ལོ་ཙྰ་བ་ཞང་ཡེ་ཤེས་སྡེ།

སྤེལ་དུས།04-25  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་སློབ་གསོ་དྲ་བ།  རྩོམ་པ་པོ།

འདི་ཉིད་ཀྱི་འགྱུར་ལ། བཀའ་བར་བ་ཤེར་ཕྱིན་གྱི་སྐོར་ལ། ཤེས་རབ་ཀྱི་ཕ་རོལ་ཏི་ཕྱིན་པ་སྟོང་ཕྲག་བརྒྱ་བ། བམ་པོ་སུམ་བརྒྱ་དང་གཅིག ལེའུ་དོན་གཉིས་ཡོད་པ། ཉང་ཁམ་པ་གོ་ཆ། བེེ་རོ་ཙྰ་ན། ལྕེ་ཁྱི་འབྲུག ཞང་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར་བྱང་དྲུག་ཡོད་པར་གྲག་གོ་ཞེས་བུ་སྟོན་གསུངས་སོ། ། ཡུམ་འབྲིང་བོ་སྟོང་ཕྲག་ཉི་ཤུ་ལྔ་བ། ལེའུ་བདུན་ཅུ་རྩ་དྲུག བམ་པོ་བདུན་ཅུ་རྩ་བརྒྱད་ཡོད་པ་རྣམས་འགྱུར་བྱང་དངོས་སུ་མ་འཁོད་ཀྱང་ཡེ་ཤེས་སྡེ་ལ་སོགས་པའི་དུས་སུ་བསྒྱུར་པ། ཁྲི་བརྒྱད་སྟོང་པ་བམ་པོ་དྲུག་ཅུ། ལེའུ་བརྒྱད་ཅུ་རྩ་གཉིས་ཡོད་པ་འགྱུར་བྱང་མ་འཁོད་ཀྱང་ཡེ་ཤེས་སྡེ་ལ་སོགས་ཀྱིས་བསྒྱུར། ཤེས་རབ་ཁྲི་བ་བམ་པོ་པོ་སུམ་ཅུ་རྩ་བཞི་བ། ལེའུ་སུམ་ཅུ་རྩ་གསུམ་ཡོད་པ་འགྱུར་གོང་དང་འདྲ།   ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་རྩལ་རྣམ་གནོན་གྱིས་ཞུས་པའི་མདོ། བམ་པོ་བདུན་དང་། ཤློོ་ཀ་དྲུག་ཅུ། ལེའུ་བདུན་པ། ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། ཤེར་ཕྱིན་ལྔ་བརྒྱ་བ་དང་། ཤེས་རིག་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ་བར་གྲགས་པ་རྡོ་རྗེ་གཅོད་པ། ཤེར་ཕྱིན་སྒོ་ཉི་ཤུ་རྩ་ལྔ་བ་རྣམས་འགྱུར་གོང་དང་འདྲ། །

 འཁོར་ལོ་ཐ་མར་གཏོགས་པ། མདོ་སྡེའི་ཕལ་བོ་ཆེ་ལ། སྤྱིར་ཤློོ་ཀ་འབུམ་དང་། ལེའུ་བརྒྱ་ཡོད་པ་ལས། སྔོན་ན་ལནྡ་བི་ཧ་ར་ལ་མེ་དགྲ་བྱུང་བའི་རྐྱེན་གྱིས་མ་ཚང་བའི་འཕྲོ་ཇི་ཙམ་བཞུགས་པ་བསྒྱུར་པ་ལ། ཕལ་བོ་ཆེ་ལེའུ་ཉེར་དགུ ཤློོ་ཀ་བཞི་སྟོང་ཉིས་བརྒྱ། བམ་པོ་ཉི་ཤུ་རྩ་དགུ། ལེའུ་སུམ་ཅུ་བ། རྡོ་རྗེ་རྒྱལ་མཚན་གྱི་ལེའུ། ཤློོ་ཀ་སུམ་སྟོང་དགུ་བརྒྱ། བམ་པོ་བཅུ་གསུམ།   སོ་གཅིག་པ་ས་བཅུ་བའི་ལེའུ། ཤློོ་ཀ་ཉིས་སྟོང་བཞི་བརྒྱ།   བམ་པོ་དགུ། སོ་གཉིས་པ་ཀུན་བཟང་གིས་ལེའུ་བསྟན་བའི་ལེའུ།   སོ་གསུམ་པ་ཏིང་ངེ་འཛིན་བཅུ་བའི་ལེའུ། སོ་བཞི་མ་མངོན་ཤེས་བསྟན་པའི་ལེའུ། སོ་ལྔ་བ་བཟང་པོའོི་ལེའུ། སོ་དྲུག་པ་གྲངས་ལ་འཇུག་པའི་ལེའུ།   སོ་བདུན་པ་ཚེའི་ཚད་ཀྱིས་ལེའུ། སོ་བརྒྱད་པ་བྱང་ཆུབ་སེམས་དཔའི་གནས་བསྟན་པའི་ལེའུ་ཡན་ལག་བན་པོ་བརྒྱད་པ།   ལེའུ་སོ་དགུ་པ་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པར་བསྟན་པའི་ལེའུ། བཞི་བཅུ་བ་དེ་བཞིན་གཤེགས་པའི་མཚན་རྒྱ་མཚོ་བསྟན་པའི་ལེའུ། ཞེ་གཅིག་པ་ ཀུན་བཟང་གི་སྤྱོད་པ་བསྟན་པའི་ལེའུ་རྣམས་་བམ་པོ་བརྒྱད་དེ་ཀུན་ཏུ་བཟང་པ་བསྟན་པའི་ལེའུ་རྣམས་ལ་བེམ་པོ་བརྒྱད་དེ་ཀུན་ཏུ་བཟང་བས་བསྟན་པའི་ལེའུ་ནས་འདིའི་བར་ལ་ཁྱོན་བསྡོམས་ཤློོ་ཀ་སྟོང་བརྒྱད་བརྒྱ། བམ་པོ་བཅུ་དྲུག་ཡོད་དེ་ཀུན་ཏུ་བཟང་པོའི་སྤྱོད་པ་བསྟན་པའི་ལེའུ་གྲགས་སོ།   ། ཞེ་གསུམ་པ་དེ་བཞིན་གཤེགས་པའི་སྐྱེ་བ་དང་བྱུང་བ་བསྟན་པའི་ལེའུ།   ཤློོ་ཀ་སྟོང་ལྔ་བརྒྱ། བམ་པོ་ལྔ། ཞེ་བཞི་བ་འཇིག་རྟེན་ལས་འདས་པའི་ལེའུ་ཤློོ་ཀ་སུམ་སྟོང་སུམ་བརྒྱ། བམ་པོ་བཅུ་གཅིག ཞེ་ལྔ་བ་སྡོང་པོ་བཀོད་པ་འཕྲོས་དོན་དང་བཅས་པ་ལས་སྡོང་པོས་བརྒྱན་པའི་ལེའུ། ཤློོ་ཀ་བརྒྱད་སྟོང་བདུན་བརྒྱ། བམ་པོ་ཉི་ཤུ་རྩ་དགུ། ནོར་བཟང་གིས་ཀུན་ཏུ་བཟང་པོ་བསྟེན་ནས་བཟང་སྤྱོད་སྨོན་ལམ་གསུངས་པའི་མཐར་སྡོང་པོས་བརྒྱན་པའི་ཆོས་ཀྱི་རྣམ་གྲངས་ཆེན་པོ་ལས་ནོར་བཟང་གིས་དགེ་བའི་བཤེས་གཉེན་བསྟེན་པའི་སྤྱོད་པ་ཕྱོགས་གཅིག་པ་གསུངས་པ་ལ།   བམ་པོ་གཅིག་སྟེ། ཁྱོན་བསྡོམས་བམ་པོ་སུམ་ཅུ། འདི་རྣམས་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ལོ་ཆེན་བེེ་རོ་ཙྰ་ནས་ཞུས་ཆེན་མཛད་པར་བཤད་དོ། །

   འཁོར་ལོ་ཐ་མར་གཏོགས་པ། དཀོན་བརྩེགས་ལས། སྡོམ་གསུམ་བསྟན་པའི་ལེའུ་བམ་པོ་གསུམ་པ། ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་བཅད་ཀྱིས་བཅོམས་པ། གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་ལེའུ་བམ་པོ་བཅུ་དང་ལེའུ་ཉེར་ལྔ་བ་འགྱུར་སྔ་མ་དང་འདྲ་ཞིང་སྐད་གསར་བཅད་ཀྱིས་བཅོས་པ། རྨི་ལམ་་བསྟན་པའི་ལེའུ་ཤློོ་ཀ་དགུ་བརྒྱ་དང་བམ་པོ་གསུམ་པ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བཀོད་པའི་ལེའུ་བམ་པོ་ལྔ་དང་ལེའུ་ལྔ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དབྱེར་མེད་པར་བསྟན་པའི་ལེའུ་བམ་པོ་གཉིས་པ། འཕགས་པ་ཆོས་བཅུ་བའི་ལེའུ་བམ་པོ་གཉིས་པ་ཤློོ་ཀ་ལྔ་བཅུ་རྩ་གཅིག་པ། འཕགས་པ་ཀུན་ནས་སྒོའི་ལེའུ་བམ་པོ་གཅིག་པ་ཤློོ་ཀ་ཉིས་བརྒྱ་དྲུག་ཅུ་བ། འཇམ་དཔལ་གྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་བསྟན་པའི་ལེའུ་བམ་པོ་བཞི་བ་རྣམས་འགྱུར་གོང་དང་འདྲ་ཞིང་སྐད་གསར་བཅད་ཀྱིས་བཅོས་པ། ཡབ་སྲས་མཇལ་བ་དེ་ཁོ་ན་ངེས་པར་བསྟན་པའི་ལེའུ་བམ་པོ་བཅོ་ལྔ་བ་ལེའུ་ཉེར་དྲུག་ཤློོ་ཀ་བཞི་སྟོང་ལྔ་བརྒྱ་སྟེ་འགྱུར་སྔ་མ་དང་འདྲ་ཞིང་སྐད་གསར་བཅད་ཀྱིས་བཅོས་པ།   ཡུལ་འཁོར་སྐྱོང་གིས་ཞུས་པའི་ལེའུ་བམ་པོ་གསུམ་དང་ལེའུ་གཉིས་པ་འགྱུར་སྔ་མ་དང་འདྲ་ཞིང་སྐད་གསར་བཅད་ཀྱིས་བཅོས་པ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་ལེའུ་བམ་པོ་གསུམ་པ་ཤློོ་ཀ་དགུ་བརྒྱ་བ།   སྒྱུ་མ་མཁན་བཟང་པོ་ལུང་བསྟན་་པའི་ལེའུ་བམ་པོ་གཅིག་པ་ཤློོ་ཀ་བཞི་བརྒྱ་སུམ་ཅུ་པ། འཕགས་པ་ཆོ་འཕྲུལ་ཆེན་པོ་བསྟན་པའི་ལེའུ་བམ་པོ་གསུམ་པ་ཤློོ་ཀ་དགུ་བརྒྱ་བ། འཕགས་པ་བྱམས་པའི་སེང་གེའི་སྒྲ་ཆེན་པོ་བསྟན་པའི་ལེའུ་བམ་པོ་བཞི་བ་ཀློོ་ཀ་སྟོང་ཉིས་བརྒྱ་བ། འདུལ་བ་རྣམ་པར་གཏན་ལ་དབབ་པ་ཉེ་བར་འཁོར་གྱིས་ཞུས་པའི་ལེའུ་བམ་པོ་གཉིས་པ་ཤློོ་ཀ་དྲུག་བརྒྱ་བ། ལྷག་པའི་བསམ་པ་བསྐུལ་བའི་ལེའུ་བམ་པོ་གཉིས་པ་ཤློོ་ཀ་དྲུག་བརྒྱ་པ། འཕགས་པ་ལག་བཟང་གིས་ཞུས་པའི་ལེའུ་བམ་པོ་གཉིས་དང་ཤློོ་ཀ་བརྒྱ་རྩ་བརྒྱད་པ། དེས་པས་ཞུས་པའི་ལེའུ་བམ་པོ་གཅིག་པ་རྣམས་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར། ཁྱིམ་བདག་དཔལ་བྱིན་གྱིས་ཞུས་པའི་ལེའུ་བེམ་པོ་གཅིག་པ་འགྱུར་སྔར་དང་འདྲ་ལ་སྐད་གསར་བཅད་ཀྱིས་བཅོས་པ། བཏྶའི་རྒྱལ་བོ་འཆར་བྱེད་ཀྱིས་ཞུས་པའི་ལེའུ་བམ་པོ་གཅིག་པ་ཤློོ་ཀ་ཉིས་བརྒྱ་བ། བུ་མོ་བློ་གྲོས་བཟང་མོས་ཞུས་པའི་ལེའུ་བམ་པོ་ཕྱེད་ང་འགྱུར་གོང་དང་བཅུ་བ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། མྱ་ངན་མེད་ཀྱིས་བྱིན་པས་ཞུས་པ་ལུང་བསྟན་པའི་ལེའུ་བམ་པོ་གཅིག་པ་ཤློོ་ཀ་སུམ་བརྒྱ་བ།  དྲི་མ་མེད་ཀྱིས་བྱིན་པས་ཞུས་པའི་ལེའུ་བམ་པོ་ག ཉིས་པ་འགྱུར་གོང་དང་འདྲ་བ།   མེ་ཏོག་ཀུན་ཏུ་རྒྱས་པས་ཞུས་པའི་ལེའུ་ཤློོ་ཀ་བཞི་བརྒྱ་ལྔ་བཅུ་བ། ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར། སངས་རྒྱས་ཀྱི་ཡུལ་བསམ་གྱིས་མ་ཁྱབ་པ་བསྟན་པའི་ལེའུ་བམ་པོ་གཉིས་པ་་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། བློ་གྲོས་རབ་གནས་ཀྱིས་ཞུས་པའི་ལེའུ་བམ་པོ་བཞི་བ་ཤློོ་ཀ་སྟོང་ཉིས་བརྒྱ་བ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་པ། སེང་གེས་ཞུས་པའི་ལེའུ་ཤོ་ལོ་ཀ་དྲུག་ཅུ་བ་ཡེ་ཤེས་སྡེས་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་བཅོས་པ། སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་ཐབས་ལ་མཁས་པ་བྱང་ཆུབ་སེམས་དཔའ་ཡེ་ཤེས་དམ་པ་ཞུས་པས་ལེའུ་བམ་པོ་བཞི་བ་ཤློོ་ཀ་སྟོང་གཉིས་བརྒྱ་སུམ་ཅུ་བ་འགྱུར་གོང་དང་འདྲ་ལ་སྐད་གསར་བཅད་ཀྱིས་བཅོས་པ། ཚོང་དཔོན་བཟང་སྐྱོང་གིས་ཞུས་པའི་ལེའུ་བམ་པོ་གཉིས་པ།   བྱམས་པས་ཞུས་པའི་ལེའུ་བམ་པོ་གཅིག་པ་འགྱུར་གོང་དང་འདྲ། བྱམས་པ་ཆོསབརྒྱད་ཞུས་པའི་ལེའུ་བམ་པོ་ཕྱེད་པ་འགྱུར་གོང་དང་འདྲ་ལ་སྐད་གསར་བཅད་ཀྱིས་བཅོས་པ། འོད་སྲུང་གིས་ཞུས་པའི་ལེའུ་བམ་པོ་གསུམ་པ་ཤློོ་ཀ་དྲུག་བརྒྱ་བ་འགྱུར་གོང་དང་འདྲ་ལ་སྐད་གསར་བཅད་ཀྱིས་བཅོས་པ། རིན་པོ་ཆེའི་ཕུང་བོ་ལུང་བསྟན་པའི་ལེའུ་བམ་པོ་གཉིས་པ་ལེའུ་བདུན་དང་ཤློོ་ཀ་དྲུག་བརྒྱ་བདུན་ཅུ་བ། འགྱུར་གོང་དང་འདྲ། འཕགས་པ་བློ་གྲོས་མི་ཟད་པས་ཞུས་པའི་ལེའུ་བམ་པོ་གཅིག་དང་ཤློོ་ཀ་ཉིས་བརྒྱ་འགྱུར་གོང་དང་འདྲ་ལ་ལོ་ཙྰ་བ་ངྷ་རྨ་ཏྰ་ཤྰི་ལས་སྐད་གསར་བཅད་ཀྱིས་བཅོས་པ། འཕགས་པ་ཤེར་ཕྱིན་བདུན་བརྒྱ་བ་ལུང་བསྟན་པའི་ལེའུ་བམ་པོ་གཉིས་ པ་འགྱུར་གོང་དང་འདྲ་་ལ། འཕགས་པ་ལྷ་མོ་དཔལ་ཕྲེང་གིས་སེང་གེའི་སྒྲ་བསྟན་པའི་ལེའུ་བམ་པོ་གཉིས་པ་ཤློོ་ཀ་དྲུག་བརྒྱ་བ། འགྱུར་གོང་དང་འདྲ། དྲང་སྲོང་རྒྱས་པས་ཞུས་པའི་ལེའུ་བམ་པོ་གཉིས་པ་འགྱུར་གོང་དང་འདྲ་ལ་སྐད་གསར་བཅད་ཀྱིས་བཅོས་པ། །

Leave a Reply

Your email address will not be published. Required fields are marked *