༢༡༽ སློབ་དཔོན་ཆེན་པོ་ནོར་བཟང་།
སློབ་དཔོན་ནོར་བཟང་སྟེ་ལེགས་སྦྱར་སྐད་དུ་མཎི་བྷ་དྲ་ (Manibhadra) ཞེས་ཞུ་ཞིང་། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ནི། དཔལ་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྟན་པར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ། སློབ་དཔོན་ཆེན་པོ་ནོར་བཟང་གིས་མཛད་པ། རྒྱ་གར་གྱི་མཁན་པོ་ཤྲཱི་ག་ཡ་དྷ་ར་དང༌། བོད་ཀྱི་ལོ་ཙཱ་བ་གྱི་ཇོ་ཟླ་བའི་འོད་ཟེར་གྱི་འགྱུར། འདི་ཉིད་བསྟན་འགྱུར་[1]དུ་བཞུགས་ཤིང་།
བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི་རིགས་ལྔའི་སྡོམ་གཟུང་གི་འགྲེལ་པ་གཞན་ཕན་པ་གཅེས་པའི་[2]ནང་དུ་སློབ་དཔོན་འདི་ཉིད་ཀྱི་བཞེད་པ་བཀོད་པ་ལས། དེ་མིན་འཕགས་བོད་ཀྱི་དཔྱད་གཞིའི་ཡིག་ཆ་ཤིན་ཏུ་དཀོན་པས་ཞིབ་ཕྲ་འགོད་ཐབས་བྲལ་བ་བཅས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཚ༽ དེབ་ཨང་ ༡༠ པ། ༢༠༠༨ ལོ། ཤོག་གྲངས་ ༢༦༤
[2] རིན་ཆེན་གྲུབ་ཀྱི་གསུང་འབུམ། ༼ཇ༽ ཞོལ་པར་མ། ཤིང་དཔར། དཔེ་རིང་། ཤོག་གྲངས་ ༣བ༤
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༩ ནས་ ༤༣༩ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།