། གསོ་བ་རིག་པ། ༼ཧེ༽ དེབ་ཨང་ ༡༡༡ པ། ཤོག་གྲངས་ ༢༣ ནས་ ༣༡ བར་བཞུགས་པ་བཅས་སོ།།

༡༣༨༽ གསོ་རིག་ ༼ཧེ༽ པ་ལ། རྒྱ་གར་སྐད་མི་གསལ། བོད་སྐད་དུ། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་སྨན་ཨ་བའི་ཆོ་ག །ཞེས་པ་ལས་འགྱུར་བྱང་མི་གསལ་ཡང་། གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་བློ་གསལ་དགའ་སྐྱེད་ལས[2]། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བར་གསལ་ལོ། །འདིའི་ལེགས་སྦྱར་གྱི་མ་དཔེ་མི་བཞུགས་སོ།།

ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་གསོ་བ་རིག་པ། པོད་རྟགས། ༼ཧེ༽ ཚན་གྲངས་ ༣ ལྡེབ་ ༡༢ན༤ ནས་ ༡༣ན༧ བར་ཡིག་ཕྲེང་ ༡༨ ཚེག་ཁྱིམ་ ༡༠༤༣། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་ཡན་ལག་བརྒྱད་པ། པོད་རྟགས། ༼སེ༽ ཚན་གྲངས་ ༣ ལྡེབ་ ༡༣བ༤ ནས་ ༡༥ན༤ བར་ཡིག་ཕྲེང་ ༢༦ ཚེག་ཁྱིམ་ ༡༠༤༢། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼སེ༽ ཚན་གྲངས་ ༣ ལྡེབ་ ༡༤ན༣ ནས་ ༡༥བ༡ བར་ཡིག་ཕྲེང་ ༣༠ ཚེག་ཁྱིམ་ ༡༠༤༡། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་གསོ་བ་རིག་པ། པོད་རྟགས། ༼ཧེ༽ ཚན་གྲངས་ ༣ ལྡེབ་ ༡༢ན༤ ནས་ ༡༣བ༡ བར་ཡིག་ཕྲེང་ ༡༩ ཚེག་ཁྱིམ་ ༡༠༤༣། ཅ༽ བསྟན་འགྱུར་དཔེ་བསྡུར་མ། གསོ་བ་རིག་པ། ༼ཧེ༽ དེབ་ཨང་ ༡༡༡ པ། ཤོག་གྲངས་ ༢༣ ནས་ ༣༧ བར་བཞུགས་པ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༨༧

[2] གངས་ལྗོངས་སྐད་གཉིས་སྨྲ་བ་དུ་མའི་འགྱུར་བྱང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་ ༨༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་གསུང་འབུམ་དཀར་ཆག་བསྟན་པའི་མཛེས་རྒྱན། སྟོད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༡ ནས་ ༢༢༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *