༄༅། །སྨན་དཔྱད་སོ་མ་རཱ་ཛའི་དཔེ་ཐོ་གསལ་བ་བཞུགས་སོ།།

༄༅། །སྨན་དཔྱད་སོ་མ་རཱ་ཛའི་དཔེ་ཐོ་གསལ་བ་བཞུགས་སོ།།

 

༄༅། །ལྷོ་ཕྱོགས་བྷེ་ཏའི་ཡུལ་དུ་སྐུ་བལྟམས་པའི། །སློབ་དཔོན་ཀླུ་སྒྲུབ་སྙིང་པོ་ཞེས་བྱ་བ། །རིག་པའི་གནས་ལྔ་ལ་མཁས་པ་དེས། །འགྲོ་བ་མི་ལ་ཕན་གདགས་པའི་ཕྱིར། །གསོ་རིག་བསྟན་བཅོས་ཞུས་སོ། །འཕགས་པ་འཇམ་དཔལ་སྤྲུལ་པའི་སྐུས། །འགྲོ་བའི་དོན་དུ་གསུང་བའི་ཕྱིར། །གནས་རྒྱའི་རི་བོ་རྩེ་ལྔའི་དབུས་ཀྱི་རི་ལ་བཞུགས་པས། མི་རིགས་ལྔ་དང་། འབྱུང་བ་ལྔ་དང་། ཁམས་ལྔ་དང་། དུག་ལྔ་དང་། སྨན་ལྔའི་རི་ཡི་རྩེ་མོ་འཁོར་དྲང་སྲོང་ལྔ་ལྔས་བསྐོར་བ་གསོ་བ་རིག་པའི་བཀའ།

སྨན་དཔྱད་སོ་མ་རཱ་ཛ་ཞེས་བྱ་བ། སྨན་སླ་ལ་ནུས་པ་ཆེ་བ། ཕྱི་རབས་ཀྱི་སེམས་ཅན་བློ་དམན་པ་རྣམས་ཀྱིས་གོ་སླ་བ། ཡིག་ཚོགས་ཆུང་ལ་དོན་འདུས་པ། དཔེར་ན་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལྟ་བུ་ཐབས་མང་བ། འབྲས་བུ་ཆེ་བ་འདི་ཡང་སྨན་དཔྱད་ཟླ་བས་ནད་ལས་ཐར་བར་ནུས་པ། བླུན་པོས་ཀྱང་འཚོ་བར་སླ་བ། རྨ་རྣམ་པ་གསུམ་དང་། ཁོང་དང་། རྣོ་རི་སྔོ་ལ་བརྒྱ་ཉི་ཤུའི་ནད་ཐམས་ཅད་སེལ་བ། མཁས་པའི་རིང་དུ་དཔྱད་ལ་བཅོས་སོ།།

ལེའུ་དང་པོ་ལུས་བསྐྱེད་པ་དང་ནུས་པ་རྫོགས་པ། གཉིས་པ་ལུས་ཀྱི་ཀེང་རུས། གསུམ་པ་མགོ་ཡི་ཀེང་རུས། བཞི་པ་ཡན་ལག་ཀེང་རུས། ལྔ་པ་ཆགས་ཚད་ཀྱི་ལྡང་ཚད། དྲུག་པ་ནད་གཞིའི་སྤྱི་གནས། བདུན་པ་རྨའི་སོས་ཤི། བརྒྱད་པ་ནད་ངོས་བཟུང་བ། དགུ་པ་དུས་ཚོད་ཀྱི་ནད་ངོས་བཟུང་བ། བཅུ་པ་ཆུ་བརྟགས་པ། བཅུ་གཅིག་པ་ཆུའི་བྱ་ལམ། བཅུ་གཉིས་པ་ཆུའི་བྱ་ལམ་དུས་ཀྱི་འཁོར་ལོ། ཡང་བཅུ་གསུམ་པ་ཆུའི་བྱ་ལམ། བཅུ་བཞི་པ་ལྡོག་དུས། བཅོ་ལྔ་པ་ཚ་གྲང་གི་རྩ། བཅུ་དྲུག་པ་སྙིང་རྩ། བཅུ་བདུན་པ་མཆིན་པའི་རྩ། བཅོ་བརྒྱད་མཁལ་རྩ། བཅུ་དགུ་པ་གློ་རྩ། ཉི་ཤུ་པ་མཆེར་རྩ། ཉེར་གཅིག་པ་འཆི་ལྟས། ཉེར་གཉིས་པ་དགྲ་རྩ། ཉེར་གསུམ་པ་གདོན་རྩ། ཉེར་བཞི་པ་འབྱུང་བའི་རྩ། ཉེར་ལྔ་པ་རླུང་ནད་ཀྱི་མཚན་ཉིད། ཉེར་དྲུག་པ་བད་ཀན། ཉེར་བདུན་པ་མཁྲིས་པ། ཉེར་བརྒྱད་པ་སྙིང་། ཉེར་དགུ་པ་གློ་ནད། སུམ་ཅུ་པ་མཆིན་ནད། སོ་གཅིག་པ་མཆེར་ནད། སོ་གཉིས་པ་མཁལ་ནད། སོ་གསུམ་པ་རྒྱུ་ནད། སོ་བཞི་པ་ཕོ་བའི་ནད། སོ་ལྔ་པ་མཁྲིས་པའི་ནད། སོ་དྲུག་པ་ལོང་ནད། སོ་བདུན་པ་ལྒང་ཕུགས། སོ་བརྒྱད་པ་བསམ་སེའུ། སོ་དགུ་པ་འཁྲུ་ནད། བཞི་བཅུ་པ་མ་ཞུ་བ། ཞེ་གཅིག་པ་སྐྲན་ནད། ཞེ་གཉིས་པ་འབྲས་དང་སུརྱ། ཞེ་གསུམ་པ་འབྲུམ་བུ། ཞེ་བཞི་པ་གག་ལྷོག །ཞེ་ལྔ་པ་དུག །ཞེ་དྲུག་པ་དམུ་ཆུ། ཞེ་བདུན་པ་སྲིན་ནད། ཞེ་བརྒྱད་པ་མགོ་རུས། ཞེ་དགུ་པ་རྩའི་ནད་ཀྱི་མཚན་ཉིད། ལྔ་བཅུ་པ་ཡན་ལག་གི་རྨ། ང་གཅིག་པ་བྱང་ཁོག །ང་གཉིས་པ་ལ་ཉེ། ང་གསུམ་པ་མུ་ཟི། ང་བཞི་པ་བྲག་ཞུན། ང་ལྔ་པ་རླུང་བཅོས་པ། ང་དྲུག་པ་མཁྲིས་པ་བཅོས་པ། ང་བདུན་པ་བད་ཀན་བཅོས་པ། ང་བརྒྱད་པ་འདུས་པ། ང་དགུ་པ་སྙིང་རླུང་། དྲུག་ཅུ་པ་གློ་བ་བཅོས་པ། རེ་གཅིག་པ་མཆིན་པ། རེ་གཉིས་པ་མཁལ་མ། རེ་གསུམ་པ་མཆེར་པ། རེ་བཞི་པ་རྒྱུ་མ། རེ་ལྔ་པ་ཕོ་བ། རེ་དྲུག་པ་མཁྲིས་པ། རེ་བདུན་པ་ལོང་ནད། རེ་བརྒྱད་པ་ལྒང་ཕུགས། རེ་དགུ་པ་བསམ་སེའུ། བདུན་ཅུ་པ་ཐུར་མ། དོན་གཅིག་པ་འཁྲུ་བ། དོན་གཉིས་པ་སྐྲན། དོན་གསུམ་པ་འབྲས། དོན་བཞི་པ་འབྲུམ་བུ། དོན་ལྔ་པ་གག་ལྷོག །དོན་དྲུག་པ་དུག །དོན་བདུན་པ་དམུ་ཆུ། དོན་བརྒྱད་པ་སྲིན། དོན་དགུ་པ་ཕྱེ་མ། བརྒྱད་ཅུ་པ་ལྡེ་གུ། །གྱ་གཅིག་པ་ཐང་། གྱ་གཉིས་པ་ཐང་བཤལ། གྱ་གསུམ་པ་ལས་རྣམ་ལྔ་བཤལ། གྱ་བཞི་པ་འཇམ་རྩི། གྱ་ལྔ་པ་ནི་རུ་ཧ། གྱ་དྲུག་པ་སྐྱུགས། (མ་དཔེ་བཞི་ལ་མི་འདུག)[1] གྱ་བདུན་པ་སྣ་བཤལ། གྱ་བརྒྱད་པ་རྩ་བཤལ། གྱ་དགུ་པ་ལས་རྣམ་ལྔའི་ལོག་ནོན། དགུ་བཅུ་པ་སྨན་མར། གོ་གཅིག་པ་དརྱ་ཀན། གོ་གཉིས་པ་རིན་པོ་ཆེ་རྡོ་སྨན། གོ་གསུམ་པ་ཟས་དང་ཤ །གོ་བཞི་པ་སྨན་དང་ཟས་ཀྱི་ནུས་པ། གོ་ལྔ་པ་རྨའི་ཁོང་སྨན། གོ་དྲུག་པ་རུས་པ། གོ་བདུན་པ་ཀླད་སྲུབས། གོ་བརྒྱད་པ་རྩ། གོ་དགུ་པ་རྩའི་བབས། བརྒྱ་ཐམ་པ་མགོ་ཡི་འགྲམ། བརྒྱ་དང་གཅིག་རྨ་སྨན། བརྒྱ་དང་གཉིས་མགོ་དཔྱད་མདོར་བསྡུས་པ། བརྒྱ་དང་གསུམ་པ་ཡན་ལག་གི་བཅོས། བརྒྱ་དང་བཞི་པ་སྐེ། བརྒྱ་དང་ལྔ་པ་ལྕིབས་དང་ནན། བརྒྱ་དང་དྲུག་པ་བྱང་ཁོག་སྟོད། བརྒྱ་དང་བདུན་པ་བྱང་ཁོག་སྨད། བརྒྱ་དང་བརྒྱད་བྱང་ཁོག་གི་ཐིག་ཚད། བརྒྱ་དང་དགུ་པ་བྱང་ཁོག་རྩའི་དཔྱད་དང་སྨན་གྱི་བཅོས་པ། བརྒྱ་དང་བཅུ་པ་གཏར་ཀ །བརྒྱ་དང་བཅུ་གཅིག་པ་མེ་བཙའ། བརྒྱ་དང་བཅུ་གཉིས་ཀྱི་ནུས་པ་རྫོགས་བར་བཤད། བརྒྱ་དང་བཅུ་གསུམ་པ་འཁོར་ལ་ཡོངས་སུ་གཏད་པའོ། །གསོ་དཔྱད་ཟླ་བའི་རྒྱལ་པོའི་མདོ་ལ་ལེའུ་བརྒྱ་དང་བཅུ་གསུམ་ཡོད་པ་ལགས་སོ། །མངྒ་ལཾ།།  །།

 

[1] མཆན། པར་མའི་ནང་ལེའུ་གྱ་དྲུག་པ་སྐྱུགས་བཅོས་མི་འདུག་ཅེས་གསལ་ཡང་། དོན་དུ་གྱ་བདུན་པའི་ནང་སྐྱུགས་བཅོས་ཀྱི་ནང་དོན་གསལ་ཡོད།

 

ཡོང་ཁུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་གསོ་རིག་གི་བསྟན་བཅོས་ཕྱོགས་བསྒྲིགས་གླེགས་བམ་དང་པོ། ཕྱོགས་སྒྲིག་པ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡ ནས་ ༣ བར་གསལ་བ་ལས་བཏུས་པའོ།།

 

Leave a Reply

Your email address will not be published. Required fields are marked *