ན་མོ་ཨཱརྱ་ཏཱ་རེ་ཡ།
ཨོཾ་བཅོམ་ལྡན་འདས་མ་ལྷ་མོ་སྒྲོ ལ་མ་ལ་ཕྱག་འཚལ་ལོ།།
ཕྱག་འཚལ་སྒྲོལ་མ་ཏཱ་རེ་དཔའ་མོ། །ཏུཏྟཱ་རེ་ཡིས་འཇིགས་ཀུན་སེལ་མ། །
ཏུ་རེས་དོན་རྣམས་ཐམས་ཅད་སྟེར་མ། །སྭཱ་ཧཱ་ཡི་གེ་བཅུ་ལ་རབ་འདུད། །
ཨོཾ་ཏ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ །
༈ སྒྲོལ་མའི་གསོལ་འདེབས།།
རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་ མཁྱེན་ནོ།།
འཇིགས་དང་སྡུག་བསྔལ་ཀུན་ལས་སྐྱ བས་ཏུ་གསོལ།།
དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་མ་སྒྲོལ་མ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །
འདི་ཡི་ལོ་རྒྱུས་ནི། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་སྙེ་ ཐང་འོར་དུ་བཞུགས་པའི་ཚེ་ལེགས་ པའི་ཤེས་རབ་གློ་བུར་དུ་བསྙུང་བ་ ལ། འབྲོམ་སྟོན་པས་པྲ་ཕབ་པར་དུས་གཅི ག་སྒྲོལ་མ་ཁྲི་ཚར་བཏོན་ན། ནད་ལས་གྲོལ་ཞེས་བྱུང་བ་ན། ཇོ་བོས་སྒྲོལ་མར་གསོལ་བ་བཏབ་པས། སྒྲོལ་མས་འདི་གསུངས་པས་དགེ་མཚན་ མངོན་སུམ་དུ་བྱུང་། བྱིན་རླབས་ཆེ་བ་དང་མྱུར་བ་ཡིན། འདི་ལན་རེ་བརྗོད་ན་སྒྲོལ་མ་ཚར་ རེ་བཏོན་པ་དང་མཉམ་པར་གསུངས་སོ།། དགེའོ།།